མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

བོད་ཀྱི་དུས་བབ།
༢༠༢༦/༠༤/༡༦
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། འབར་བྱེད།
རྩོམ་ཁུངས། བོད་ཀྱི་དུས་བབ།

གླེང་སློང་བ།
ཉེར་དྲུག་ལོའི་འོས་བསྡུའི་ལས་རིམ་ཚ་ཚ་འུར་འུར་ངང་འགྲོ་བཞིན་པའི་སྐབས་འདིར་ངེས་པར་དུ་གླེང་དགོས་པ་དང་གླེང་རིན་ཡོད་པ་ནི་སྤྱི་འཐུས་ལས་ཐོག་ཆོས་གྲགས་རྒྱ་མཚོ་ཡིན། མི་རབས་གསར་བའི་ན་གཞོན་མང་པོ་ཞིག་རྐྱེན་སྣ་ཚོགས་ཀྱི་དབང་གིས་འཐབ་རྩོད་ཀྱི་ནུས་པ་ཉམས་ཤིང་བསམ་བློའི་སྟོབས་ཤུགས་མེད་པ། ཡོད་པ་རེ་ཟུང་ལ་གཞི་མེད་ཀྱི་ནག་ཉེས་བཙུགས་ཏེ་བོད་པའི་སྤྱི་ཚོགས་དང་ཁ་ཐག་རང་དུ་གཏོང་བཞིན་པའི་སྐབས་དེར། ཤེས་ཡོན་དང་ལྷག་བསམ། སེམས་ཤུགས་དང་སྙིང་སྟོབས་སོགས་མི་སེམས་ཀྱི་གསོན་ཤུགས་མ་ཉམས་པའི་གཞོན་སྐྱེས་ཁ་ཤས་མདུན་དུ་སླེབས་ནས་བོད་དོན་འཐབ་རྩོད་ཀྱི་བཙན་ས་རེ་བཟུང་ཡོད་ལ་ཆོས་གྲགས་རྒྱ་མཚོ་ཡང་དེའི་གྲས་ཀྱི་གཅིག་ཡིན།

ཉམས་མྱོང་གི་ཐད་ནས།
ཁོས་སློབ་གྲྭ་འགྲིམ་པའི་དུས་སྐབས་ནས་བཟུང་རང་ཉིད་སྐྱབས་བཅོལ་བ་ཞིག་ཡིན་པའི་འདུ་ཤེས་སྟེང་ནས་བོད་པའི་ལས་དབང་འདི་ཁ་ལོ་བསྒྱུར་བ་ལ་སློབ་སྦྱོང་གི་རྨང་གཞི་བརྟན་དགོས་པ་གཙོ་བོར་བཟུང་ནས་སློབ་སྦྱོང་ལ་ཧུར་བརྩོན་བྱས་པས་སློབ་གྲྭའི་ནང་འགན་བདག་རིམ་པ་དང་འཛིན་རིམ་བཅུ་གཉིས་ཀྱི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་སློབ་གྲྭའི་ནང་རྩེར་སོན་བླངས། བོད་ཀྱི་བདེན་མཐའ་གསལ་བ་ལ་དབུ་མའི་ལམ་གྱི་སྲིད་ཇུས་མཆོག་ཏུ་མཐོང་ནས་ཕུགས་རྒྱང་ཐུང་བའི་ན་གཞོན་གྱི་ཨ་གསར་བསམ་བློ་དེ་དོར་ནས་དབུ་མའི་ལམ་ལ་ངེས་པ་རྙེད། དངོས་སུ་སྤྱི་ཚོགས་སུ་སླེབས་པ་ནས་བཟུང་དབུ་མའི་ལམ་གྱི་ཚོགས་གཞོན་དང་། རྡ་སའི་ས་གནས་གྲོས་ཚོགས་ཀྱི་འཐུས་མི་སོགས་ཁོང་གི་ལོ་ཚོད་ཀྱིས་མི་ཐེག་པའི་ལས་གནས་དེ་དག་ལ་གདོང་གཏད་ནས་བོད་མི་ཞིག་གི་འགན་འཁྲི་དེ་དང་དུ་བླངས། མ་ཟད་ཉེར་གཅིག་ལོར་མདོ་སྨད་མི་མང་གིས་སྤྱི་འཐུས་ཀྱི་འགན་སྤྲད་པ་ནས་བཟུང་ཁོས་མདོ་སྨད་མི་མང་གི་ངོ་ཚབ་མཚོན་པའི་སྟེང་ནས། ༧གོང་ས་མཆོག་གི་དགོངས་གཞི་དང་། མདོ་སྨད་མི་མང་གི་མངོན་འདོད་གཞི་རྩར་བཟུང་ནས་འདས་པའི་མི་ལོ་ལྔའི་ནང་ཕྱི་རྒྱལ་བ་རྣམས་ལ་བོད་དོན་ངོ་སྤྲོད་དང་ཁྱབ་བསྒྲགས་བྱས་པ། གྲོས་ཚོགས་སུ་ཆ་ཤས་གནད་ལ་འཁེལ་བ་བླངས་བ་སོགས་མདོར་ན་མདོ་སྨད་མི་མང་ལ་ངོ་གནོང་མི་དགོས་པ་ཞིག་བསྒྲུབས་ཡོད། སྤྱི་འཐུས་ཀྱི་ལས་ཡུན་རིང་སྤྱི་འཐུས་རྒྱུན་ལས་དང་། མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་དྲུང་ཆེ། དེ་བཞིན་སྔོན་རྩིས་ཚོད་དཔག་ཚོགས་ཆུང་གི་ཚོགས་གཙོ་སོགས་སྤྱི་འཐུས་ཚད་ལྡན་ཞིག་གིས་སྒྲུབ་དགོས་པ་ཡོངས་སུ་བསྒྲུབས་ནས་ཉམས་མྱོང་ཡང་ཕུན་སུམས་ཚོགས་པ་ཐོབ་ཡོད་པ་མ་ཟད། མདོ་སྨད་གོ་སྟོན་ཆེན་མོའི་དྲུང་ཆེའི་མིང་ཐོག་ནས་གོ་སྟོན་གྱི་ལས་དོན་ཁག་ལ་ནུས་ཚོད་ཀྱིས་ཞབས་འདེགས་ཕྲན་བུ་རེ་ཞུ་ཐུབ་པ་དེ་ཡང་ཁོའི་མི་ཚེའི་ངོས་ནས་བལྟས་ན་རྒྱགས་ཕྱེ་ཆེན་པོ་ཞིག་རེད།

རྣམ་དཔྱོད་ཀྱི་ཐད་ནས།
ཚད་ལྡན་གྱི་འཐུས་མི་་ཞིག་ཡིན་ན་དྲང་ཚུགས་ཁོ་ནས་ལས་ཀ་བྱ་མི་ཐུབ་ལ་རྣམ་དཔྱོད་ནི་ངེས་པར་དུ་ཡོད་དགོས་པ་ཞིག་ཡིན། དེ་མེད་ཚེ་གཡོན་ཐལ་བ་རྣམས་ཁ་དར་ཡོད་པའི་བོད་ཀྱི་གྲོས་ར་ཆུང་ཆུང་འདིར་བཀའ་ཤག་གི་ནུས་པ་ཆུང་རུ་གཏོང་འདོད་མཁན་གྱི་ཆོས་འཐུས་དང་ཆོལ་འཐུས་ཚོའི་སོ་ཁ་འཐབ་རྩོད་ཀྱི་སྟེང་དུ་མི་གཏད་པར་ད་ལྟའི་བཀའ་ཤག་གི་སྟེང་དུ་གཏད་ཡོད་པས་རྣམ་དཔྱོད་བེད་སྤྱད་ནས་དེ་དག་ལ་གདོང་ལེན་མ་བྱས་ཚེ་བཀའ་ཤག་གི་ལས་དོན་མང་པོ་ཞིག་ལམ་ལ་འགྲོ་དཀའ། དཔེར་ན། ཉེ་སྔོན་གྲོས་ཚོགས་ཀྱི་སྐབས་སུ་གཡོན་ཐལ་སྤྱི་འཐུས་རྣམས་ཀྱིས་རུབ་རྡུང་བྱས་ནས་ཨ་རིའི་མེ་ནེ་སོ་ཊའི་ཨ་སྒོར་ས་ཡ་བཞི་ཡི་ལས་འཆར་དང་འབྲེལ་ནས་དཔལ་ལྡན་སྲིད་སྐྱོངམཆོག་ལ་གླེང་ལོག་བྱས་པ་རྣམས་སྲིད་སྐྱོང་མཆོག་གིས་དེའི་སྐོར་གསལ་བཤད་ལན་མང་ཞུས་ཀྱང་གསལ་བོ་ཆགས་རྒྱུའི་རེ་བ་མི་འདུག་པས་”ད་ནས་བཟུང་དེའི་སྐོར་ཚིག་གཅིག་ཞུ་ཡ་མིན་”གསུངས་རྗེས། བང་ཆེན་ཚུལ་ཁྲིམས་ནས་སླར་ཡང་གནས་ཚུལ་དེ་དང་འབྲེལ་སྲིད་སྐྱོང་མཆོག་ནས་རང་གི་ཟ་རོགས་འཐུང་རོགས། འགྲོ་རོགས་དང་འདུག་རོགས་ཚོར་ལས་འཆར་དེ་དང་འབྲེལ་ནས་ཁེ་བཟང་སྤྲོད་བཞིན་ཡོད་པའི་གླེང་སློང་བཟོས་བར། སྐབས་དུས་ལ་བསྟུན་ནས་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ཡར་ལངས་ནས་བང་ཚུལ་གྱི་ལོག་འགྲེལ་དེར་དཔལ་ལྡན་སྲིད་སྐྱོང་མཆོག་ནས་གསལ་བཤད་གནང་དགོས་སྐོར་ཀྱི་འབོད་སྐུལ་དང་གོ་སྐབས་སྤྲད་པ་ལ་བརྟེན་ནས་སྲིད་སྐྱོང་མཆོག་གིས་བང་ཚུལ་གྱི་བརྡ་ལོག་འགྲེལ་ལོག་རྣམས་བཟློག་ནས་གསལ་གསལ་ཐང་ཐང་བཟོས་པ་དེ་ཡང་ཁོའི་རྣམ་དཔྱོད་ལས་ལོག་སྨྲ་རྣམས་ཚར་གཅོད་སྟངས་ཤིག་རེད་ལ་འདི་ནི་དཔེ་མཚོན་ཙམ་ཡིན།

ཡོན་ཏན་གྱི་ཐད་ནས།
སློབ་སྦྱོང་གི་བརྒྱུད་རིམ་ནི་སྤྱི་འཐུས་ཀྱི་ལས་དོན་དང་འབྲེལ་ཡོད་ལ། སློབ་སྦྱོང་ཡག་པོ་ཞིག་ཡོང་བར་སློབ་སྦྱོང་གི་ཁོར་ཡུག་དང་འབྲེལ་བ་དམ་ཟབ་ཡོད་པས་འཛིན་རིམ་བཅུ་གཉིས་ཀྱི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་སྐབས་སློབ་གྲྭའི་ནང་ཨང་རིམ་དང་པོ་སོན་པ་དེས་ཁོ་རང་རྒྱ་གར་གྱི་སློབ་ཆེན་རྩེར་སོན་ཞིག་འགྲིམས་ཐུབ་པ་བྱུང་། མཐོ་སློབ་ཀྱི་སྐབས་ཁོས་རང་ཉིད་དང་འབྲེལ་བ་ཆགས་པའི་ཆབ་སྲིད་རིག་པར་སློབ་སྦྱོང་བྱས་ནས་བསླབ་གནས་དེའི་ལག་འཁྱེར་བླངས་པ་མ་ཟད་སྔར་བོད་ནང་དུའང་སློབ་སྦྱོང་གི་འབྲས་བུ་གཟེངས་སུ་ཐོན་པ་བྱུང་ཡོད། ལག་འཁྱེར་ཙམ་གྱིས་བསམ་བློ་དང་ཤེས་ཡོན་གྱི་ཚད་འཇལ་མི་ཐུབ་ཡང་། སྤྱི་ཚོགས་ཀྱི་ནང་དུ་ལས་ཀ་ཞིག་བྱས་ན་དེ་ནི་ཆ་རྐྱེན་ཞིག་དུ་གྱུར་འདུག་པ་མ་ཟད། གྲོགས་ཚོགས་ཀྱི་ནང་དུ་བསམ་བློའི་སྤུས་ཚད་སྐྱོ་བའི་རིགས་འཚང་ཁ་རྒྱག་བཞིན་པ་འདི་ཡང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་མ་འགྲིམ་པའི་དན་རྟགས་ཤིག་རེད། ཁོ་བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་ལ་རང་སྐྱ་ཐུབ་པ་དེས་འདས་པའི་ལོ་ངོ་ལྔའི་རིང་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་ཆེད་ཨ་རི་དང་ཡོ་རོབ་རྒྱལ་ཁབ་ཁག ནེའོ་ཛི་ལན་ཌི། ཨོ་སི་ཁྲོ་ལེ་ཡ་སོགས་སུ་གནད་ཡོད་མི་སྣ་དང་མཇལ་སྐབས་འཐུས་མི་གཞན་ལྟར་མི་གཉིས་པ་ཞིག་བརྒྱུད་མི་དགོས་པར་རང་ངོས་ནས་ཞུ་གཏུགས་བྱ་ཐུབ་པ་བྱུང་བ་འདི་ནི་སྤྱི་འཐུས་རེ་གཉིས་ལ་མ་གཏོགས་མེད་པའི་ཁོའི་ཡོན་ཏན་ཞིག་རེད།

རང་གཤིས་ཀྱི་ཐད་ནས།
ང་ནི་ཁོང་དང་འབྲེལ་བ་དེ་ཙམ་མེད་ན་ཡང་ཁོང་ལ་དོ་སྣང་བྱེད་མཁན་ཞིག་ཡིན་པས་ཁོང་ཉིད་ནི་དཔལ་ལྡན་དགའ་ལྡན་ཕོ་བྲང་དང་། བོད་མིའི་སྒྲིག་འཛུགས་དགྲ་རུ་བལྟ་མཁན་ཚོའི་གདོང་ནས་ལངས་ཐུབ་མཁན་ཞིག་དང་། དོན་མེད་ངོ་ཤེས་མི་ཤེས་ཀུན་ལ་སྙོན་འཛུགས་མི་བྱེད་པ། གྲོགས་པོ་དང་ལས་རོགས་ལ་ཁྲམ་ལས་མི་བྱེད་པ། རྒན་པར་གུས་ཞབས་དང་ཉམ་ཆུང་གི་ཕྱོགས་སུ་ལངས་ཐུབ་མཁན། དྲང་པོ་དང་བདེན་པའི་རྒྱབ་རྩར་ལངས་མཁན་ཞིག་ཡིན་པ་བཅས་མ་འོངས་པ་ན་ཁོང་ཉིད་ལ་རེ་བ་ཆེན་པོ་བཅང་མཁན་བོད་ཀྱི་ཤེས་ལྡན་པ་དང་གནད་ཡོད་མི་སྣ་ཚོའི་ཁྲོད་དུ་མང་པོ་བྱུང་འདུག སྤྱིར་ནོར་འཁྲུལ་རྩ་ནས་མེད་པའི་མི་ཞིག་མི་རྙེད་པས་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས་ཀྱང་དེ་ལས་མ་འདས་མོད། འོན་ཀྱང་ཁོང་གི་བཟང་ཕྱོགས་ཀྱི་ཁྱད་ཆོས་མང་པོ་ཞིག་གིས་དེ་དག་ར་རུབ་ཏུ་བཏང་ཡོད་ཀྱང་སྲིན་འབུ་མེ་ཁྱེར་ནི་ནམ་ཡང་མེ་ཁྱེར་རང་ཡིན་པས་ཉི་མའི་འོད་སྣང་ལ་ཁོང་ཚོས་ཕྲག་པ་དོག་པ་དེ་ཡང་ཆོས་ཉིད་ཡིན།

རེ་སྐུལ་དང་བཅས་མཇུགབསྡུ་བ།
བོད་ཀྱི་ཁ་དཔེར། རི་མཐོ་པོ་མགོ་ལ་སྨུག་པ་འཁོར། བུ་སུ་ངར་མགོ་ལ་ཁ་མཆུ་མང་ཟེར་སྲོལ་ཡོད་པ་བཞིན། ཉེར་དྲུག་ལོའི་སྤྱི་འཐུས་འོས་བསྡུ་ཆེན་མོའི་འགྲན་རྩོད་ཁྲོད་གཞི་རྩ་གང་ཡང་མེད་པར་རྐང་བཙུགས་ནས་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ནག་པོ་བཟོ་མཁན་ཁ་ཤས་ཤིག་མངོན་ལྐོག་ཅི་རིགས་ནས་སླེབ་བཞིན་འདུག་ལ། གཙོ་ཆེ་བ་ནི་ཉམས་པ་སླར་གསོ་དང་། མདོ་སྨད་གླིང་ཟེར་བའི་མདོ་སྨད་ཀྱི་ཆབ་སྲིད་བཙོན་ཟུར་དང་གནད་ཡོད་མི་སྣ་རྣམས་ནག་པོ་བཟོ་སའི་དྲ་ཚོམས་དེ་གཉིས་ནས་བྱུང་ཡོད། ༸སྐུའི་གོ་སྟོན་གྱི་ལས་དོན་དང་འབྲེལ་ནས་སྤྱི་འཐུས་ཁོང་ལ་མ་ཉེས་ཁག་གཡོགས་ཀྱིས་ཐབས་བརྒྱ་ཇུས་སྟོང་བརྩམས་ཀྱང་། གོ་སྟོན་ཚོགས་ཆུང་དང་ཚོགས་ཆུང་གི་ཚོགས་གཙོས་ཡིག་ངག་གཉིས་ཐོག་ནས་ཆོས་གྲགས་རྒྱ་མཚོ་ལགས་ལྐོག་ཟ་དང་སྐར་མ་གང་གི་ཡང་འབྲེལ་བ་མེད་པ་སོགས་གསལ་བཤད་གནངས་ཀྱང་། ཁོང་ཚོའི་དམིགས་ཡུལ་ངོ་མ་ནི་འོས་བསྡུ་ཁྲོད་ཀྱི་ཆབ་སྲིད་ཀྱི་རོལ་གར་ཞིག་ཡིན་པས་ཅི་ལ་ཕན། དེང་སང་གི་མི་རྣམས་ནི་རྣམ་དཔྱོད་ཅན་ཤ་སྟག་ཡིན་པས་རང་ཉིད་ཀྱི་རྣམ་དཔྱོད་བེད་སྤྱོད་བཏང་ནས་ཆབ་སྲིད་གྱི་རོལ་གར་དེའི་རྒྱབ་ལོག་ན་ཅི་ཡོད་པ་དང་། རང་ཉིད་དེ་དག་གི་བྲན་གཡོག་ཏུ་མ་གྱུར་བ་ཞིག་བྱས་ནས་ཉེར་དྲུག་ལོའི་འོས་འདེམས་ཁྲོད་ཞུགས་རྒྱུ་ནི་ཧ་ཅང་གལ་ཆེའོ།།

གཟའ་ཉི་མའི་དུས་ཚོད་སྤྱད་ནས་འབར་བྱེད་དུ་འབོད་པས་ལྷོ་ཕྱོགས་ཀྱི་རང་སྤྱིལ་ནང་མཇུག་གྲུབ་པའོ།།

མཆན། གོང་འཁོད་རྩོམ་ཡིག་འདི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ། 

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese