མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་དཔོན་རིགས་བཅུ་དགུ་དམར་ཤོག་ཚོགས་པའི་འཐུས་མིའི་ཚོགས་ཆེན་གྱི་ཁོངས་ནས་ཕུད།

བོད་ཀྱི་དུས་བབ།
༢༠༢༦/༠༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་དམག་དཔོན་ཆེན་མོ་ལྔ་དང་དམག་དཔོན་ལས་རོགས་གཅིག དམག་དཔོན་ཆུང་བ་གསུམ། ཞིང་ཆེན་རིམ་པའི་དམར་ཤོག་དྲུང་ཆེ་ཟུར་བ་དང་བློན་ཆེན་སོགས་དཔོན་རིགས་བཅུ་དགུ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཁོངས་ནས་ཕྱིར་ཕུད་བཏང་འདུག

Beijing is preparing to host the annual session of the National People’s Congress. Photo: Reuters

ཕྱི་ཟླ་ ༣ ཚེས་ ༤ ཉིན་ནས་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་སྲིད་གྲོས་ཏེ་ཚོགས་ཆེན་གཉིས་ཟེར་བ་འཚོག་རྒྱུ་ཡིན་པ་ལྟར། དེ་རིང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆབ་སྲིད་རྒྱུན་ལས་ཁང་གིས། མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དཔོན་རིགས་བཅུ་དགུ་ཕྱིར་ཕུད་བཏང་བའི་གནས་ཚུལ་ཡོངས་བསྒྲགས་བྱས་ཡོད་འདུག

ད་སྔ་བར་རྒྱ་ནག་གིས་དཔོན་རིགས་བཅུ་དགུ་ཕྱིར་ཕུད་གཏོང་དགོས་དོན་གྱི་གཞུང་འབྲེལ་གསལ་བཤད་གང་ཡང་བྱས་མེད་ཀྱང་། དབྱེ་ཞིབ་པ་ཚོས་དེ་ནི་ཆབ་སྲིད་ཀྱི་ཁ་གཏད་གཅོག་ཐབས་ལ་དམིགས་ཡོད་པ་མ་ཟད། ད་ལན་དམིགས་བསལ་བཅིངས་གྲོལ་དམག་གི་དམག་དཔོན་མཐོ་གྲས་ཁག་ཅིག་ཕྱིར་ཕུད་བཏང་བ་དེས། ཞི་ཅིན་ཕིན་གྱི་ལྐོག་ཟ་རུལ་སུངས་ཚར་གཅོད་ཀྱི་ལས་འགུལ་དེ་དམག་གི་དབང་ཆའི་ཐོག་གཏད་ཅིང་། དེའི་ནང་དུ་མཁའ་དམག་དང་། མཚོ་དམག མེ་ཤུགས་འཕུར་མདའི་དམག་དཔུང་བཅས་ཚུད་ཡོད་པ་བསྟན་ཡོད་སྐོར་བརྗོད་འདུག་ལ། ད་ལྟ་ཞི་ཅིན་ཕིན་གྱིས་ཉེ་ལམ་ཞིབ་བཤེར་འོག་བཅུག་པའི་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དང་། རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཀྲང་ཡུ་ཤཱ་ (zhang youxia) ཡི་ཕྱོགས་ཁག་ཚང་མ་རྩ་རྫོགས་བྱེད་པར་དམིགས་འབེན་བཟུང་ཡོད་འདུག

ཐེངས་འདིའི་ཕྱིར་ཕུད་བཏང་བའི་དཔོན་རིགས་ཀྱི་ཁྲོད་དུ། བཅིངས་གྲོལ་དམག་གི་སྐམ་དམག་བཀོད་འདོམས་པའམ་དམག་སྤྱི་ལི་ཆའོ་མིང་ (Li Qiaoming) དང་། ཆ་འཕྲིན་རོགས་སྐྱོར་དམག་དཔུང་གི་ཆབ་སྲིད་ལས་དོན་གྱི་དམག་སྤྱི་ལི་ཝེ་ (Li Wei)། མཚོ་དམག་གི་དམག་སྤྱི་ཟུར་བ་ཧྲེན་ཅིན་ལོང་  (Shen Jinlong) དང་མཚོ་དམག་གི་ཆབ་སྲིད་འགན་འཛིན་ཟུར་བ་ཅིན་ཧྲེང་ཞང་ (Qin Shengxiang) ། མཁའ་དམག་གི་ཆབ་སྲིད་ལས་དོན་གྱི་དམག་སྤྱི་ཟུར་བ་ཡུས་ཀྲུང་ཧྥུ་ (Yu Zhongfu)། རྒྱ་ནག་གི་རྒྱལ་སྲུང་སྒུལ་ཤུགས་ལྷན་ཁང་གི་ཆབ་སྲིད་ལས་དོན་ཚན་པའི་དམག་སྤྱི་ཝང་ཏུང་ཧའེ་ (Wang Donghai) དང་། རྒྱ་ནག་དབུས་དམག་དོན་ལས་ཁུངས་ཀྱི་ཆབ་སྲིད་ལས་དོན་གྱི་དམག་སྤྱི་གཞོན་པ་བྷི་ཡན་རུའེ་ཧྥེང་ (Bian Ruifeng)། སྐམ་དམག་གི་དམག་སྒེར་ ༧༣ པའི་དམག་སྤྱི་ཏིན་ལའེ་ཧྥུའུ་ (Ding Laifu) དང་མེ་ཤུགས་འཕུར་མདའི་དམག་སྒེར་ ༦༤ པའི་དམག་སྤྱི་ཡང་ཀོང་ (Yang Guang) བཅས་དམག་དཔོན་ཆེན་མོ་ལྔ་དང་། དམག་དཔོན་ལས་རོགས་གཅིག དམག་དཔོན་ཆུང་བ་གསུམ་བཅས་འདུག

གཞན་ཡང་དམག་གི་ལས་བྱེད་པ་དང་ཞིང་ཆེན་རིམ་པའི་དཔོན་རིགས་ནང་སོག་ཁུལ་གྱི་དམར་ཤོག་དྲུང་ཆེ་ཟུར་བ་སུན་ཤའོ་ཆོན་ (Sun Shaochong)། རྒྱ་ནག་གི་ཛ་དྲག་དོ་དམ་བློན་ཆེན་ཝང་ཞང་ཧྲི་ (Wang Xiangxi) དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་མི་ཅང་ཁྲེང་ཧྭ་ (Jiang Chenghua)། དེ་བཞིན། བཅིངས་གྲོལ་དམག་གི་ཁྲིམས་ཁང་གི་གཙོ་འཛིན་ལིའུ་ཤའོ་ཡུན་ (Liu Shaoyun) སོགས་ཕྱིར་ཕུད་བཏང་ཡོད་འདུག་ལ། རྒྱ་ནག་གཞུང་གིས་འདི་ལོའི་ཚོགས་ཆེན་གཉིས་ཀྱི་སྟེང་དུ་དམག་དང་ཉེན་རྟོག་པའི་འཐུས་མི་ཇེ་ཉུང་དུ་བཏང་སྟེ་འཐུས་མི་ཁྱོན་ ༢༤༣  ལས་མེད་པར་བཟོས་ཡོད་འདུག

ཕྱི་ཟླ་ ༣ ཚེས་ ༤ ཉིན་རྒྱ་ནག་གི་སྐབས་བཅུ་བཞི་བའི་རྒྱལ་ཡོངས་མི་དམངས་འཐུས་མིའི་སྲིད་གྲོས་ཚོགས་ཐེངས་ ༤ བ་དང་ཚེས་ ༥ ཉིན་སྐབས་བཅུ་བཞི་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་ ༤ བ་གཉིས་བསྟུད་མར་འཚོག་རྒྱུ་ཡིན་ཞིང་། ཚོགས་ཆེན་དེ་གཉིས་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་འཁོར་ཚོགས་ཆེན་གལ་ཆེ་ཤོས་སུ་བརྩི་བ་དང་། ཚོགས་འདུའི་སྟེང་དུ་རྒྱ་ནག་གི་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་ཟིན་(2026-30) ལ་ཞིབ་བཤེར་བྱེད་རྒྱུ་དང་། རྒྱལ་ཁབ་ཀྱི་སྲིད་བྱུས་འཆར་གཞི་དང་དམག་དོན། དཔལ་འབྱོར་དང་ཚོང་འབྲེལ། ཕྱི་འབྲེལ་སོགས་ཀྱི་སྐོར་ལ་གྲོས་བསྡུར་བྱས་ཏེ་འཆར་གཞི་རྣམས་ཕྱིར་བསྒྲགས་བྱེད་སྲོལ་ཡོད་པ་རེད་ལ། འདི་ལོའི་ཚོགས་ཆེན་སྟེང་འཐུས་མི་ ༢༩༠༠༠ ཙམ་འཛོམས་ཀྱི་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

ཆུ་ཚོད་ ༡༦ སྔོན་ལ།
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

༢༠༢༦/༠༣/༡༨
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese