མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་མགོ་འཁྲིད་གཉིས་ལ་ཞིབ་བཤེར་བྱེད་ཀྱིན་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཀྲང་ཡུ་ཤཱ་(zhang youxia) དང་དབུས་དམག་དོན་མཉམ་འབྲེལ་སློབ་སྟོན་ཁང་གི་འགན་འཛིན་ལུའུ་ཀྲིན་ལི་(Liu Zhenli)གཉིས་ལ་ཞིབ་བཤེར་བྱེད་བཞིན་ཡོད་འདུག

རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཀྲང་ཡུ་ཤཱ་(zhang youxia) དང་དབུས་དམག་དོན་མཉམ་འབྲེལ་སློབ་སྟོན་ཁང་གི་འགན་འཛིན་ལུའུ་ཀྲིན་ལི་(Liu Zhenli)གཉིས་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པ་རེད།

ཁ་སང་རྒྱ་ནག་གཞུང་གིས་གནས་ཚུལ་བསྒྲགས་པ་ལྟར་ན།  རྒྱ་ནག་གཞུང་གིས་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དང་། རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགན་འཛིན་གཞིན་པ་ཀྲང་ཡུ་ཤཱ་(zhang youxia) དང་། རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་རྒྱུན་ལས་དང་། རྒྱ་ནག་དབུས་དམག་དོན་མཉམ་འབྲེལ་སློབ་སྟོན་ཁང་གི་འགན་འཛིན་ལུའུ་ཀྲིན་ལི་(Liu Zhenli) གཉིས་ཁྲིམས་སྒྲིག་དང་ཚབས་ཆེན་འགལ་བའི་ནག་ཉེས་འོག་ཞིབ་བཤེར་བྱེད་བཞིན་ཡོད་འདུག

དམག་དཔོན་དེ་གཉིས་ཀྱི་གནད་དོན་ལ་རྒྱ་ནག་དབུས་སྲིད་གཞུང་གིས་ཞིབ་འཇུག་བྱས་པ་བརྒྱུད། ཞིབ་བཤེར་བྱ་རྒྱུའི་ཐག་གཅོད་བྱས་ཡོད་སྐོར་བསྒྲགས་འདུག་ལ། བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་རྒྱ་ནག་དམར་ཤོག་ཚོགས་པ་དང་། དམར་ཤོག་གཞུང་ལ་ཡིད་ཆེས་དང་རེ་བ་བརླགས་ཤིང་། ཀྲུང་དབྱང་དམག་ལྷན་གྱི་འགན་འཁུར་ལམ་ལུགས་ལ་གཏོར་བརླག་དང་ཉམས་དམས་ཚབས་ཆེན་བཏང་བ། རྒྱ་ནག་གི་དམག་སྲིད་ལ་གནོད་འཚེ་དང་འཇིགས་སྐུལ་ཚབས་ཆེན་བཟོས་བ།  རྒྱ་ནག་དམག་སྲིད་ལྷན་ཁང་གི་སྣང་བརྙན་དང་གཟི་བརྗིད་ལ་གནོད་སྐྱོན་ཚབས་ཆེན་བཏང་བ། དཔོན་དམག་གི་མཐུན་སྒྲིལ་དང་ཡར་རྒྱས་ཀྱི་ཆབ་སྲིད་དང་བསམ་བློའི་རྨང་གཞི་ལ་གཏིང་ཟབ་པའི་ཤུགས་རྐྱེན་ངན་པ་ཐེབས་པ། དམག་དཔུང་གི་ཆབ་སྲིད་འཛུགས་སྐྲུན་དང་། འཐབ་འཛིང་ནུས་པ་བཅས་ལ་གནོད་འཚེ་ཚབས་ཆེན་བཟོས་པ་མ་ཟད།དམར་ཤོག་ཚོགས་པ་དང་། རྒྱལ་ཁབ། དམག་དཔུང་བཅས་ལ་ཤུགས་རྐྱེན་ངན་པ་ཧ་ཅང་ཆེན་པོ་ཐེབས་ཡོད་ལུགས་བསྒྲགས་འདུག 

ཡང་རྒྱ་ནག་གཞུང་གིས་ཀྲང་ཡུ་ཤཱ་དང་ལུའུ་ཀྲན་ལི་གཉིས་ལ་ཆད་པ་གཅོད་པ་དང་ཉེས་ཆད་གཅད་རྒྱུ་ནི་སྲིད་དབང་གི་གནས་སྟངས་ལེགས་སྒྲིག་བྱེད་པ་དང་། བསམ་བློའི་དུག་རྒྱུན་དང་སྤྱོད་ཚུལ་ངན་པ་སེལ་བ། རུལ་སུངས་སེལ་བ། ཆབ་སྲིད་ཀྱི་དག་ཐེར་གྱི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། མི་མང་དམག་དཔུང་ལ་སྐུལ་འདེད་གཏོང་བ། དམག་དཔུང་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་འཕེལ་རྒྱས་ལ་ནུས་པ་ཆེན་པོ་འདོན་དགོས་ངེས་ཀྱི་དོན་སྙིང་གལ་ཆེན་ལྡན་ཚུལ་སོགས་བསྒྲགས་འདུག 

རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགན་འཛིན་གཞིན་པ་ཀྲང་ཡུ་ཤཱ་(zhang youxia) ནི། ཕྱི་ལོ་ ༡༩༦༨ ལོར་དམག་དཔུང་ནང་ཞུགས་ཏེ། ཕྱི་ལོ་༡༩༧༩ ལོའི་རྒྱ་ནག་དང་ཝེ་ཐི་ནམ་གྱི་དམག་འཁྲུག་དང་། ཕྱི་ལོ་ ༡༩༨༤ ལོའི་ལའོ་ཧྲན་གྱི་དམག་འཁྲུག་ནང་མཉམ་ཞུགས་བྱས་པས་རྒྱ་ནག་གི་ཞབས་ཞུ་དམག་སྤྱི་ཉུང་ཤས་ཤིག་གི་གྲས་སུ་དམག་འཁྲུག་གི་ཉམས་མྱོང་ཡོད་པ་ཞིག་དང་། ཕྱི་ལོ་ ༢༠༠༠ ལོར་ཁོང་དམག་དཔུང་ཨང་༡༣ པའི་དམག་སྤྱིར་གྱུར། ཕྱི་ལོ་༢༠༠༥ ལོར་པེ་ཅིང་དམག་ཁུལ་གྱི་དམག་སྤྱི་གཞོན་པར་གྱུར། ཕྱི་ལོ་༢༠༠༧ ལོར་ཁོང་ཧྲེན་ཡང་དམག་ཁུལ་གྱི་དམག་སྤྱིར་བསྐོ་གཞག་བྱས་པ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ལྷན་ཁང་གི་ཚོགས་མིར་གྱུར། ཕྱི་ལོ་ ༢༠༡༡ ལོར་དམག་སྤྱིར་བསྐོ་གཞག་བྱས། ཕྱི་ལོ་༢༠༡༢ ལོར་སྔོན་ཆད་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་གོ་མཚོན་ལས་ཁུངས་ཀྱི་མགོ་ཁྲིད་བྱས་ཡོད་ཅིང་། ཕྱི་ལོན ༢༠༡༦ ལོར་ཀྲུང་དམག་ཨུ་ཡོན་ལྷན་ཁང་གི་གོ་མཚོན་འཕེལ་རྒྱས་སྡེ་ཚན་གྱི་མགོ་ཁྲིད་བྱས། ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཅུས་ཀྱི་ཚོགས་མིར་གྱུར་པ་དང་། ཀྲུང་དམག་ཨུ་ཡོན་ལྷན་ཁང་གི་མགོ་གཙོ་གཞོན་པ་ཨང་གཉིས་པར་གྱུར། ༢༠༢༢ ལོར་ཀྲུང་དམག་ཨུ་ཡོན་ལྷན་ཁང་གི་མགོགཙོ་གཞོན་པ་ཨང་དང་པོར་གྱུར།

གསར་འགོད་པ། དཔལ་ལྡན།  རྩོམ་སྒྲིག་བྱེད་མཁན། པདྨ་མཚོ། 

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣
Mobile App

ངས་སྲས་མོ་ཁོང་ལ་འོས་འཕེན་དགོས་དོན།

༢༠༢༦/༠༢/༡༣
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

ཉིན་གྲངས་ ༩༠ ཡི་བོད་དོན་སྦག་སྦག་སྐོར་སྐྱོད་མོན་གྷོ་གཞིས་ཆགས་སུ་འབྱོར།

༢༠༢༦/༠༢/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese