མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

འཁོར་སྐར་བརྒྱུད་ཞིབ་འཇུག་བྱས་ཏེ་བོད་དང་ཧི་མ་ལ་ཡའི་ཁུལ་དུ་ས་འོག་གི་ཆུ་ཉུང་དུ་འགྲོ་ཡི་ཡོད་པ་གསལ་སྟོན་བྱས་འདུག

Satellite data reveals long-term groundwater decline in Himalaya and Tibet region

ཁ་སང་ཕྱི་ཚེས་ ༤ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང་། ཉེ་བའི་ལོ་ཤས་ནང་བོད་དང་ཧི་མ་ལ་ཡའི་ཁུལ་དུ་ས་འོག་གི་ཆུ་རིམ་གྱིས་ཉུང་དུ་འགྲོ་བཞིན་ཡོད་པ་མ་ཟད། བོད་ནི་ཨེ་ཤ་ཡའི་ཁུལ་གྱི་ཆུའི་འབྱུང་ཁུངས་གཙོ་བོ་ཞིག་ཡིན་ཡང་། མི་མང་པོས་གནད་དོན་དེའི་ཐོག་དོ་སྣང་བྱེད་ཀྱི་མེད་པ་དང་། དེའི་སྐོར་གླེང་སློང་བྱེད་ཀྱི་མེད་པ་རེད། ཕྱི་ལོ་ ༢༠༠༣ ནས་ ༢༠༢༠ བར་ཞིབ་འཇུག་བྱས་པ་བརྒྱུད། ས་འོག་གི་ཆུ་དེ་གསུམ་ཆ་གཉིས་ཙམ་ཉུང་དུ་ཕྱིན་ཡོད་པ་དང་། འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ལ་འཐུང་ཆུའི་དཀའ་ངལ་དང་། ཞིང་པ་སོགས་ལ་ཆུའི་དཀའ་ངལ་ཤུགས་ཆེན་པོ་འཕྲད་བཞིན་ཡོད་པ་གསལ་སྟོན་བྱས་འདུག

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་ཡུན་རིང་གནས་མིན་ཐད་དབྱེ་ཞིབ་བྱས་པའི་ནང་། འདས་པའི་ལོ་བཅུ་ཕྲག་གཉིས་རིང་ཨེ་ཤ་ཡའི་ཁུལ་གྱི་ཆུ་དེ་དག་འགྱུར་བ་ཇི་ལྟར་འགྲོ་བཞིན་ཡོད་མེད་ལ་ལྟ་ཞིབ་བྱས་ཡོད་འདུག་ལ། ཞིབ་འཇུག་པ་ཁག་ཅིག་གིས་བཅོས་མའི་རིག་རྩལ་དང་འཁོར་སྐར་བརྒྱུད་ཞིབ་འཇུག་བྱས་ཏེ། གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འཛམ་གླིང་ཚ་དྲོད་རྒྱས་པའི་རྐྱེན་གྱིས། ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་དང་། ལོ་ལྟར་ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་ཊོན་ (tonnes) ཐེར་འབུམ་ ༢༤ ཙམ་གྱོང་གུན་ཐེབས་བཞིན་ཡོད་པར་བརྟེན། མི་གྲངས་ས་ཡ་མང་པོར་ཆུའི་དཀའ་ངལ་འཕྲད་ཉེན་ཡོད་པ་དང་ཆུའི་བདེ་འཇགས་ལ་ཉེན་ཁ་ཡོད་པ་གསལ་སྟོན་བྱས་འདུག

དེང་སྐབས་འཛམ་གླིང་གི་གནམ་གཤིས་ཆེད་མཁས་པ་དག་གིས། རྒྱ་ནག་གཞུང་གིས་བོད་ནང་གི་གཙང་པོ་དག་ལ་ཆུ་མཛོད་དང་། གློག་འདོན་ས་ཚིགས་སོགས་གསར་རྒྱག་གི་ལས་གཞི་མང་དག་ཅིག་སྤེལ་བར་བརྟེན། འཛམ་གླིང་གི་སྣེ་མོ་གསུམ་པར་འབོད་པའི་བོད་ཀྱི་གངས་རི་དང་འཁྱགས་རོམ་གྱི་ཞུ་ཚད་ཇེ་མགྱོགས་སུ་འགྲོ་མུས་དང་། བོད་ནང་ཆུ་ལོག་གཙོས་རང་བྱུང་ཁོར་ཡུག་ལ་འཇིག་པ་མང་དག་ཅིག་བྱུང་དང་འབྱུང་མུས་ཡིན་པའི་ཁར། བོད་ཀྱི་གཙང་པོ་དག་ནི་རྒྱ་གར་གཙོས་ཨེ་ཤ་ཡའི་ལྷོ་རྒྱུད་རྒྱལ་ཁབ་དག་གི་ཆག་འཇིག་ལ་འབྲེལ་ལམ་ཟབ་པོ་ཡོད་པའི་ཐད་གླེང་སློང་ཤུགས་ཆེན་གནང་གི་ཡོད།

བོད་ནི་འཛམ་གླིང་གི་གཙང་པོ་ཆེ་ཁག་གི་མགོ་ཁུངས་དང་སྣེ་མོ་གསུམ་པ་རུ་འབོད་ཀྱིན་ཡོད་ཀྱང་། འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་བོད་ནང་གི་ས་གནས་མང་དག་ཅིག་ཏུ་ཆུ་རགས་གསར་རྒྱག་དང་། འཛུགས་སྐྲུན་གྱི་ལས་གཞི་མང་དག་ཅིག་སྤེལ་བར་བརྟེན། བོད་ནང་དུ་ཚ་དྲོད་འཕེལ་ནས། གངས་རི་དང་འཁྱག་རོམ་མགྱོགས་པོ་ཞུ་ཡི་ཡོད་པ་མ་ཟད། ད་ལྟ་བོད་ནང་དུ་ཚ་ཚད་ལྡབ་འགྱུར་གྱིས་འཕར་གྱིན་ཡོད་སྟབས། བོད་ཀྱི་འཁྱག་རོམ་ཞུ་བ་དང་ཚ་ཚད་འཕར་བ་དེས། འཛམ་གླིང་ཁྱོན་ཡོངས་ཀྱི་ཚ་ཚད་འཕར་ཉེན་ཡོད་པ་མ་ཟད། ལྷག་པར་ཨེ་ཤ་ཡ་དང་ཁྱིམ་མཚེས་རྒྱལ་ཁབ་སོགས་སུའང་ཆུའི་གནོད་འཚེ་ཡོང་ཉེན་ཡོད་འདུག  དེ་བཞིན་རྒྱ་ནག་གཞུང་གིས་བོད་ཀྱི་གཙང་བོ་དང་རྒྱུག་ཆུ་ཁ་བསྒྱུར་དང་ཆུ་རགས་གསར་རྒྱག་སོགས་བྱས་པ་དེས། རྒྱ་གར་གཙོས་ཨེ་ཤ་ཡའི་ལྷོ་རྒྱུད་དུ་ཆགས་པའི་རྒྱལ་ཁབ་ཁག་གི་མི་གྲངས་དུང་ཕྱུར་ ༡།༣ ཀྱི་ཚེ་སྲོག་དང་འཚོ་གནས་ལ་གནོད་འཚེ་ཐེབས་ཀྱི་ཡོད། ཕྱི་ལོ་ ༢༠༢༣ ལོར་རྒྱ་གར་ནུབ་བྱང་གི་ཐར་བྱེ་ཐང་ཆེན་མོ་དང་ཡུ་གུར་གྱི་ཊག་ལ་མ་ཀན་བྱེ་ཐང་གཉིས་ཀྱི་ས་བབ་ཆགས་ཚུལ་དང་ནུབ་ཕྱོགས་ནས་ལྡང་བའི་རླུང་བུས་དེད་པའི་ཐལ་རྡུལ་དག་བོད་མཐོ་སྒང་གི་འཁྱག་རོམ་ངོས་སུ་འབྱར་བ་དེས། འཁྱག་རོམ་ལ་གནོད་འཚེ་ཐེབས་ནས་ཞུ་ཚད་ཇེ་མགྱོགས་དང་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་ལའང་འགྱུར་བ་ཆེན་པོ་ཐེབས་ཉེན་ཡོད་པ་ཤེས་རྟོགས་བྱུང་ཡོད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

ཆུ་ཚོད་ ༡༧ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

ཆུ་ཚོད་ ༡༨ སྔོན་ལ།
ཆོས་རིག་བཀའ་བློན་མཆོག་གིས་འཚམས་གཟིགས་གནང་བཞིན་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཆོས་རིག་བཀའ་བློན་གྱི་རྒྱ་གར་བྱང་ཤར་ཁུལ་གྱི་འཚམས་གཟིགས་ཐེངས་དང་པོ་ལེགས་པར་གྲུབ།

ཆུ་ཚོད་ ༡༨ སྔོན་ལ།
Russian President Vladimir Putin and Chinese President Xi Jinping  in Bishkek, Kyrgyzstan, on Monday. | SPUTNIK / VIA REUTERS
གསར་འགྱུར།

ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཐོག་ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཐུག

ཆུ་ཚོད་ ༡༨ སྔོན་ལ།
མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

༢༠༢༦/༠༨/༣༡
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་འཚོག་མགོ་བཙུགས།

༢༠༢༦/༠༨/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese