མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༣/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་ཏུ་བོད་རིགས་ཕ་ཡུལ་གཅིག་པའི་ལྷན་ཚོགས་ཟེར་བ་བཙུགས་ཏེ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ལ་འགོག་རྐྱེན་སྔར་ལྷག་བཟོ་བཞིན་འདུག

རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ཁང་དང་ཐད་ཀར་འབྲེལ་བ་ཡོད་པའི་ཁེ་ན་ཌའི་བོད་རིགས་ཕ་ཡུལ་གཅིག་པའི་ལྷན་ཚོགས་དང་། ཉི་ཧོང་གི་བོད་རིགས་སྤུན་ཟླའི་རོགས་རམ་མཐུན་ཚོགས།

ཉེ་ལམ་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གིས་ཉི་ཧོང་ནང་བོད་རིགས་སྤུན་ཟླའི་རོགས་རམ་མཐུན་ཚོགས་ཟེར་བ་ཞིག་གསར་འཛུགས་བྱས་པ་དང་། དེ་འབྲེལ་གྱི་གནས་ཚུལ་མང་པོ་ཞིག་དྲིལ་བསྒྲགས་བྱེད་བཞིན་ཡོད་སྟབས། འདི་གའི་གསར་འགོད་པས་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་བོད་རིགས་སྤུན་ཟླའི་རོགས་རམ་མཐུན་ཚོགས་ཟེར་བ་སོགས་གསར་འཛུགས་བྱེད་དགོས་པའི་དམིགས་ཡུལ་དང་རྒྱབ་ལྗོངས་གང་ཡིན། ཚོགས་མི་དང་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་སྐོར་ལ་རྒྱ་ནག་དབྱེ་ཞིབ་པ་ཁག་ཅིག་ལ་དྲི་བ་དྲིས་ལན་བྱས་ཡོད།

བོད་རིགས་སྤུན་ཟླའི་རོགས་རམ་མཐུན་ཚོགས་ཟེར་བ་དེ་ག་དུས་བཙུགས་ཡོད་སྐོར་ལ་མིང་བརྗོད་འདོད་མེད་པའི་རྒྱ་ནག་དབྱེ་ཞིབ་པ་ཞིག་གིས། ཕྱི་ལོ་ ༢༠༡༢ ལོར་འཐབ་ཕྱོགས་གཅིག་གྱུར་གྱིས་བོད་རང་སྐྱོང་ལྗོངས་ནང་ཕྱིར་སྡོད་མི་སེར་གྱི་ལས་དོན་དང་འབྲེལ་བའི་ལས་ཁུངས་ཟེར་བ་ཞིག་མགོ་བཙུགས་ཡོད། ལས་ཁུངས་དེས་ཕྱི་རྒྱལ་ལ་ཡོད་པའི་མི་སེར་རྣམས་ལ་སྟངས་འཛིན་དང་འབྲེལ་བ་བྱ་རྒྱུ་སོགས་ལ་དམིགས་ཏེ་ལས་ཁུངས་དེ་མགོ་བཙུགས་པ་ཞིག་རེད། དེའི་རྗེས་ཕྱི་ལོ་ ༢༠༡༢ ལོར་ཨ་རིའི་ནང་བྱང་ཨ་རིའི་བོད་རིགས་ཕ་ཡུལ་གཅིག་པའི་ལྷན་ཚོགས་ཟེར་བ་ཞིག་བཙུགས་ཡོད་ཅིང་། དོལ་རྒྱལ་ལམ་ཤུགས་ལྡན་དང་འབྲེལ་བ་ཡོད་པའི་བདེ་ཆེན་སྤྲུལ་སྐུའམ་ཐུབ་བསྟན་ལུང་རིགས་ཟེར་བ་ཞིག་གིས་འགན་འཁུར་བ་དང་། ཁོས་བོད་པའི་གནད་དོན་ཐོག་བྱུང་བའི་དཀའ་ངལ་དེ་དག་མེད་པ་དང་། རྒྱ་ནག་གིས་བོད་ནང་འཛུགས་སྐྲུན་ཡག་པོ་བྱས་ཡོད་ལ། བོད་ནང་བདེ་སྐྱིད་ཡོད་ཚུལ་གྱི་འགྲེལ་བརྗོད་བྱེད་མཁན་ཞིག་རེད། ཚོགས་པ་དེའི་ནང་མང་ཆེ་བ་དོལ་རྒྱལ་རེད།

ཕྱི་ལོ་ ༢༠༡༣ ལོར་ཨོ་གླིང་དུ་ཨོ་གླིང་གི་བོད་རིགས་ཕ་ཡུལ་གཅིག་པའི་ལྷན་ཚོགས་ཟེར་བ་ཞིག་གསར་འཛུགས་བྱས་ཡོད་ལ། ཕྱི་ལོ་ ༢༠༡༩ ལོར་ཁེ་ན་ཌའི་ནང་ཁེ་ན་ཌའི་བོད་རིགས་ཕ་ཡུལ་གཅིག་པའི་ལྷན་ཚོགས་ཟེར་བ་བཙུགས་པ་དང་། དབུ་འབྱེད་ཀྱི་མཛད་སྒོའི་སྟེང་ཁེ་ན་ཌའི་སྲིད་བློན་རྗ་སི་ཊིན་ཊུ་རུ་ཌོ་ (Justin Trudeau) ལགས་ཀྱིས་ཚོགས་པ་དེ་བཙུགས་པར་འཚམས་འདྲི་ཞུ་ཡིག་གནང་ཡོད་ལུགས་བརྗོད་ཡོད་ཀྱང་། ཕྱིས་སུ་དེ་དག་རྫུན་བཟོ་བྱས་ཡོད་པ་ར་སྤྲོད་བྱུང་ཡོད། ལོ་ཁ་ཤས་ཀྱི་སྔོན་ལ་སྦེལ་ཇམ་ནང་ཡུ་རོབ་ཀྱི་བོད་རིགས་ཕ་ཡུལ་གཅིག་པའི་ལྷན་ཚོགས་ཟེར་བ་ཞིག་གསང་བའི་ཐོག་ནས་བཙུགས་པ་ཞིག་གོ་ཐོས་བྱུང་། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཉི་ཧོང་དུ་བོད་རིགས་སྤུན་ཟླའི་རོགས་རམ་མཐུན་ཚོགས་ཟེར་བ་བཙུགས་ཡོད་འདུག་ལ། དེའི་ངོ་བོ་གཅིག་པ་རེད་བསམ་གྱི་འདུག རྒྱ་ནག་གིས་བོད་ནང་ཡར་རྒྱས་བཏང་ཡོད་པ་དང་། བོད་མི་རྣམས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་གྱི་ཡོད་པ་སོགས་འགྲེལ་བརྗོད་བྱེད་ཀྱི་ཡོད་པའི་ཚོགས་པ་ཞིག་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

ཚོགས་པ་དེ་དག་གི་དམིགས་ཡུལ་དང་ལས་དོན་བྱེད་ཕྱོགས་གང་འདྲ་ཡིན་སྐོར་ལ་ཁོང་གིས། ཚོགས་པ་དེ་དག་གི་ལས་དོན་གཙོ་བོ་ནི་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་ད་ལྟ་བར་དུ་བོད་ནང་དཀའ་ངལ་ཡོད་པ་དང་། བོད་ནང་གི་ཛ་དྲག་གི་གནས་སྟངས་སོགས་གང་ཐུབ་ཐུབ་ཀྱིས་འགྲེལ་བརྗོད་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་གིས་ཚོགས་པ་དེ་འདྲ་བཙུགས་ཏེ་ལས་འགུལ་གྱི་ངོ་བོའི་ཐོག་ནས་བོད་ནང་བདེ་སྐྱིད་ཡོད་པ་དང་། རྒྱ་ནག་གིས་བོད་ཞི་བའི་བཅིངས་གྲོལ་བཏང་ནས་ཡར་རྒྱས་བཏང་ཡོད་པ་སོགས་འགྲེམས་སྟོན་བྱས་ནས་ལས་འགུལ་སྤེལ་ཡོད། མདོར་ན། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཁག་ལ་འགོག་རྐྱེན་བཟོ་ཡི་ཡོད། བོད་མིའི་ངོ་བོ་འཁྱེར་ནས་རྒྱ་ནག་གཞུང་གི་ཚབ་བྱས་ཏེ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་རྒྱ་ནག་གི་སྲིད་ཇུས་སོགས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་མི་ཞིག་གིས་དེ་འདྲ་བྱེད་ཀྱི་ཡོད་ཚེ། བོད་མིའི་གཅིག་སྒྲིལ་གྱི་ངོ་བོ་གང་འདྲ་ཡིན་པའི་ཐོག་ལ་རང་བཞིན་གྱི་དོགས་སློང་སླེབ་ཀྱི་རེད་བསམ་གྱི་འདུག ཕྱི་ལོ་ ༢༠༢༡ ལོར་བོད་ཞི་བའི་བཅིངས་གྲོལ་བཏང་སྟེ་ལོ་ ༧༠ འཁོར་བའི་སྐབས། ཁེ་ན་ཌ་དང་ཨ་རིའི་ནང་འགྲེམས་སྟོན་གྱི་རྣམ་པའི་ཐོག་ནས་བོད་ནང་བདེ་སྐྱིད་ཡོད་པ་དང་། རྒྱ་ནག་གིས་བོད་ནང་འཛུགས་སྐྲུན་བྱས་ཏེ་ཡར་རྒྱས་བཏང་ཡོད་པ་སོགས་འགྲེམས་སྟོན་བརྒྱུད་འགྲེལ་བརྗོད་བྱ་རྒྱུའི་ལས་འགུལ་མང་པོ་ཞིག་སྤེལ་སོང་། ཞེས་བརྗོད་བྱུང་།

སྤྱིར་བཏང་བོད་པ་མང་པོ་ཞིག་གིས་གནད་དོན་འདི་ཧ་གོ་ཡི་ཡོད་རེད་བསམ་གྱི་འདུག་སྟེ། གཞོན་སྐྱེས་ཚོར་དེའི་ཐོག་ཐུགས་སྣང་དེ་ཙམ་ཡོད་མེད་ཐེ་ཚོམ་རེད་འདུག དེ་དག་མཁྱེན་དགོས་རྒྱུ་གལ་ཆེན་པོ་རེད། བོད་མིའི་སྒྲིག་འཛུགས་དང་བདེ་སྲུང་ལས་ཁུངས་ཀྱིས་ནམ་རྒྱུན་དུ་ནས་བོད་པའི་གནད་དོན་ཐོག་འགྲེལ་ལོག་རྒྱག་མཁན་རྣམས་ལ་དོགས་ཟོན་དང་། གནད་དོན་ཞིག་ལ་བརྩིས་ནས་དོ་སྣང་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་ལམ་སྟོན་གནང་གི་ཡོད་པ་ལྟར། ད་ལྟའི་གནད་དོན་དེ་དག་བྱུང་བ་དང་ཤེས་དགོས་རྒྱུ་གལ་ཆེན་པོ་རེད་འདུག ཅེས་བརྗོད་བྱུང་།

ས་དཀར་བཀྲ་ཤིས་ལགས་ཀྱིས་གནད་དོན་དེའི་ཐད། ཚོགས་པ་དེ་གསར་འཛུགས་བྱེད་པར་རྒྱ་ནག་གཞུང་ཚབ་ཁང་གིས་དངོས་ཤུགས་བརྒྱུད་གསུམ་ནས་རོགས་རམ་བྱས་པ་དང་། ཚོགས་པ་དེར་བོད་པ་དང་རྒྱ་མི་གཉིས་ཀ་ལྡན་པའི་ཚོགས་མི་ ༣༠༠ ཙམ་ཡོད་པ་རེད། ཕྱི་ལོ་ ༢༠༡༩ ལོར་ཁེ་ན་ཌ་རུ་ཁེ་ན་ཌའི་བོད་རིགས་ཕ་ཡུལ་གཅིག་པའི་ལྷན་ཚོགས་ཟེར་བ་གསར་འཛུགས་བྱས་ཡོད་པ་དང་། དེའི་ནང་ཚོགས་མི་ག་ཚོད་ཡོད་མེད་ཁ་གསལ་ཤེས་ཀྱི་མེད། དེ་ནས་ལྷོ་ཨེ་ཤ་ཡའི་བོད་རིགས་ཕ་ཡུལ་གཅིག་པའི་ལྷན་ཚོགས་ཟེར་བ་དང་། ཡུ་རོབ་ཀྱི་བོད་རིགས་ཕ་ཡུལ་གཅིག་པའི་ལྷན་ཚོགས་ཟེར་བ་གསར་འཛུགས་བྱས་ཡོད་ཅིང་། དེའི་ནང་ཚོགས་མི་ ༡༢ ཙམ་ཡོད་པ་རེད། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་བདེ་སྐྱིད་ཚང་པཱ་དོན་ཀྲོན་ཞན་སིན་(德吉金仓-巴顿钟先森) ཟེར་བའི་རྒྱ་མི་ཞིག་གིས་ཉི་ཧོང་དུ་བོད་རིགས་སྤུན་ཟླའི་རོགས་རམ་མཐུན་ཚོགས་ཟེར་བ་གསར་འཛུགས་བྱས་འདུག ཅེས་བརྗོད་བྱུང་།

ས་དཀར་བཀྲ་ཤིས་ལགས་ཀྱིས། བོད་རིགས་སྤུན་ཟླའི་རོགས་རམ་མཐུན་ཚོགས་ཟེར་བ་དེ་གཙོ་བོ་རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་རོགས་རམ་བྱས་ཏེ་གསར་འཛུགས་བྱས་པ་དང་ཚོགས་པ་དེ་འཐབ་ཕྱོགས་གཅིག་གྱུར་ཁང་དང་ཐད་ཀར་འབྲེལ་བ་ཡོད་སྐོར་དང་། བཙན་བྱོལ་གཞུང་ལ་ངོ་རྒོལ་བྱ་རྒྱུ་དང་། བོད་ཀྱི་རྩ་དོན་གྱི་འཐབ་རྩོད་དང་། བོད་མིའི་ནང་ཁུལ་གྱི་མཐུན་སྒྲིལ་སོགས་གཏོར་བཤིག་གཏོང་རྒྱུར་དམིགས་ཡོད་པ་མ་ཟད། བོད་དང་རྒྱ་ནག་ནང་དུ་ལྟ་སྐོར་དུ་འཁྲིད་དེ་བོད་ནང་ཡར་རྒྱས་ཤུགས་ཆེན་པོ་བཏང་ཡོད་པའི་སྐོར་སོགས་ཁྱབ་བསྒྲགས་བྱ་རྒྱུའི་ལས་འགུལ་སྤེལ་གྱི་ཡོད་སྐོར་དང་། རྒྱ་ནག་གིས་འཛམ་གླིང་ས་ཕྱོགས་གང་སར་བཙུགས་པའི་བོད་རིགས་སྤུན་ཟླའི་རོགས་རམ་མཐུན་ཚོགས་ཟེར་བ་དེ་ཕྱི་ལོགས་སུ་ཡོད་པའི་བོད་པའི་སྐུ་ཚབ་ཡིན་ཁུལ་གྱི་མིང་བཏགས་ཡོད་ཅིང་། བཙན་བྱོལ་དུ་ཡོད་པའི་བོད་པའི་སྐུ་ཚབ་ཡིན་ཁུལ་བྱས་ཏེ་རྒྱ་ནག་གཞུང་ཚབ་ཁང་གིས་གོ་སྒྲིག་བྱས་པའི་ལོ་གསར་གྱི་མཛད་སྒོ་ཁག་དང་། ཚོགས་འདུ་སོགས་ལ་མཉམ་ཞུགས་བྱས་ཏེ་བོད་མི་རྣམས་ལ་སྣང་བརྙན་བསྐྲུན་པ་སོགས་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད་པ་མ་ཟད། དེ་སྔ་ནས་ཚོགས་པ་དེ་འདྲ་བཙུགས་ཏེ་བོད་མིའི་སྒྲིག་འཛུགས་དང་། བཙན་བྱོལ་བོད་མིའི་གཅིག་སྒྲིལ་སོགས་གཏོར་བཤིག་བཏང་དང་གཏོང་མུས་ཡིན་ཡང་། ད་བར་ལས་འགུལ་དེ་དག་ལམ་ལྷོངས་བྱུང་གི་མེད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།

ཁོང་གིས། ཨོ་གླིང་གི་བོད་རིགས་སྤུན་ཟླའི་རོགས་རམ་མཐུན་ཚོགས་ཟེར་བ་དང་། ཡུ་རོབ་ནང་ཡོད་པའི་བོད་རིགས་སྤུན་ཟླའི་རོགས་རམ་མཐུན་ཚོགས་ཟེར་བ་དེ་དག་གིས་བོད་མི་རྣམས་བོད་ནང་དུ་ལྟ་སྐོར་དུ་འཁྲིད་པ་སོགས་ཀྱི་ལས་འགུལ་སྤེལ་གྱི་ཡོད་འདུག་ལ། བོད་ནང་དུ་ལྟ་སྐོར་དུ་འགྲོ་བར་རྒྱ་ནག་གིས་འགྲོ་སོང་ཆ་ཚང་གཏོང་རྒྱུ་དང་། ཡིག་ཆ་བཟོ་རྒྱུ་ཡིན་སྐོར་སོགས་བརྗོད་དེ་བཙན་བྱོལ་གྱི་བོད་མི་རྣམས་ལ་མགོ་སྐོར་བསླུ་བྲིད་ཀྱིས་བོད་ནང་དུ་ལྟ་སྐོར་དུ་འཁྲིད་དེ། བོད་ནང་དུ་ཡར་རྒྱས་ཕྱིན་པ་དང་། རྒྱ་ནག་གི་སྲིད་ཇུས་ཁྱབ་བསྒྲགས་བྱ་རྒྱུའི་དམིགས་ཡུལ་འཛིན་གྱི་འདུག ལས་འགུལ་འདི་དང་འདིའི་རིགས་ལ་ང་ཚོ་གཞུང་མང་གཉིས་ནས་གདོང་ལེན་བྱེད་དགོས་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་མ་འོངས་པར་གནས་སྟངས་ཛ་དྲག་ཅིག་ཆགས་དུས། བཙན་བྱོལ་བོད་མིའི་སྐུ་ཚབ་ཡིན་ཁུལ་བྱས་ཏེ་རྒྱལ་སྤྱིའི་སྟེང་བོད་དོན་འཁྱོག་བརྗོད་དང་། བོད་མིའི་ནང་ཁུལ་གྱི་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་རྒྱུ། མ་འོངས་པར་རྒྱལ་སྤྱིའི་སྟེང་བོད་མིའི་སྐུ་ཚབ་ཡིན་ཁུལ་བྱས་ཏེ་ལས་ཀ་འདྲ་མིན་བྱེད་མི་སྲིད་པ་མིན་པས། དོགས་ཟོན་བྱེད་དགོས་པ་ནི་ཧ་ཅང་གི་གལ་ཆེན་པོ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

ཆུ་ཚོད་ ༢ སྔོན་ལ།
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

ཆུ་ཚོད་ ༣ སྔོན་ལ།
སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

༢༠༢༦/༠༣/༡༦
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

༢༠༢༦/༠༣/༡༦
བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese