འཛམ་གླིང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་སྟེ། རྒྱ་གར་གྱིས་ལོ་ངོ་བཅོ་ལྔའི་རྗེས་ནས་མི་འབོར་གྲངས་བཤེར་གྱི་ལས་དོན་མགོ་འཛུགས་བྱས་ཡོད་ཅིང་། དེ་ནི་རྒྱ་གར་གྱི་རང་སྐྱོང་གི་ས་ཚིགས་ ཚུད་པའི་མངའ་སྡེ་ ༣༦ དང་། རྫོང་ཁག་ ༧༠༠༠ ལྷག དེ་བཞིན་གྲོང་རྡལ་ ༩༧༠༠ ལྷག་དང་གྲོང་གསེབ་ ༦༤༠, ༠༠༠ ལྷག་ཏུ་རྩིས་བཤེར་བྱ་རྒྱུ་ཡིན་འདུག
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade] ཁ་སང་ཕྱི་ཚེས་ ༡ ཉིན་རྒྱ་གར་གཞུང་གིས་དྲི་ཚིག་མི ་འདྲ་བ་ ༣༣ ཐོག་ནས་རྒྱ་གར་རྒྱལ་ཡོངས་ཀྱི་མི ་འབོར་ཞིབ་བཤེར་བྱེད་མགོ་བཙུགས་ ཡོད་ཅིང་། དེ་ནི་རྒྱ་གར་གཞུང་གིས་མི་ལོ་ ༡༥ ཡི་རྗེས་སུ་མི་འབོར་ཞིབ་བཤེར་བྱེ ད་ཐེངས་དང་པོར་གྱུར་ཡོད་འདུག རྒྱ་གར་གཞུང་གིས་མི་འབོར་ཞིབ་ བཤེར་བྱེད་པར་ཉུང་མཐར་མི་ལོ་གཅི ག་ལྷག་འགོར་བའི་ཚོད་དཔག་བྱེད་ཀྱི ་ཡོད་ཅིང་། རྩིས་བཤེར་དེའི་ཆེད་ལས་མི་ས་ཡ་ གཅིག་ལྷག་བཀོད་སྒྲིག་བྱས་ཡོད་ འདུག་ལ། ཐེངས་འདིའི་རྒྱ་གར་གྱི་མི་འབོར་ གྲངས་བཤེར་ནི་འཛམ་གླིང་གི་མི་ འབོར་གྲངས་བཤེར་ཆེས་ཆེ་ཤོས་སུ་ ངོས་འཛིན་བྱེད་ཀྱིན་འདུག
ཁ་སང་རྒྱ་གར་གྱི་སྲིད་བློན་མུ་ དྷི་མཆོག་གིས་སྒེར་གྱི་ཨེག་སི་ དྲ་ལམ་སྟེང་། དེ་རིང་ཕྱི་ལོ་ ༢༠༢༧ གྱི་མི་འབོར་གྲངས་བཤེར་གྱི་རིམ་ པ་དང་པོ་དེ་མགོ་བཙུགས་པ་རེད། དེའི་ནང་ཁང་པ་ཐོ་འགོད་དང་སྡོད་ ཁང་ལས་དོན་ཚུད་ཡོད། མི་འབོར་ཞིབ་བཤེར་འདི་ནི་ཐེངས་ དང་པོར་དྲ་ལམ་བརྒྱུད་གནས་ཚུལ་ བསྡུ་རུབ་བྱེད་ཀྱི་ཡོད། དེ་བཞིན་རྒྱ་གར་མི་མང་རྣམས་ཀྱི ས་རང་ཉིད་ཀྱི་ཁྱིམ་ཚང་གི་ཞིབ་ཕྲ འི་གནས་ཚུལ་ཐོ་འགོད་དང་། མི་འབོར་ཞིབ་བཤེར་གྱི་བརྒྱུད་རི མ་ནང་མཉམ་ཞུགས་བྱ་རྒྱུའི་དབང་ཆ་ ལྡན་པའི་ཁར། ངས་རྒྱ་གར་མི་མང་ལ་རང་ཉིད་ཀྱི་ ཁྱིམ་ཚང་གི་ཞིབ་ཕྲའི་གནས་ཚུལ་ རང་ཉིད་ཀྱིས་ཐོ་འགོད་བྱེད་པ་དང་ མི་འབོར་ཞིབ་བཤེར་ནང་མཉམ་ཞུགས་ བྱེད་པར་འབོད་སྐུལ་ཞུ་ཡི་ཡོད། ཅེས་གསུངས་འདུག་ལ། མི་འབོར་གྲངས་བཤེར་དེའི་ཁྲོད་རྒྱ ་གར་གྱི་སྲིད་བློན་མུ་དྷི་མཆོག་ གིས་གཙོས་རྒྱ་གར་དབུས་གཞུང་གི་གནད་ཡོད་མི ་སྣ་མང་དག་ཅིག་གིས་མཉམ་ཞུགས་ གནང་ཟིན་འདུག
ད་ལན་གྱི་རྒྱ་གར་གྱི་མི་འབོར་གྲ ངས་བཤེར་ཐེངས་བཅུ་དྲུག་པ་དེ་ནི། རྒྱ་གར་རང་བཙན་ཐོབ་རྗེས་ཀྱི་མི་ འབོར་གྲངས་བཤེར་བྱེད་ཐེངས་བརྒྱ ད་པར་གྱུར་ཡོད་ཅིང་། གྲངས་བཤེར་སྐབས་རིགས་རུས་ཀྱི་ གནས་ཚུལ་ཚུད་པའི་རྒྱལ་ཁབ་ཀྱི་གནས་བབ་དང་། འཚོ་གནས། ཆབ་སྲིད་ཀྱི་འཐུས་མིའི་གནས་བབ་ བཅས་ཀྱང་རྒྱུས་ལོན་བྱས་པའི་ཐོག་ ནས། རྒྱ་གར་གྱི་རང་སྐྱོང་གི་ས་ཚིགས་ ཚུད་པའི་མངའ་སྡེ་ ༣༦ དང་། རྫོང་ཁག་༧༠༠༠ ལྷག གྲོང་རྡལ་ ༩༧༠༠ ལྷག གྲོང་གསེབ་ ༦༤༠, ༠༠༠ ལྷག་ཏུ་རྩིས་བཤེར་བྱ་རྒྱུ་ཡིན་ པ་མ་ཟད། མི་སྒེར་གྱི་ཁ་པར་དང་དྲ་ལམ་སོ གས་ནས་ཀྱང་ཐོ་འགོད་བྱས་ཏེ་མཉམ་ ཞུགས་བྱ་ཐུབ་ཀྱི་ཡོད་འདུག
བྷི་བྷི་སི་གསར་ཁང་གི་གནས་ཚུལ་ ལྟར་ན། ཁྱིམ་ཚང་རེ་རེའི་སྒོ་ཐེམ་ཉུལ་ ནས་གྲངས་བཤེར་རིམ་པ་གཉིས་བྱ་རྒྱུ ་ཡིན་པའི་ཁྲོད། རིམ་པ་དང་པོར་ཁང་པའི་ཐོ་འགོད་ དང་སྡོད་ཁང་གྲངས་བཤེར་བྱས་ཏེ། སྡོད་ཁང་གི་གནས་སྟངས་དང་། ཁྱིམ་ཚང་གི་གནས་བབ་ཞིབ་བཤེར། རིམ་པ་གཉིས་པ་དེ་ཕྱི་ལོ་ ༢༠༢༧ ཟླ་ ༢ ནས་མགོ་བཙུགས་བྱ་རྒྱུ་ཡིན་ཞིང་། དེའི་ནང་མི་འབོར་སྤྱི་དང་། ཤེས་ཡོན། གནས་སྤོ། སྐྱེ་ཚད་བཅས་ཀྱི་ཞིབ་ཕྲའི་གནས་ ཚུལ་བསྡུ་རུབ་བྱ་རྒྱུ་ཡིན་པ་རེ ད། རྩིས་བཤེར་ཐོག་མ་དེ་རྒྱ་གར་ལྷོ་ རྒྱུད་ཀྱི་ཨན་ཌ་མན་དང་ནི་ཀོ་བར་ གླིང་ཕྲན་དང་། ལྡི་ལི། གྷོ་ཝ། ཀར་ན་ཊ་ཀ མི་ཛོ་རམ། ཨོ་ཌི་ཤ་སོགས་ཚུད་པའི་ས་གནས་ཁག་ ཅིག་གི་ནང་ཐོག་མར་ལག་བསྟར་བྱ་རྒྱུ ་ཡིན་འདུག
སྲིད་བློན་མུ་དྷི་མཆོག་གིས་སྒེར་གྱི་ཨེག་སི་དྲ་ལམ་གྱི་པར། ༢༠༢༥།༤།༡
ད་ལྟ་རྒྱ་གར་གཞུང་གི་མི་འབོར་གྲ ངས་བཤེར་གྱི་དྲི་བའི་ནང་། ཁྱེད་རང་གི་ཁང་པའི་ཐོག་ཨར་འདམ་ ཡིན་ནམ་སྨྱུག་མ་ཡིན། ཁྱེད་རང་གི་ཁ་པར་ག་རེ་ཡིན་ནམ། ཁྱེད་རང་ལ་དྲ་རྒྱའི་མཐུན་རྐྱེན་ ཡོད་དམ། ཡང་ན་ཁྱེད་རང་གིས་ཁ་པར་ག་རེ་བཀོ ལ་གྱིན་ཡོད། ཁྱེད་རང་ལ་ཁྱིམ་མི་ག་ཚོད་ཡོད་ དམ། ཞེས་པ་སོགས་རྒྱུན་ལྡན་གྱི་དྲི་ བ་རྐྱང་རྐྱང་ཡིན་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་འབོ ར་ཐེབས་རྩ་ལྷན་ཚོགས་ཀྱི་གྲངས་ བཤེར་ལྟར་ན། ཕྱི་ལོ་ ༢༠༢༣ ལོར་རྒྱ་གར་གྱི་མི་འབོར་རྒྱ་ནག་ གི་མི་གྲངས་ལས་བརྒལ་ནས་འཛམ་གླི ང་གི་མི་གྲངས་མང་ཤོས་ཀྱི་རྒྱལ་ ཁབ་ཏུ་གྱུར་ཏེ། ད་ལྟ་མི་གྲངས་ཐེར་འབུམ་ ༡།༤ ལྷག་ཡོད་ཅིང་། མི་རྣམས་ཀྱི་ལོ་ཚད་བར་མ་ ༢༨ ཡིན་སྟབས། རྒྱ་གར་ནི་འཛམ་གླིང་ནང་གི་རྒྱལ་ ཁབ་ལོ་ན་གཞོན་ཤོས་ཀྱི་གྲས་གཅིག་ཏུ་ངོས་འཛིན་པ་དང་། མི་འབོར་གྱི་བརྒྱ་ཆ་༧༠ ལྷག་ལས་ཀ་བྱེད་ཐུབ་མཁན་གྱི་དར་ མ་ཡིན་འདུག
རྒྱ་གར་ནང་ཕྱི་ལོ་ ༡༨༧༢ དང་། ༡༨༨༡། ༡༩༠༡། ༡༩༤༡། ༡༩༥༡། ༡༩༦༡། ༡༩༧༠ བཅས་སོགས་དང་། ཕྱི་ལོ་ ༢༠༡༡ ལོར་མི་འབོར་གྲངས་བཤེར་བྱས་ཏེ། ཕྱི་ལོ་ ༢༠༢༡ ལོར་ཏོག་དབྱིབས་ནད་ཡམས་ཀྱིས་གྲ ངས་བཤེར་ཕྱིར་འགྱངས་པ་བྱས་པའི་ མུར། དེའི་རྗེས་སྲིད་བློན་གྱི་འོས་བསྡུ ་སོགས་ཀྱི་དབང་གིས་སླར་ཡང་ཕྱིར་ འགྱངས་བྱ་དགོས་བྱུང་འདུག ཕྱི་ལོ་ ༡༩༤༧ ལོར་རྒྱ་གར་རང་བཙན་ཐོབ་སྐབས། རྒྱ་གར་གྱི་མི་འབོར་ས་ཡ་ ༣༤༠ ནས་ ༣༥༠ བར་ཡོད་ཅིང་། ཕྱི་ལོ་ ༢༠༡༡ ལོར་མི་འབོར་ཐེར་འབུམ ༡།༢༡ ལ་ཟིན། ཕྱི་ལོ་ ༢༠༢༣ ལོར་མི་གྲངས་ཐེར་འབུམ་ ༡།༤ ལ་ཟིན་འདུག དེ་བཞིན་ཕྱི་ལོ་ ༢༠༡༡ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་ མཆོག་ནས་རྒྱ་གར་གྱི་མི་འབོར་གྲ ངས་བཤེར་ཁྲོད་མཉམ་ཞུགས་མཛད་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།