མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

བོད་ཀྱི་དུས་བབ།
༢༠༢༦/༠༣/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ནས་ཉིན་གྲངས་བཅུ་གསུམ་རིང་གི་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་གྲོས་ཚོགས་སྐབས། རྩིས་ལོ་ ༢༠༢༦- ༢༠༢༧ ལོའི་སྔོན་རྩིས་ཐོག་བགྲོ་གླེང་དང་གཏན་འབེབས་གནང་གི་ཡོད་འདུག

སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།

དེ་རིང་ཕྱི་ཚེས་ ༡༦ ནས་ ༣༠ བར་ལས་ཡུན་ཉིན་གྲངས་བཅུ་གསུམ་རིང་བོད་མི་མང་སྤྱི་འཐུས་སྐབས་བཅུ་བདུན་པའི་གྲོས་ཚོགས་གྲོས་མཐའ་མ་དེ་དངོས་སུ་འཚོག་མགོ་བཙུགས་ཡོད་ཅིང་། ད་ལན་གྱི་གྲོས་ཚོགས་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༦- ༢༠༢༧ ལོའི་སྔོན་རྩིས་ཐོག་བགྲོ་གླེང་དང་གཏན་འབེབས་གནང་གི་ཡོད་འདུག་ལ།  དེ་རིང་སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དང་པོའི་སྔ་དྲོའི་ཚོགས་ཐུན་སྟེང་། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཡིན་པའི་ཆ་ནས་བོད་ཀྱི་ཆབ་སྲིད་འཐབ་རྩོད་ཐོག་བོད་ཀྱི་ལོ་རྒྱུས་གནས་བབ་མཚོན་པའི་རྒྱལ་སྤྱིའི་ཁྱོན་དུ་འབྲེལ་ལམ་འཛུགས་པ་དང་རྒྱབ་སྐྱོར་འཚོལ་བར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་འཕྲིན་གྱི་སྟོབས་ལས་བྱུང་བ་ཞིག་ཡིན་དུས། རྒྱལ་སྤྱིའི་ནང་དུ་བོད་དང་བོད་མིའི་ཐོག་དོ་སྣང་བསླེབས་ཡོད་སྐོར་སོགས་གསུངས་སོང་། དེ་བཞིན་ཚོགས་ཐུན་དང་པོའི་སྟེང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༦ དང་ ༢༠༢༧ ལོའི་སྔོན་རྩིས་འགོད་འབུལ་གསུང་བཤད་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་ཆོས་གྲགས་རྒྱ་མཚོ་མཆོག་གིས་རྩིས་ལོ་ ༢༠༢༦ དང་ ༢༠༢༧ ལོའི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་སོགས་གནང་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གྲོས་ཚོགས་དབུ་འཛུགས་ཀྱི་གསུང་བཤད་གནང་སྐབས། ཕྱི་ཟླ་གསུམ་པ་ནི་དམིགས་བསལ་གྱི་ཟླ་བ་ཞིག་ཆགས་ཡོད། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་མོ་ཟླ་བ་འདིའི་ནང་དུ་ཁེལ་ཡོད། བོད་ནང་དུའང་རྒྱ་ནག་གཞུང་གིས་དམིགས་བསལ་དམ་དྲག་ཤུགས་ཆེན་བྱེད་སའི་ཟླ་བ་དེ་ཆགས་ཡོད། འདི་ལོ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པ་ཆགས་ཡོད། ང་ཚོ་བཙན་བྱོལ་དུ་གྱར་ནས་ལོ་ངོ་ ༦༧ འགྲོ་བཞིན་ཡོད། མི་ཞིག་གི་མི་ཚེ་ལ་སྡོམ་བརྒྱབ་ན་ནུས་པ་ཡོད་པའི་དུས་ཚོད་དེ་རྫོགས་བཞིན་ཡོད་ལ། དེ་ནས་རིམ་བཞིན་མི་ཚེའི་ནུས་པ་དེ་གཅོག་མི་གཅོག་གི་གནས་སྟངས་ཆགས་ཀྱི་ཡོད། ཡིན་ནའང་། ང་ཚོ་བོད་པ་ཆབ་སྲིད་ཀྱི་སྐྱབས་བཅོལ་ཡིན་པའི་ཆ་ནས་ཐོག་མར་རྒྱ་གར་ནང་བཙན་བྱོལ་དུ་བསླེབས། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་པ་འཕྲིན་ལས་དང་། རྒྱ་གར་གཞུང་གི་མཐུན་སྦྱོར། ང་ཚོའི་མི་རབས་རྒན་པ་རྣམས་ཀྱི་བློས་གཏོང་དང་ལྷག་བསམ་རྣམ་དག་གི་ཞབས་འདེགས་ལ་བརྟེན་ནས། བཙན་བྱོལ་ནང་བོད་མིའི་གཞིས་ཆགས་ཁག་དང་དགོན་སྡེའི་ནང་བཤད་སྒྲུབ་ཚད་ལྡན་བྱུང་ཡོད། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་མ་ཉམས་པར་སླར་གསོ་གནང་བ་དང་། རྒྱལ་སྤྱིའི་ཐོག་བོད་ཀྱི་སྐད་ཡིག་དང་ནང་ཆོས་ལ་དོ་སྣང་ཤུགས་ཆེན་བསླེབས་ཐུབ་པའི་གནས་བབ་ཅིག་ཆགས་ཡོད། དེ་ཡང་ང་ཚོས་དགའ་བ་བསྒོམ་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། ཅེས་གསུངས་སོང་།

ཚོགས་གཙོ་མཆོག་གིས། ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཡིན་པའི་ཆ་ནས་བོད་ཀྱི་ཆབ་སྲིད་འཐབ་རྩོད་ཐོག་བོད་ཀྱི་ལོ་རྒྱུས་གནས་བབ་མཚོན་པའི་རྒྱལ་སྤྱིའི་ཁྱོན་དུ་འབྲེལ་ལམ་འཛུགས་པ་དང་རྒྱབ་སྐྱོར་འཚོལ་བར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་འཕྲིན་གྱི་སྟོབས་ལས་བྱུང་བ་ཞིག་ཡིན་དུས། རྒྱལ་སྤྱིའི་ནང་དུ་བོད་དང་བོད་མིའི་ཐོག་དོ་སྣང་བསླེབས་ཡོད་པ་རེད། རྒྱལ་སྤྱིའི་ཐོག་སྲིད་འཛིན་དང་སྲིད་བློན་གྱི་མཚོན་པའི་དབུ་འཁྲིད་དང་འགྲོ་བ་མིའི་ཐོབ་ཐང་གི་ལས་ཁུངས་སོགས་ཀྱིས་བོད་ཀྱི་གནས་སྟངས་ཐོག་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད། ལྷག་པར་དུ་ཨ་རིའི་གྲོས་ཚོགས་ནང་ཁྲིམས་ཡིག་གཏན་འབེབས་གནང་ཡོད་ལ། ཡུ་རོབ་གྲོས་ཚོགས་སོགས་སུ་བོད་དོན་གྲོས་ཆོད་བཞག་ཡོད། རྒྱ་གར་གཙོས་གྲོས་ཚོགས་ཁག་ཏུ་བོད་དོན་གླེང་སློང་གནང་བ་སོགས་བོད་དོན་ཐོག་རྒྱབ་སྐྱོར་བྱེད་སའི་གནས་བབ་ཅིག་ཆགས་ཡོད། ལོ་ངོ་ ༦༧ ལ་ཕྱིར་མིག་ཞིག་བལྟས་ཚེ་སྤོབས་པ་སྐྱེ་དགོས་པ་ཆགས་ཀྱི་འདུག ཅེས་གསུངས་སོང་།

ཡང་ཚོགས་གཙོ་མཆོག་གིས། ང་ཚོས་གདོང་ལེན་བྱེད་དགོས་ས་དེ་རྒྱ་ནག་གཞུང་ཆགས་ཡོད། རྒྱ་གཞུང་གི་དཔལ་འབྱོར་དང་ཕྱི་སྲིད་ཀྱི་འབྲེལ་ལམ་སོགས་གང་འཚམ་ཚད་མཐོ་བོ་ཡོད་ཀྱང་། རྒྱལ་སྤྱིའི་ཁྱོན་དུ་བོད་ཅེས་པ་བློས་མ་བཏང་བའི་ཐོག་ནས་ད་ལྟའང་རྒྱབ་སྐྱོར་ཤུགས་ཆེན་པོ་ཐོབ་པ་དེ། གཙོ་བོ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་པ་འཕྲིན་ལས་དང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའི་འགན་འཁུར་བྱེད་ཕྱོགས། དེ་བཞིན་བོད་ནང་གི་བོད་མིའི་བློས་གཏོང་དང་ཆོད་སེམས་སོགས་གལ་ཆེན་ཡིན་པ་གཞི་རྩར་བཟུང་བའི་ཐོག་ནས་བོད་ཀྱི་གནས་སྟངས་ལ་ཐུགས་གནང་འཛིན་ས་ཆགས་འདུག དེང་སང་རྒྱལ་སྤྱིའི་ཁྱོན་དུ་དམག་འཁྲུག་སོགས་ཀྱི་ཐོག་ནས་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་ཀྱང་། བོད་ཀྱི་གནས་སྟངས་བརྒྱུད་ནས་རྒྱ་ནག་གི་ཆབ་སྲིད་གནས་བབ་ལ་ཤུགས་རྐྱེན་འགྲོ་བཞིན་པ་ངོས་འཛིན་གསལ་བོ་ཆགས་ཡོད། མ་འོངས་པའང་དེའི་ཐོག་ཏུ་ང་ཚོས་འབད་བརྩོན་བྱ་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། ཕྱི་ལོ་ ༡༩༧༠ ནང་དུ་རྒྱ་ནག་གཞུང་དང་མཉམ་དུ་སྐུ་ཚབ་ཀྱི་ལམ་ནས་འབྲེལ་བ་བཙུགས་ཡོད་པ་དང་། ད་ལྟ་འབྲེལ་བ་ཆད་ཡོད་པ་དེ་བསྐྱར་གསོ་ཡོང་ཐུབ་པའི་འབད་བརྩོན་བྱེད་པར་འགན་འཁུར་བཞིན་ཡོད། དེ་བཞིན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། ཁོར་ཡུག་གི་གནས་སྟངས། ཆོས་དད་རང་དབང་། སྐད་ཡིག་གི་རང་དབང་སོགས་ལ་རྒྱ་ནག་གི་སྲིད་ཇུས་དང་མཉམ་དུ་འགྱུར་བ་ཐེབས་ཡོད་དུས། དེ་དག་རྒྱལ་སྤྱིའི་སྟེང་ཞུ་སྐུལ་བྱེད་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད། ཅེས་གསུངས་སོང་།

སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།

དེ་བཞིན་ཚོགས་ཐུན་དང་པོའི་སྟེང་སྤྱི་འཐུས་རྣམས་ཀྱིས་༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་དགོངས་པར་རྫོགས་པར་ངག་བཅད་མྱ་ངན་གུས་འདུད་སྐར་མ་གཅིག་རིང་གནང་བ་དང་། སྐུ་གཤེགས་དེ་ཉིད་ཀྱི་མཛད་རྗེས་ལ་ཡི་རངས་དང་། དམ་པ་ཁོང་གི་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་དལ་རྟེན་རིམ་བརྒྱུད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང༌། ཤུལ་ལུས་ནང་མི་སྐུ་འཁོར་ཉེ་འབྲེལ་སློབ་ཚོགས་ལྟོས་བཅས་ཡོངས་ལ་ཞུ་རྒྱུ་བཅས་ཀྱི་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་འཆར་ཞིག་བཏོན་སོང་ལ། སྤྱི་ཟུར་མངའ་རིས་རིན་པོ་ཆེ་བསྟན་འཛིན་ཆོས་རྒྱལ་མཆོག་ནི་ཕྱི་ལོ་ ༡༩༤༦ ལོར་བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས། ཕྱི་ལོ་ ༡༩༥༠ ལོར་མངའ་རིས་རིན་པོ་ཆེ་སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་དུ་ངོས་འཛིན་གྱིས་འབྲས་སྤུངས་སུ་ཆོས་ཞུགས་གནང༌། ཕྱི་ལོ་ ༡༩༧༡ ལོར་བཙན་བྱོལ་བོད་གཞུང་ཁོངས་སྲི་ཞུ་མགོ་འཛུགས་ཀྱིས། བོད་ཁྱིམ་དགེ་རྒན་དང་། བདེ་སྲུང་དྲུང་ཆེ་ལས་རོགས། སྐུ་སྒེར་ཡིག་ཚང་གི་དམིགས་བསལ་དྲུང་ཆེ་བཅས་ཀྱི་ཕྱག་ལས་ཕྱི་ལོ་ ༡༩༨༨ བར་རིམ་པར་གནང་བ་དང༌། དེའི་ནང་ཕྱི་ལོ་ ༡༩༧༤ ནས་ ༡༩༧༧ བར། གཞོན་ལྷན་སྤྱི་ཁྱབ་དབུས་རྒྱུན་སྐབས་གཉིས་པའི་ཚོགས་གཙོ་དང་། ལོ་གཉིས་རིང་དྭང་སློབ་དམག་སྡེ་ཨང་ ༢༢ ནང་ཞབས་ཞུ་བསྒྲུབས། ཕྱི་ལོ་ ༡༩༩༡ ནས་ ༡༩༩༦ བར་སྐབས་ ༡༡ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་མདོ་སྨད་སྤྱི་འཐུས་ཀྱི་ཐུགས་འགན་བཞེས། ཕྱི་ལོ་ ༢༠༠༧ ནས་ ༢༠༡༦ བར། ༸གོང་ས་༸ཏཱ་ལའི་བླ་མའི་དགེ་རྩའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་གནང༌། ཕྱི་ལོ་ ༢༠༡༡ ནས་ ༢༠༡༦ བར། ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མའི་ལས་ཁུངས་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་འགན་ལྷན་ཚོགས་མིའི་ཐུགས་འགན་བཞེས་པ་སོགས། སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་དང་། བོད་མིའི་སྒྲིག་འཛུགས། བོད་རྒྱ་ཆེའི་མང་ཚོགས་བཅས་ཀྱི་དོན་དུ་ཞབས་ཞུ་མཐར་སོན་གནང་བའི་ལྷག་བསམ་གྱི་འཇུག་སྒོ་ཆེར་བསྐྱེད་གནང་མཁན་མཛད་རྗེས་ཅན་ཞིག་ཡིན།

གསར་འགོད་པ། དཔལ་ལྡན། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

ཆུ་ཚོད་ ༢༠ སྔོན་ལ།
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

ཆུ་ཚོད་ ༢༠ སྔོན་ལ།
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

ཆུ་ཚོད་ ༢༡ སྔོན་ལ།
སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

༢༠༢༦/༠༣/༡༦
བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese