མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉིན་གྲངས་ ༩༠ ཡི་བོད་དོན་སྦག་སྦག་སྐོར་སྐྱོད་མོན་གྷོ་གཞིས་ཆགས་སུ་འབྱོར།

བོད་ཀྱི་དུས་བབ།
༢༠༢༦/༠༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་སྦག་སྦག་སྐོར་སྐྱོད་པ་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་ཁོང་གི་ལས་འགུལ་དེས་བོད་པ་གཞོན་སྐྱེས་རྣམས་ལ་མིག་དཔེར་འོས་པའི་འཐབ་རྩོད་ཀྱི་ལས་དོན་ཞིག་ཆགས་རྒྱུའི་རེ་བ་བྱེད་བཞིན་ཡོད་ཅེས་བརྗོད་བྱུང་།

བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།

དེ་རིང་ཕྱི་ཚེས་ ༡༢ ཉིན་བོད་དོན་སྦག་སྦག་སྐོར་སྐྱོད་པ་འཇམ་དབྱངས་བསྟན་འཛིན་ལགས་དང་། སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་མོན་གྷོ་ནས་གྷོ་ཝ་ (Goa) ཕྱོགས་སུ་སྦག་སྦག་སྐོར་སྐྱོད་གནང་བཞིན་འདུག་ལ།  ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཁོང་གཉིས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ནང་འབྱོར་སྐབས་ས་གནས་ཚོགས་པ་ཁག་དང་སེར་སྐྱ་མི་མང་གིས་ཕེབས་བསུ་གནང་ཡོད་འདུག

འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༩ ཉིན་དྷ་རམ་ས་ལ་ནས་སྦག་སྦག་སྐོར་སྐྱོད་མགོ་འཛུགས་བྱས་ཡོད་ཅིང་། དྷ་ས་ནས་སྒང་ཏོག་ཏུ་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པའི་སྐབས། ལམ་བར་དུ་སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་སྦག་སྦག་བརྡབ་སྐྱོན་ཤོར་ཏེ་སྨན་ཁང་དུ་བསྟེན་གཏུག་བྱས་ནས་ཉིན་གྲངས་བཅུའི་རིང་ངལ་གསོ་རྒྱག་སྟེ། ཉིན་གྲངས་བཅུའི་རིང་བོད་དོན་ལས་འགུལ་བ་འཇམ་དབྱངས་ལགས་དང་། ཀ་ལིམ་སྤོང་གི་གཞོན་ནུའི་ཚོགས་མི་བསྟན་འཛིན་འཇམ་དཔལ་རྣམ་གཉིས་ཀྱིས་ཨ་རུ་ན་ཅལ་དང་ཨ་སམ་ཁུལ་དུ་སྦག་སྦག་སྐོར་སྐྱོད་གནང་ཡོད་འདུག དེ་རྗེས་བློ་གྲོས་དཔལ་ལྡན་ལགས་དྲག་སྐྱེད་བྱུང་སྟེ་ས་ལུ་གྷར་ནས་ལས་འགུལ་མུ་མཐུད་སྤེལ་བཞིན་འདུག ད་བར་རྒྱ་གར་གྱི་མངའ་སྡེ་ ༡༦ ནང་སྐོར་སྐྱོད་བྱས་ཟིན་པ་དང་། མུ་མཐུད་རྒྱ་གར་གྱི་མངའ་སྡེ་ ༥ དང་རང་སྐྱོང་ས་ཚིགས་ (Union Territory) ༢ ཀྱི་ནང་དུ་སྐོར་སྐྱོད་གནང་རྒྱུ་ཡིན་འདུག་ལ། འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ལས་འགུལ་མཇུག་བསྒྲིལ་རྒྱུ་ཡིན་འདུག

འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་འདི་གའི་གསར་འགོད་པར། རང་མི་རིགས་ཀྱི་བློ་གསར་གཞོན་སྐྱེས་རྣམས་ལ་མི་རིགས་ཀྱི་འཐབ་རྩོད་ཐད་བློ་དཀར་ཞུམ་མེད་ཀྱིས་ཞབས་ཕྱི་སྒྲུབ་དགོས་གལ་སོགས་ཀྱི་བློ་སྐྱེད་དང་སེམས་ཤུགས་སྤར་རྒྱུ་མ་ཟད། ལས་འགུལ་འདི་ཁོང་རྣམ་པར་མིག་དཔེར་འོས་པའི་འཐབ་རྩོད་ཀྱི་ལས་དོན་ཞིག་ཆགས་རྒྱུར་རེ་བ་ཞུ་བཞིན་ཡོད། ང་ཚོས་བོད་དོན་ལས་འགུལ་སྤེལ་རྒྱུ་ཉམས་ཆག་འགྲོ་མུས་ཡིན་པར་བརྟེན། དེ་སླར་གསོ་ཡོང་བའི་རེ་བ་དང་གཞོན་སྐྱེས་རྣམས་ཀྱིས་བོད་དོན་ལས་འགུལ་གང་མང་སྤེལ་རྒྱུའི་རེ་བ་ཞུ་ཡི་ཡོད། བོད་མི་ཡོངས་ལ་མི་ཡུལ་ག་ཚོད་སྐྱིད་ཀྱང་། རང་ཡུལ་ནམ་ཡང་མ་བརྗེད་ཞུ་རྒྱུ་དང་། བོད་མི་རྣམས་ཆོལ་ཁ་ཆོས་ལུགས་ལོགས་སུ་དབྱེ་མི་དགོས་པར་ཚང་མས་གཅིག་སྒྲིལ་གྱིས་སོ་སོའི་རྒྱལ་ཁབ་ཀྱི་ཆེད་དུ་ལས་འགུལ་སྤེལ་ཐུབ་པའི་རེ་བ་ཆེན་པོ་ཡོད། ཅེས་དང་། རྒྱ་གར་བ་རྣམས་ལ་བོད་དོན་དྲིལ་བསྒྲགས་དང་བོད་ཀྱི་གནད་དོན་གལ་གནད་སོགས་ཀྱི་ཐད་གོ་རྟོགས་སྤེལ་རྒྱུ་ཡིན། དེ་ཡང་གཙོ་བོ་ད་ལྟའི་ཆར་རྒྱ་གཞུང་གིས་བོད་ནང་གི་ཤེས་རིག་སློབ་གཉེར་ཁང་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་བཙན་གྱིས་སྒོ་བརྒྱབ་ཏུ་བཅུག་སྟེ་བོད་ཀྱི་ངོ་བོ་མཚོན་པའི་སྐད་དང་ཡི་གེ ཡུལ་སྲོལ་གོམས་གཤིས་སོགས་རྩ་མེད་བཟོ་ཐབས་ཀྱི་ཛ་དྲག་གི་གནས་སྟངས་སྐོར་གོ་རྟོགས་སྤེལ་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།

འཇམ་དབྱངས་བསྟན་འཛིན་ལགས་དང་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་ཆ་དྷི་སི་གྷར་གྱི་སྤྱི་ཁྱབ་བློན་ཆེན་ཟུར་པ་ར་མན་སིངྒ་ (Raman Singh) དང་ཐུག་འཕྲད་གནང་བ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།

བློ་གྲོས་དཔལ་ལྡན་ལགས་ཀྱིས་འདི་གའི་གསར་འགོད་པར། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་༸སྐུའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་གཙིའི་ཆེད་དུ་ཉིན་གྲངས་ ༩༠ རིང་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་མུས་ཡིན་པ་དང་། རྒྱ་གར་མི་མང་རྣམས་ལ་རྒྱ་ནག་གཞུང་གིས་བོད་ཕྲུག་ས་ཡ་མང་པོ་ཕ་མ་དང་ཁ་བྲལ་དུ་བཅུག་ནས་བཙན་གྱིས་བཅའ་སྡོད་སློབ་གྲྭར་བཅུག་སྟེ་རྒྱ་སྒྱུར་སློབ་གསོ་སྤྲོད་ཀྱི་ཡོད་པའི་ཛ་དྲག་གི་གནས་སྟངས་སྐོར་གོ་རྟོགས་སྤེལ་གྱི་ཡོད། དེ་བཞིན་ལོ་ ༦༠ ལྷག་རིང་རྒྱ་གར་ལ་བཙན་བྱོལ་དུ་བསྡད་པར་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། རྒྱ་གར་དང་བོད་ཀྱི་བར་ལ་ས་མཚམས་ཡོད་པ་ལས། རྒྱ་གར་དང་རྒྱ་ནག་བར་ལ་ས་མཚམས་མེད། མ་འོངས་པར་མུ་མཐུད་དུ་ལས་འགུལ་གང་མང་སྤེལ་གྱི་ཡིན་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།

རང་ལོ་ ༦༥ ཡིན་པའི་བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ནི་རྡེ་ར་ལྡུན་ནས་ཡིན་པ་དང་། ཕ་དམ་པའི་རེ་བ་ལྟར་བོད་སྤྱི་པའི་རྩ་དོན་ཆེད་ཧུར་ཐག་གནང་མཁན་ཞིག་ཡིན་འདུག་ལ། དེ་སྔོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་བོད་ཀྱི་ས་མཚམས་བར་དུ་སྦག་སྦག་བཞོན་ནས་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ནང་དུའང་མཉམ་ཞུགས་བྱས་མྱོང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༡༠ ནང་ང་ཚོས་བོད་ནམ་ཡང་མ་བརྗེད་ཅེས་པའི་འབོད་ཚིག་འོག བཞུགས་སྒར་དྷ་ས་མེག་གྷན་ཁྲོམ་གཞུང་ནས་རྡོ་རྗེ་གདན་བར་དུ་རྐང་འཁོར་སྐོར་སྐྱོད་ཀྱི་ཞི་བའི་ལས་འགུལ་ཐེངས་དང་པོ་སྤེལ་ཡོད་པ་དང་། ཕྱི་ཟླ་ ༡༢ པའི་ནང་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་སྦེལ་ཀོབ་གཞིས་ཆགས་ནས་ཨུ་ཊར་ཁན་ཌི་མངའ་སྡེའི་རྡེ་ར་ལྡུན་བདེ་སྐྱིད་གླིང་བར་རྐང་འཁོར་སྐོར་སྐྱོད་ཐེངས་གཉིས་པ་སྤེལ། ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༣ པའི་ནང་རྡེ་ར་ལྡུན་བདེ་སྐྱིད་གླིང་ནས་ལྡི་ལི་བར་རྐང་འཁོར་སྐོར་སྐྱོད་ཐེངས་གསུམ་པ་དང་། ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༥ པའི་ནང་ལ་དྭགས་མཁར་གདོང་ལ་ནས་དྷ་སའི་བར་རྐང་འཁོར་སྐོར་སྐྱོད་བཞི་བ། དེ་བཞིན་ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་མི་རབས་གསར་པས་སྣེ་ཁྲིད་དེ་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ་མི་ལོ་ ༣༧ འཁོར་བའི་དུས་དྲན་དང་སྟབས་བསྟུན། ཨ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཇན་ཏར་མན་ཏར་བར་རྐང་འཁོར་སྐོར་སྐྱོད་ཀྱི་ཞི་བའི་ལས་འགུལ་ཐེངས་ལྔ་པ། རྒྱ་གར་བྱང་ཕྱོགས་རྡེ་ར་ལྡུན་ནས་ལྡི་ལིའི་བར་དུ་བོད་དོན་ཞི་བའི་གོམ་བགྲོད་ཐེངས་དྲུག་པ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུངས་སྐར་དང་བསྟུན། འདས་ལོའི་ཕྱི་ཟླ་ ༡༠ པའི་ནང་བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ནས་དྷ་ས་བར་བོད་དོན་རྐང་འཁོར་སྐོར་སྐྱོད་ཐེངས་བདུན་པ་བཅས་གནང་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

ཆུ་ཚོད་ ༥ སྔོན་ལ།
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

ཆུ་ཚོད་ ༥ སྔོན་ལ།
Mobile App

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མིའི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་ཡོད་པའི་གྲོས་ཆོད་གཏན་འབེབས་གནང་།

ཆུ་ཚོད་ ༡༠ སྔོན་ལ།
ttttt
Mobile App

བསྐལ་བའི་མེ་འཕྲིན་དམར་པོའི་སྙན་དེབ་དབུ་འབྱེད་དང་བགྲོ་གླེང་འཚོགས།

༢༠༢༦/༠༣/༢༦
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

༢༠༢༦/༠༣/༢༥
Mobile App

བཀུར་འོས་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་སུ་འདྲི་བའི་དོགས་གནད་དག་ཐེར།

༢༠༢༦/༠༣/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese