མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

བོད་ཀྱི་དུས་བབ།
༢༠༢༦/༠༤/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་གིས་རྒྱ་ནག་གཞུང་གི་ལེགས་སྐྱེས་ཡག་ཤོས་ཤིག་ནི་བོད་པའི་རིག་གཞུང་དང་ཆོས་ལུགས་ལ་རང་དབང་སྤྲོད་དགོས་པ་དེ་རེད་ཅེས་གསུངས་སོང་།

ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༠ ཉིན་ཨོ་གླིང་སི་ཌི་ནི་གྲོང་ཁྱེར་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་རྣམ་གཉིས་མཇལ་འཕྲད་གནང་། བོད་མིའི་སྒྲིག་འཛུགས་ཀྱི་པར།

དེ་རིང་ཕྱི་ཚེས་ ༩ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ཨོ་གླིང་གི་ཡེ་ཤུའི་ཆོས་ཚོགས་ཀྱི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་གིས་ ( Bill Crews )༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་ཡོད་ཅིང་། མཇལ་ཁ་གྲུབ་མཚམས་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རོ་སི་མཆོག་གིས་འདི་གར་གསར་འགོད་པར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ངེད་གཉིས་ལོ་ངོ་བཞི་བཅུའི་རིང་གི་གྲོགས་པོ་ཡིན། ལོ་རེ་རེ་བཞིན་ངས་༧གོང་ས་མཆོག་ལ་མཇལ་བཅར་གྱི་འབད་བརྩོན་ཞུ་བཞིན་ཡོད། ༧གོང་ས་མཆོག་ཨོ་གླིང་གི་ངའི་ཡེ་ཤུའི་ལྷ་ཁང་དུ་ཕེབས་མྱོང་ཡོད་ཅིང་། ངེད་གཉིས་ཀྱིས་མཉམ་དུ་སྡོད་གནས་མེད་པའི་མི་མང་ ༤༠༠ ལ་ཟས་སྦྱིན་མྱོང་། སྡོད་གནས་མེད་པའི་མི་མང་རྣམས་ཁོང་ལ་ཧ་ཅང་དགའ་བོ་ཡོད། ༧གོང་ས་མཆོག་ནས་ཁོང་ཚོར་ངོས་རང་ཡང་སྡོད་གནས་མེད་མཁན་ཞིག་ཡིན་ཞེས་གསུང་གི་ཡོད། སྐབས་དེར་མི་མང་མཉམ་འཛོམས་བྱུང་ཐུབ་ཀྱི་ཡོད། དེ་ནི་ངའི་མི་ཚེ་ནང་གི་ཉམས་མྱོང་ཧ་ཅང་ཡག་པོ་ཞིག་ཡིན་པས། ངེད་གཉིས་ཀྱིས་རྟག་ཏུ་དེའི་སྐོར་ལ་གླེང་མོལ་བྱེད་ཀྱི་ཡོད། ངས་ཁོང་ཉིད་ཡེ་ཤུ་ཆོས་པ་ཡག་པོ་ཞིག་ཡིན་ཟེར་གྱི་ཡོད་ལ། ཁོང་གིས་རང་ཉིད་ནང་པ་ཧ་ཅང་ཡག་པོ་ཞིག་ཡིན་གསུངས་ཀྱི་འདུག ངེད་གཉིས་གྲོགས་པོ་ཡག་པོ་ཞིག་ཡིན། ཞེས་གསུངས་སོང་།

གསར་འགོད་པས་དེ་རིང་༧གོང་ས་མཆོག་དང་ལྷན་དུ་དམིགས་བསལ་བཀའ་མོལ་ཞུས་ཡོད་མེད་དྲིས་པར། ངེད་གཉིས་ཀྱིས་འདས་ཟིན་པའི་སྐོར་ལ་ཁ་བརྡ་བྱས་ཡིན་ལ། ངས་ཁོང་གི་དབུ་ལ་འོ་ཞིག་བྱས་པ་ཡིན། ཁོང་ནི་ང་ལ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། ངས་ཁོང་ཉིད་ནི་དེང་སང་གི་འཛམ་གླིང་འདིའི་འགྲོ་བ་མི་རྣམས་ལ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པ་ཤེས་ཀྱི་ཡོད།ཅེས་གསུངས་སོང་། ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་མཇལ་འཕྲད་གནང་བའི་སྐོར་དང་འབྲེལ་ནས་ཁོང་གིས། ང་ནི་བོད་པའི་གྲོགས་པོ་ཡག་པོ་ཞིག་ཡིན། ངས་སྲིད་སྐྱོང་མཆོག་ལ་བོད་པའི་སྤྱི་ཚོགས་དང་མཉམ་དུ་གདུང་སེམས་མཉམ་བསྐྱེད་བྱེད་བཞིན་པའི་སྐོར་བཤད་ཡོད། བོད་མི་ཡོངས་རྫོགས་རྡོག་རྩ་གཅིག་སྒྲིལ་བྱ་དགོས། རྒྱ་ནག་གཞུང་གི་ལེགས་སྐྱེས་ཡག་ཤོས་ཤིག་ནི་བོད་པའི་རིག་གཞུང་དང་ཆོས་ལུགས་ལ་རང་དབང་སྤྲོད་དགོས་རྒྱུ་དེ་རེད། འཛམ་གླིང་འདིར་སྔར་ལས་ཀྱང་ཡག་པོ་ཞིག་ཆགས་ཀྱི་རེད། ཅེས་གསུངས་སོང་།

ཡང་ཁོང་གིས། ངའི་ཐེབས་རྩ་ཚོགས་པས་ཨོ་གླིང་གི་སྡོད་གནས་མེད་པའི་མི་མང་པོར་ཟས་སྦྱིན་གནང་ཡོད། འཛམ་གླིང་གི་འབར་རྫས་གས་ཐོར་བྱུང་བའི་རྒྱལ་ཁབ་ཁག་ཏུའང་ང་ཚོས་ལས་ཀ་བྱེད་བཞིན་ཡོད། དེ་བཞིན་ལྷོ་སུ་ཌན་དང་གྷ་ཛ་ནང་དམག་འཁྲུག་བྱུང་སྟེ་དཀའ་ངལ་ནང་ཡོད་པའི་མི་མང་ལ་རོགས་རམ་བྱེད་བཞིན་ཡོད། བོད་མི་རྣམས་ཀྱིས་དྲང་བདེན་གྱི་ཐོག་ནས་ལས་དོན་བསྒྲུབ་དགོས། རྒྱ་ནག་གཞུང་དེ་རླུང་གཡུག་པ་ལྟར་རྫོགས་ནས་འགྲོ་སྐབས། བོད་པའི་བདེན་པ་དུས་བརྟན་དུ་གནས་ཐུབ་ཀྱི་རེད། ཅེས་གསུངས་སོང་།

ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ནི་ཕྱི་ལོ་ ༡༩༤༤ ལོར་དབྱིན་ཡུལ་དུ་འཁྲུངས་ཡོད་ཅིང་། ཕྱི་ལོ་ ༡༩༨༦ ལོར་ཡེ་ཤུ་མཉམ་འབྲེལ་ཆོས་ཚོགས་ཀྱི་མཐོ་སློབ་ནས་བསླབ་པ་མཐར་སོན་སྟེ། ཨོ་གླིང་སི་ཌི་ནི་ཡེ་ཤུའི་ཆོས་ཚོགས་ཀྱི་བློན་ཆེན་དུ་བསྐོས། ཕྱི་ལོ་ ༡༩༨༩ ལོར་ཨེ་ཛོ་དྷུ་སི་ཐེབས་རྩ་ཁང་(Exodus Foundation) བཙུགས་ཏེ་སྡོད་གནས་མེད་པ་དང་བདག་མེད་བྱིས་པ་སོགས་སུ་རོགས་རམ་བྱས། ཁོང་ལ་ཕྱི་ལོ་ ༡༩༩༢ ལོའི་ཨ་ཕའི་ལོ་དང་འགྲོ་བ་མིའི་ལོ་ཞེས་པའི་མཚན་སྙན་དང་། ཨོ་གླིང་རྒྱལ་ཡོངས་རིན་ཆེན་བརྒྱ། ཨོ་གླིང་ཆེ་བསྟོད་སོགས་ཀྱི་གཟེངས་རྟགས་ཐོབ་ཡོད། ཕྱི་ལོ་ ༢༠༠༧ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཨོ་གླིང་དུ་ཆིབས་བསྒྱུར་བསྐྱངས་སྐབས་ཐེངས་དང་པོ་མཇལ་འཕྲད་གནང་ཡོད་འདུག ཕྱི་ལོ་ ༢༠༡༣ ལོར་༧གོང་ས་མཆོག་དང་ཆོས་དཔོན་བྷིལ་ཁི་རུ་སི་རྣམ་གཉིས་ཀྱིས་མཉམ་དུ་ཁུལ་དེའི་མི་མང་སྐྱོ་བོར་ཟས་སྦྱིན་གནང་ཡོད་འདུག ཁོང་གིས་འཆར་ཅན་ལྟར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་བཞིན་འདུག་ལ།  དྲ་ལམ་བརྒྱུད་ནས་༧སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་འདུག དེ་བཞིན་ཨོ་གླིང་ནང་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

ཆུ་ཚོད་ ༡ སྔོན་ལ།
TTT
Mobile App

ཚེ་རིང་བདེ་སྐྱིད་ལགས་འདི་ལོའི་ཨ་རིའི་ཁུན་སི་གྲོང་ཁྱེར་གྱི་སྟོབས་ཤུགས་ཆེ་བའི་མི་སྣ་ ༡༠༠ ནང་མིང་འདོན་བྱས། 

ཆུ་ཚོད་ ༢ སྔོན་ལ།
Mobile App

བལ་ཡུལ་གཞུང་གསར་པས་རྒྱ་ནག་ཚུད་པའི་སུལའང་བལ་ཡུལ་གྱི་ས་ཁོངས་བེད་སྤྱོད་གཏོང་གི་འཇུག་གི་མིན་ཟེར། 

ཆུ་ཚོད་ ༣ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༢༢ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༢༣ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

༢༠༢༦/༠༤/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese