རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་ བཏང་བའི་ཉེས་མིང་འོག་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ ལགས་སུ་མི་ལོ་ཉི་ཤུ་ཡི་བཙོན་འཇུ ག་ཁྲིམས་ཐག་བཅད་འདུག
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices་ on June 16 2020 in Hong Kong. (Photo by Anthony WALLACE / AFP)
དེ་རིང་ཕྱི་ཚེས་ ༩ ཉིན་རྒྱ་ནག་གཞུང་གིས་ཧོང་ཀོང་གི ་ཀུ་ཤུ་ཉིན་རེའི་གསར་ཁང་གསར་འཛུ གས་གནང་མཁན་དམངས་གཙོ་དོན་གཉེར་ བ་ཇི་མི་ལའེ་ (Jimmy Lai ) ལགས་ཁྲིམས་མཐུན་མ་ཡིན་པའི་འདུ་འཛོ མས་ལ་མཉམ་ཞུགས་བྱས་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་ འཚེ་བཏང་བའི་ཉེས་མིང་འོག་མི་ལོ་ཉི་ཤུ་ཡི་བཙོན་འཇུག་ཁྲི མས་ཐག་བཅད་ཡོད་འདུག
གནད་དོན་དེའི་ཐད་རྒྱ་ནག་གི་ དམངས་གཙོ་དོན་གཉེར་བ་རྣམས་དང་ གཞུང་སྒེར་མང་པོ་ཞིག་གིས་ངོ་རྒོ ལ་བྱེད་ཀྱི་ཡོད་ཅིང་། དབྱིན་ཡུལ་དུ་གནས་སྡོད་སྐུ་ཞབས་ ཇི་མི་ལའེ་ཡི་བུ་སི་བྷེ་སི་ཊན་( Sebastien )ལགས་ཀྱིས། སྐུ་ཞབས་ཇི་མི་ལའེ་ལགས་ཀྱིས་ཧོང་ཀོང་ ནང་གི་རང་དབང་སྲུང་སྐྱོབ་ཀྱི་ ལས་དོན་ལ་གཞོལ་ནས་ཉེས་ཆད་བཅད་པ་ ཞིག་རེད། རང་དབང་དང་རང་གི་རྒྱལ་ཁབ་ཀྱི་ཆེ ད་དུ་ལེགས་སྐྱེས་མང་པོ་ཕུལ་བའི་ སྐྱེས་པ་ཞིག་ལ་ཁོ་རང་ཉིད་ཀྱི་རང་དབང་གི་ཆ་ཤས་ ཤིག་ཐོབ་འོས་པ་རེད། ཅེས་བརྗོད་འདུག་ལ། ཇི་མི་ལའེ་ལགས་ཀྱིས་དེ་སྔོན་ནེའུ་ཡོག་དུས་ བབ་ཀྱི་བཅར་འདྲི་ཞིག་ནང་། གཞུང་གིས་ངའི་བློ་སྟོབས་ལ་དགའ་ བོ་བྱེད་ཀྱི་ཡོད་པ་མ་རེད། ཁོ་ཚོས་ང་རྙོག་དྲ་བཟོ་མཁན་ཞིག་ ཏུ་མཐོང་གི་ཡོད། ཅེས་བརྗོད་ཡོད་པ་རེད།
ཕྱི་ལོ་ ༡༩༩༧ ལོར་དབྱིན་གཞུང་གིས་རྒྱལ་ཁབ་གཅི ག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ འོག་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོ ད་བྱས་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་གིས་ཧོང་ ཀོང་གི་གཞི་རྩའི་ཁྲིམས་ཀྱི་དགོ ངས་དོན་ལྟར་ཧོང་ཀོང་ནང་སྨྲ་བརྗོ ད་རང་དབང་དང་འདུ་འཛོམས་རང་དབང་ སོགས་ཁག་ཐེག་བྱས་ཡོད་པ་རེད། ཕྱི་ལོ་ ༢༠༡༩ ལོར་ཧོང་ཀོང་གཞུང་གིས་རྒྱ་ནག་སྐ མ་ས་དང་མཉམ་དུ་ཉེས་ཅན་རྩིས་སྤྲོ ད་ཀྱི་ཁྲིམས་གཏན་འབེབ་བྱ་རྩིས་ བྱས་པ་ལ་བརྟེན་ནས། དམངས་གཙོ་དོན་གཉེར་བས་སྣེ་ཁྲིད་ པའི་གཞུང་རྒོལ་གྱི་ལས་འགུལ་ཤུ གས་ཆེན་བྱུང་ཡོད་པ་དང་། ལས་འགུལ་ཁྲོད་དྲག་པོའི་དོན་རྐྱེ ན་ཡང་བྱུང་ཡོད་སྟབས། ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གཞུང་གིས་ཧོང་ཀོང་གི ་དམངས་གཙོ་དོན་གཉེར་བར་དམིགས་ཏེ ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཞེ ས་པ་ཞིག་གཏན་འབེབ་བྱས་ཏེ། རྒྱལ་ཁབ་ཁ་བྲལ་དང་མགོ་རྟིང་སློ ག་པ། གྱེན་ལོག་གིས་མཚོན་པའི་བདེ་སྲུ ང་ལ་གནོད་པའི་བྱ་སྤྱོད་ཁག་བཀག་ འགོག་བྱེད་པར་ཁ་གཡར་ཏེ་ཧོང་ཀོང་ གི་ལས་འགུལ་བ་ཚོ་འཛིན་བཟུང་བྱས་ པ་དང་། གྲོས་ཚོགས་འཐུས་མི་དམངས་གཙོ་དོ ན་གཉེར་ཅན་ཕྱིར་ཕུད་བཏང་བ་སོགས་ བྱས་ཡོད་པ་རེད། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ གཏན་འབེབ་བྱེད་སྐབས་ཉུང་མཐར་མི་གྲངས་ ༣༠༠ ལྷག་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་ཡོད་པ་དང་། ཀུ་ཤུ་ཉིན་རེའི་ཚགས་པར་ཁང་གཙོས་ པའི་རང་དབང་གི་གསར་འགོད་པ་དང་རྩོམ་པ་པོ། ལས་འགུལ་བ་མང་པོ་འཛིན་བཟུང་བྱས་པ་དང་། ཁག་ཅིག་བཙན་བྱོལ་དུ་འགྲོ་དགོས་བྱུང་ཡོད་པ་རེད།
ཇི་མི་ལའེ་ནི་ཕྱི་ལོ་ ༡༩༤༧ ལོར་རྒྱ་ནག་ཀང་ཏུང་ཞིང་ཆེན་ཀོང་ ཀྲུའུ་གྲོང་ཁྱེར་གྱི་ཚོང་པའི་ཁྱི མ་ཚང་ཞིག་ཏུ་སྐྱེས་ཡོད་ཅིང་། ལོ་ ༡༢ སྟེང་གྲུ་གཟིངས་ཤིག་ནང་བསྡད་དེ་ཧོ ང་ཀོང་དུ་ཕེབས། ཕྱི་ལོ་ ༡༩༨༡ ཨེ་ཤ་ཡ་ཇི་ཨོར་ཌ་ནོ་(Giordano)ཆ ས་བཟོ་ཚོང་ཁང་གསར་འཛུགས་བྱས་ཏེ། རྒྱལ་ཁབ་ ༣༠ ལྷག་གི་ནང་ཚོང་ཁང་ ༢༤༠༠ དང་ལས་བཟོ་བ་༨༠༠༠ ལྷག་ཡོད་འདུག ཁོང་ནི་དུས་རྒྱུན་རྒྱ་ནག་གཞུང་ གི་སྲིད་ཇུས་ལ་སྐྱོན་བརྗོད་ཤུགས་ཆེན་གནང་མཁན་ཞིག་དང་། ཀུ་ཤུ་ཉིན་རེའི་ཚགས་པར་ཁང་གསར་ འཛུགས་གནང་མཁན། རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཆེ ན་པོ་ཡོད་པའི་ཧོང་ཀོང་གི་དམངས་ གཙོ་དོན་གཉེར་བའི་མི་སྣ་ཞིག་ཡི ན་ཞིང་། ཕྱི་ལོ་ ༢༠༢༠ ཟླ་ ༨ པའི་ནང་ཧོང་ཀོང་གི་ཉེན་རྟོག་པས་ འཛིན་བཟུང་བྱས་ཏེ་ཕྱིའི་རྒྱལ་ ཁབ་དང་ངན་འབྲེལ་བྱས་པ་དང་། ཁྲིམས་མཐུན་མ་ཡིན་པའི་འདུ་འཛོ མས་ནང་ཞུགས་པ་སོགས་ཀྱི་ཉེས་མིང་ འོག་བཙོན་འཇུག་བྱས་ཡོད་པ་རེད།
སྤྱིར་ཀུ་ཤུ་ཉིན་རེའི་གསར་ཁང་ཅེ ས་པ་དེ་ནི་ཧོང་ཀོང་ནང་གི་དམངས་ གཙོ་དོན་གཉེར་བའི་གསར་ཤོག་ཆེ་གྲ ས་ཤིག་ཡིན་པ་མ་ཟད། དུས་རྒྱུན་རྒྱ་ནག་དང་ཧོང་ཀོང་གི ་མགོ་འཁྲིད་རྣམས་ལ་སྐྱོན་བརྗོད་ ཤུགས་ཆེན་བྱེད་མཁན་ཞིག་ཡིན་འདུག སྐུ་ཞབས་ཇི་མི་ལའེ་ལྟ་བུར་མཚོ ན་ན། ཕྱི་ལོ་ ༢༠༡༤ ལོའི་ཆར་གདུགས་གསར་བརྗེའི་སྐབས་ མངོན་གསལ་དོད་པོས་ལས་འགུལ་ནང་ཞུ གས་ཏེ་གཞུང་ལ་ངོ་རྒོལ་གྱི་གཏམ་ བཤད་གནང་ཡོད་པ་དང་། ཕྱི་ལོ ༢༠༡༩ ཟླ་ ༦ པའི་ནང་ནས་བཟུང་བྱུང་བའི་ཧོང་ཀོ ང་གི་དོགས་ཡོད་ཉེས་ཅན་རྩིས་སྤྲོ ད་ཀྱི་ཁྲིམས་རྒོལ་ལས་འགུལ་ལ་རྒྱ བ་སྐྱོར་ཤུགས་ཆེན་བྱེད་མཁན་ཞིག་ ཡིན་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།