མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

བོད་ཀྱི་དུས་བབ།
༢༠༢༦/༠༤/༠༩
Share on FacebookShare on TwitterShare on EmailShare on Whatsapp

དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ ༤༣ པ་ཛྙཱན་བཛྲ་རིན་པོ་ཆེ་མཆོག་གིས་ཟླ་ ༣ ཚེས་ ༦ ནས་ཟླ་གཉིས་རིང་ཨོ་གླིང་དུ་ཆོས་ཚོགས་ཁག་བརྒྱད་ལ་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་བཞིན་པའི་ཁྲོད། ཨོ་གླིང་གི་དཔལ་འབྱོར་བློན་ཆེན་གྱིས་དབུས་པའི་གནད་ཡོད་མི་སྣ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་གཙོ་བྱས་པའི་བོད་རིགས་རྣམས་ལ་བཀའ་ཆོས་མཛད་འཕྲིན་བསྐྱངས་དང་སྐྱོང་མུས་ཡིན།

ཟླ་སྔོན་མ་ཕྱི་ཟླ་ ༣ ཚེས་ ༦ ཉིན་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ ༤༣ པ་ཛྙཱན་བཛྲ་རིན་པོ་ཆེ་མཆོག་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་དུ་ཞབས་སོར་འཁོད་གནང་ཡོད་པ་དང་རིམ་བཞིན་ས་སྐྱ་ཆོས་འཁོར་ལྷུན་པོ་ཆོས་ཚོགས་དང་ཝིག་ཊོ་རི་ཡ་བོད་རིགས་ཚོགས་པ་སོགས་ནས་གསོལ་འདེབས་བཞིན་དྲག་པོ་གསུམ་སྒྲིལ་རྗེས་གནང་དང་མི་མང་མཇལ་ཁ་དང་ཕུར་པའི་བཀའ་བསྒོ་སོགས་གནང་ནས་རིམ་བཞིན་མཛད་རིམ་ཁག་དབུ་འཛུགས་ཞུས། ཚེས་ ༡༨ ཉིན་བླ་མ་ཆོས་གྲགས་རིན་པོ་ཆེའི་ (SIBA) ཆོས་ཚོགས་སུ་ཞབས་སོར་འཁོད་ནས་ཀྱེ་རྡོར་རྒྱུ་དབང་སོགས་གསུང་ཆོས་ཁག་དང་ཚེས་ ༢༨ ཉིན་ཉེ་འཆར་གསར་བཞེངས་མཛད་པའི་དཔལ་ས་སྐྱའི་ཞི་བདེ་གཙུག་ལག་ཁང་དབུ་འབྱེད་བཀའ་དྲིན་བསྐྱངས། མཛད་སྒོའི་སྐུ་མགྲོན་དུ་ཨོ་སེ་ཊོ་ལི་ཡའི་དབུས་གཞུང་གི་དཔལ་འབྱོར་བློན་ཆེན་ (Minister for Finance, Katy Gallaghe) ཀེ་ཊི་གྷ་ལ་གྷེ་དང་རང་གཞུང་དོན་གཅོད་ཀརྨ་སེང་གེ་མཆོག་ཡེ་ཤུ་བླ་ཆེན་ཨར་ཅ་བི་ཤོབ་སོགས་ས་གནས་དཔོན་རིགས་མང་པོ་དང་། བླ་མ་ཆོས་གྲགས་དབུས་པའི་ཆོས་ཚོགས་ཀྱི་ཚོགས་མི་དང་སྦྱིན་བདག ས་གནས་བོད་རིགས་བཅས་མི་མང་སུམ་བརྒྱ་བརྒལ་བ་མཉམ་འཛོམ་ཐོག་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་མཆོག་གི་གསུང་བཤད་བཀའ་སློབ་དང། དབུས་གཞུང་བློན་ཆེན་གྱི་གསུང་བཤད་གྲུབ་རྗེས་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཆོག་གི་གསུང་འཕྲིན་བྱིན་ཅན་རང་གཞུང་གི་དོན་གཅོད་སྐུ་ངོ་ཀརྨ་སེངྒེ་མཆོག་ནས་ལྗགས་ཀློག་གནང་གྲུབ་རྗེས་བསྟན་པའི་སྦྱིན་བདག་ཆེ་བ་བཅུ་ལ་ལེགས་སྐྱེས་སྟོན་པའི་ཞལ་ཐང་སྤུས་ལེགས་རེ་༸སྐྱབས་མགོན་མཆོག་གི་ཕྱག་ནས་གསོལ་རས་སྩོལ་གནང་བ་དང་། དཔལ་ས་སྐྱའི་ཞི་བདེའི་བསྟི་གནས་སྒོ་འབྱེད་རྟེན་འབྲེལ་གསོལ་ཐུད་གཏུབ་གནང་གྲུབ་རྗེས་ཁེན་བེ་རའི་བོད་རིགས་དང་འབྲུག་རིགས་སོགས་ནས་གཞས་སྣ་འཁྲབ་སྟོན་དང་སྐུ་མགྲོན་རྣམས་ལ་དཀར་ཟས་གསོལ་སྟོན་ཕུལ་གནང་བ་བཅས་ཀྱི་མཛད་སྒོ་རྒྱལ་ཁའི་ངང་ལེགས་པར་གྲུབ།

སྤྱིར་བོད་རིགས་ཉུང་ཤས་གཅིག་ཨོ་གླིང་དུ་གཞིས་སྤོས་གནང་བའི་གྲས་སུ་ཚར་པ་ལོ་ཆེན་བླ་མ་ཆོས་གྲགས་རིན་པོ་ཆེ་མཆོག་ཨོ་གླིང་དུ་སྤྱི་ལོ་ ༡༩༨༥ ལོར་གཞིས་སྤོས་ཀྱིས་མཐོ་རིམ་སློབ་གྲྭར་གཙུག་ལག་རབ་འབྱམས་པའི་སློབ་གཉེར་གནང་ཞོར་དུ་ནང་ཆོས་ངོ་སྤྲོད་དང་ཞི་གནས་སྒོམ་སྒྲུབ་སོགས་འཆད་འཁྲིད་གནང་ནས་ས་སྐྱ་བློ་གསལ་ཆོས་རྫོང་གི་གཙོས་པའི་ཆོས་ཚོགས་བཅུ་ལྷག་ཆེད་འཛུགས་གནང་ནས་༸གོང་ས་མཆོག་དང་། དཔལ་ས་སྐྱའི་བླ་ཆེན་༸གོང་མ་ཡབ་སྲས་གསུམ་དང་བདེ་བར་གཤེགས་པ་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ་སོགས་གདན་ཞུས་ཀྱིས་དད་ལྡན་སྟོང་ཕྲག་མང་པོར་ཐར་པའི་ས་བོན་བསྐྲུན་པ་མ་ཟད། ཨོ་གླིང་གཞི་རིམ་སློབ་གྲྭ་དུ་མར་སེམས་ཁམས་རིགས་པ་དང་བཟང་སྤྱོད་སྐོར་འཆད་འཁྲིད་དང་སྤྱི་ཚོགས་ཞབས་ཞུ་ཇི་སྙེད་གཅིག་གནང་བར། ཨོ་གླིང་ས་གནས་དང་དབུས་གཞུང་ནས་ཆེ་མཐོང་གིས་གཟེངས་རྟགས་མང་པོ་ཐོབ་ཡོད། སྤྱི་ལོ་༢༠༡༧ ལོར་ཨོ་གླིང་སྲིད་གཞུང་ནས་རྒྱལ་སའི་མངའ་ཁུལ་དུ་ཞི་བདེའི་བསྟི་གནས་འདེབས་ཡུལ་ས་ཆ་སྤུས་ལེགས་ཤིག་གནང་བ་ལྟར་འདས་པའི་ལོ་མང་རིང་བོད་ལུགས་གཙུག་ལག་ཁང་བཟོ་བཀོད་ལེགས་པ་ཕྱི་ནང་གི་རྟེན་དང་བརྟེན་པར་བཅས་གསར་བཞེངས་ལེགས་གྲུབ་དང་། བདེ་བར་གཤེགས་པ་༸སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ་མཆོག་གི་གདུང་རྟེན་བྱང་ཆུབ་མཆོད་རྟེན་མཐོ་ཚད་ཕེ་ཊི་ཉེར་བརྒྱད་ཅན་ཅིག་ཀྱང་གསར་བཞེངས་ལེགས་གྲུབ་ཀྱིས་ད་ལམ་དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་༸སྐྱབས་མགོན་ཛྙན་བཛྲ་རིན་པོ་མཆོག་གིས་དཔལ་ཀྱེ་རྡོ་རྗེའི་སྒོ་ནས་རབ་གནས་ཉིན་གཅིག་དང་བསྟན་པ་རྒྱས་ཞིང་བླ་མའི་སྐུ་ཚེ་བརྟན་པ་སོགས་ལ་དམིགས་ནས་ཉིན་གསུམ་རིང་ཨོ་གླིང་དུ་འཁོན་ལུགས་རྡོ་རྗེ་ཕུར་པའི་སྒྲུབ་མཆོད་ཐོག་མ་དེ་ཚོགས་གནང་ཡོད། ཨོ་གླིང་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་གཙུག་ལག་ཁང་སྤུས་ལེགས་གསར་བཞེངས་གྲུབ་པ་འདིའང་༸རྒྱལ་བའི་གོ་སྟོན་དང་བྱམས་བརྩེའི་ལོ་བསྲུང་བརྩི་ཞུ་རྒྱུའི་ཆ་རྐྱེན་བླ་ན་མེད་པ་མ་བསྒྲིགས་ལྷུན་འགྲུབ་བྱུང་བ་འདིའང་གོང་ས་མཆོག་གི་ཐུགས་རྗེ་ཁོ་ན་ཡིན་པ་གོར་མ་ཆག

ཕྱི་ཚེས་ ༣༠ ཉིན་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ཛྙཱན་བཛྲ་རིན་པོ་ཆེ་མཆོག་ནས་ཨོས་ཊེ་ལི་ཡའི་རྒྱལ་ས་ཁེན་བྷེ་རའི་དཔལ་ས་སྐྱའི་ཞི་བདེའི་གཙུག་ལག་ཁང་དུ་མི་མང་ལ་ཚེ་དབང་དང་། ཁེན་བྷེ་ར་བོད་རིགས་མཐུན་ཚོགས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་མང་ཚོགས་ལ་བླང་དོར་བཀའ་སློབ་དང་ཕུར་པའི་བཀའ་བསྒོ་བཅས་བཀྲིན་སྩལ། ཉིན་རྒྱབ་ཨོས་ཊེ་ལི་ཡའི་རྒྱལ་ས་ཁེན་བྷ་ར་ནས་ཆིབས་ཐོན་གྱིས་གྲོང་སྡེ་མིལ་ཊོན་དུ་ཞབས་སོར་འཁོད་ནས་དེར་ཡོད་བོད་རིགས་རྣམས་ལ་བཀའ་བསྒོ་དང་མཇལ་ཁ། གཞན་ཡང་ཨ་ལ་ཌ་ལ་སློབ་ཆེན་དུ་ཤེས་ཡོན་དང་ནང་སེམས་ཀྱི་གལ་གནད་སྐོར་སློབ་ཕྲུག་དང་ཕ་མ་རྣམས་ལ་བཀའ་སློབ་གནང་། དགོང་མོ་འཇམ་དབྱངས་ཆོས་ཚོགས་སུ་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཚེམ་བུ་ལུགས་ཀྱི་རྗེས་གནང་དང་སློབ་གསར་ཁག་ཅིག་ལ་སྐྱབས་སྡོམ་འབོགས་ཆོག་བསྩལ། ཟླ་འདིའི་ཕྱི་ཚེས་ ༥ ནས་ ༧ བར་བྲོག་མི་ཆོས་ཚོགས་དང་སྐྱེ་དགོན་བརྩེ་ཆེན་བསམ་འགྲུབ་གླིང་ཆོས་ཚོགས་སོ་སོར་ཆིབས་བསྒྱུར་གྱིས་གསུང་ཆོས་དང་བཀའ་སློབ་སོགས་ཀྱི་མཛད་རིམ་བསྐྱངས་ཡོད།

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

ཆུ་ཚོད་ ༢ སྔོན་ལ།
TTT
Mobile App

ཚེ་རིང་བདེ་སྐྱིད་ལགས་འདི་ལོའི་ཨ་རིའི་ཁུན་སི་གྲོང་ཁྱེར་གྱི་སྟོབས་ཤུགས་ཆེ་བའི་མི་སྣ་ ༡༠༠ ནང་མིང་འདོན་བྱས། 

ཆུ་ཚོད་ ༢ སྔོན་ལ།
Mobile App

བལ་ཡུལ་གཞུང་གསར་པས་རྒྱ་ནག་ཚུད་པའི་སུལའང་བལ་ཡུལ་གྱི་ས་ཁོངས་བེད་སྤྱོད་གཏོང་གི་འཇུག་གི་མིན་ཟེར། 

ཆུ་ཚོད་ ༣ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༢༢ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༢༣ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

༢༠༢༦/༠༤/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese