མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༨ ཉིན་ནི་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་ཏེ་ལོ་ངོ་གཅིག་འཁོར་གྱི་ཡོད་པ་དང་བསྟུན། འཛམ་གླིང་ཡུལ་གྲུ་གང་སར་དམ་པ་ཁོང་ལ་རྣམ་པ་འདྲ་མིན་གྱི་ཐོག་ནས་རྗེས་དྲན་ཞུ་བཞིན་འདུག

༸གོང་ས་མཆོག་དབུ་བཞུགས་ཐོག་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་མཆོད་འབུམ་སྨོན་ལམ་འཚོགས། དགའ་ལྡན་ཕོ་བྲང་གི་༸སྐུ་པར།

དེ་རིང་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་ཀྱི་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་རྭའི་ནང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་འབྲས་སྤུངས་གྲྭ་ཚང་གི་བླ་སྤྲུལ་མཁན་པོ་རྣམས་ཀྱིས་དབུས་པའི་སྐྱབས་གནས་དགེ་འདུན་གྱི་སྡེ་དང་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་མི་མང་བཅས་འཛོམས་པའི་ཐོག་མཆོད་འབུལ་སྨོན་འཚོགས་ཡོད་པ་རེད།

བཞུགས་སྒར་དུ་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་རྗེས་དྲན་གྱི་དཔེ་དེབ་དབུ་འབྱེད་དང་མཁས་པའི་བགྲོ་གླེང་ཚོགས་པ། བོད་ཀྱི་དུས་བབ་ཀྱི་པར།

དེ་རིང་སྔ་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གསོལ་ཚིགས་ཁང་གི་ཡང་སྟེང་ཚོགས་ཁང་དུ་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་རྗེས་དྲན་གྱི་དཔེ་དེབ་གསར་པ་སྒང་པ་བོད་ཀྱི་རྒྱལ་གཅེས་དཔའ་བོ་ཆེན་པོ་ལྷ་སྲས་རྒྱལ་ལོ་དོན་གྲུབ་ཅེས་པ་དབུ་འབྱེད་དང་ཉིན་རྒྱབ་ཏུ་མཁས་པའི་བགྲོ་གླེང་གི་མཛད་རིམ་བཅས་འཚོགས་སོང་། མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་ཚབ་སྤྱི་ཟུར་དགེ་བཤེས་རོང་བོ་བློ་བཟང་སྙན་གྲགས་མཆོག་བཅས་ཕེབས་ཏེ། བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གི་མཛད་རྗེས་དང་འབྲེལ་བའི་གསུང་བཤད་གནང་སོང་བ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀྱང་བརྙན་ལམ་བརྒྱུད་རྗེས་དྲན་མཛད་སྒོ་དེར་གསུང་འཕྲིན་ཞིག་ཀྱང་གནང་འདུག་ལ། གཞན་ཡང་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཉིས་དང་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཁག་ཅིག དེ་བཞིན་བཞུགས་སྒར་གཡས་གཡོན་གྱི་སྐྱབས་གནས་དགེ་འདུན་གྱི་སྡེ་དང་ཉམས་ཞིབ་པ་དང་རྩོམ་པ་པོ། མི་མང་བཅས་འཛོམས་འདུག

བཞུགས་སྒར་དུ་གཞུང་འབྲེལ་མིན་པའི་ཚོགས་སྡེ་བཞི་ཡིས་མཆོད་འབུལ་སྨོན་ལམ་འཚོགས་པ།

དེ་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་གཙང་ཆོལ་ཁ་དང་མདོ་སྟོད་ཆོལ་ཁ། མདོ་སྨད་ཆོལ་ཁ། བོད་ཀྱི་བུད་མེད་ལྷན་ཚོགས་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་བཞིའི་གོ་སྒྲིག་འོག ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་དགོངས་རྫོགས་ལོ་མཆོད་མཆོད་འབུལ་སྨོན་ལམ་འཚོགས་སོང་། དེ་བཞིན། བྱེས་ཀྱི་གདན་ས་བླ་བྲང་བཀྲ་ཤིས་འཁྱིལ་དགེ་འདུན་འདུས་མང་ཡོངས་ནས་དམ་པ་ཁོང་ལ་རྗེས་དྲན་མཚོན་སླད་མཆོད་འབུལ་སྨོན་ལམ་འཚོགས་ཡོད།

ཟླ་འདིའི་ཕྱི་ཚེས་ ༧ ནས་ཉིན་གསུམ་རིང་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་འདུ་ཁང་འོག་ཏུ་དམ་པ་ཁོང་ལ་རྗེས་དྲན་སླད་༸གོང་ས་མཆོག་གི་མཛད་པ་བརྗོད་པའི་སྐུ་པར་འགྲེམས་སྟོན་ཞིག་གནང་མུས་ཡིན་པ་རེད་ལ། ༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་རྗེས་དྲན་གྱི་མཛད་རིམ་དེ་དག་འབྲས་སྤུངས་སྒོ་མང་གྲྭ་ཚང་དང་བཞུགས་སྒར་གོ་སྒྲིག་ཚོགས་ཆུང་། བོད་ཀྱི་སྒྲ་བསྒྱུར་ཉམས་ཞིབ་ཁང་བཅས་ཟུང་འབྲེལ་གྱིས་གཉེར་བཞིན་པ་ཞིག་ཡིན་འདུག གཞན་ཡང་། ཨ་རི་དང་ཡུ་རོབ་སོགས་སུའང་བོད་མི་མང་པོས་དམ་པ་ཁོང་ལ་རྗེས་དྲན་གྱི་མཆོད་འབུལ་སྨོན་ལམ་སོགས་འཚོགས་མུས་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཤེས་རིག་བཀའ་བློན་མཆོག་གིས་ལྷོ་བྱང་གི་བོད་མིའི་གཞིས་ཆགས་དང་སློབ་གྲྭ་ཁག་ཅིག་ཏུ་འཚམས་གཟིགས་གནང་།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

སྐུ་ཚབ་དོན་གཅོད་གཉིས་བསྐོ་གཞག་གནང་། 

ཆུ་ཚོད་ ༢༢ སྔོན་ལ།
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༣ པའི་མཐའ་མའི་བཅད་ཁྲ་བཏང་སོང་། 

༢༠༢༦/༡༠/༢༡
Photos: Official portraits, U.S. House of Representatives
Mobile App

ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེར་མཇལ་བཅར་ཞུས།

༢༠༢༦/༡༠/༢༡
བཀའ་ཤག་གི་གསར་འགོད་གསལ་བསྒྲགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥི་རི་ཁའི་དོན་གཅོད་ཁང་གི་གནད་དོན་ཁྲིམས་ཐོག་ནས་སེལ་བའི་རེ་སྐུལ་གནང་འདུག

༢༠༢༦/༡༠/༢༡
CFOTO/Future Publishing via Getty Images
Mobile App

ཨ་རིས་རྒྱ་ནག་གི་བཅོས་མའི་རིག་ནུས་ཌིབ་སིག་བཀག་སྡོམ་བྱས།

༢༠༢༦/༡༠/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese