མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆ་དྷི་སི་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

བོད་ཀྱི་དུས་བབ།
༢༠༢༦/༠༤/༢༨
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་མི་ཚོས་འཛམ་གླིང་ལ་ནང་ཆོས་དར་སྤེལ་གནང་ཐུབ་ན་བསྟན་པའི་བྱ་བ་ཆེན་པོ་ཞིག་རེད་ཅེས་གསུངས་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཇལ་ཁ་སྩལ་སྐབས། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ཐུང་ནས་བླངས། ༢༠༢༦།༤།༢༨

དེ་རིང་ཕྱི་ཚེས་ ༢༨ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དྷ་ས་རིགས་ལམ་སློབ་གཉེར་ཁང་གི་ཝེ་ཐི་ནམ་གྱི་དྲ་ཐོག་ནང་ཆོས་ཆེད་སྦྱོང་འཛིན་གྲྭའི་སློབ་གཉེར་བ་རྣམས་དང་། རྒྱ་གར་ཆ་དྷི་སི་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་བྷུ་པེཤ་བ་གྷེལ་(Bhupesh Baghel ) ལགས།  རྒྱ་གར་གྲོས་ཚོགས་ཀྱི་ལས་བྱེད་ཁག་ཅིག་གཙོས། དད་ལྡན་མང་ཚོགས་ ༣༤༩ ལྷག་ལ་མཇལ་ཁ་སྩལ་འདུག

མཇའ་ཁའི་སྐབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། སྔོན་མ་རྒྱ་གར་ནས་བོད་ལ་ནང་ཆོས་ཁྱབ་སྤེལ་བྱུང་བ་རེད། ད་ང་ཚོས་རྒྱ་གར་ལ་ཉམས་བསྡད་པ་དེ་ང་ཚོས་བོད་ནས་ཚུར་འཁྱེར་ཡོང་བ་ཡག་པོ་ཞེ་དྲགས་བྱུང་སོང་། གཞུང་ཆེན་པོ་ཏིས་མཚོན་པའི་དཔེ་ཆ་མང་པོ་ཞིག་བལྟས་ནས། དེང་སང་བོད་པས་འཛམ་གླིང་ནུབ་ཕྱོགས་ཀྱི་མི་ཚོ་ལ་སེམས་ཁམས་རིག་པ་སོགས་འགྲེལ་བཤད་རྒྱག་ཐུབ་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད། དངོས་གནས་དྲང་གནས་བསྟན་པའི་བྱ་བ་ཆེན་པོ་རེད། ཐུགས་རྗེ་ཆེ། ཞེས་གསུངས་འདུག

ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཇལ་བཅར་བ་ཁག་ཅིག་ལ་མཇལ་ཁ་སྩལ་སྐབས། ངོས་རང་ཞོགས་པ་གཉིད་ལས་སད་མ་ཐག་བྱང་ཆུབ་ཀྱི་སེམས་བསམ་བློ་གཏོང་གིན་ཡོད་ལ། དགོང་མོར་མར་མ་ཉལ་གོང་དུའང་བྱང་ཆུབ་ཀྱི་སེམས་བསམ་བློ་གཏོང་གི་ཡོད། ཅེས་གསུངས་འདུག

དྷ་ས་རིགས་ལམ་སློབ་གཉེར་ཁང་གི་དྲ་ཐོག་ནང་ཆོས་ཆེད་འཁྲིད་གནང་བ་དང་འབྲེལ་ནས་མཚན་ཉིད་གྲྭ་ཚང་གི་འགན་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས་ཀྱིས་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ལ། མཚན་ཉིད་རིགས་ལམ་སློབ་གཉེར་ཁང་གིས་ཕྱི་ལོ་ ༢༠༢༤ ལོ་ནས་ཝེ་ཐི་ནམ་ལ་བཞུགས་ཡོད་པའི་དད་ལྡན་ཉིས་བརྒྱ་ལྔ་བཅུ་ལྷག་ཅིག་ལ། ན་ནིང་ལོར་བསྡུས་སྒྲ་ཆ་ཚང་ཞིག་དང་། ད་ལོ་བློ་རིག་དང་རྟེན་འབྲེལ་འཆད་འཁྲིད་བྱས་ཏེ། ད་ལན་མི་གྲངས་ཉིས་བརྒྱ་ལྷག་ལ་མཇལ་ཁ་སྩལ་ཁོམ་མེད་སྟབས། མི་གྲངས་བདུན་ཅུ་ལྷག་ཅིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་ཏེ་ལས་དོན་རྣམས་སྙན་གསེང་ཞུས་ཡིན། ཞེས་དང་། ད་ལན་མཚན་ཉིད་རིགས་ལམ་སློབ་གཉེར་ཁང་གིས་འཆད་ཁྲིད་ནང་མཉམ་ཞུགས་གནང་མཁན་ཁྲོད། ཝེ་ཐི་ནམ་གྱི་ཚོང་པ་དང་། ཁེ་ལས་པ་སོགས་ཡོད་ཅིང་། ཁོང་ཅག་གིས་འདས་པའི་ལོ་གཅིག་ལྷག་གི་རིང་མཚན་ཉིད་གྲྭ་ཚང་གི་འཆད་འཁྲིད་བརྒྱུད་སློབ་གཉེར་གནང་སྟབས། ཉེ་ལམ་ཡིག་ཚད་བཏང་ནས་རྒྱུགས་འབྲས་ཀྱང་ཡག་པོ་ཞིག་བྱུང་སྟེ། ཕྱི་ཚེས་ ༣༠ ཉིན་ཝི་ཐི་ནམ་གྱི་ནང་ཆོས་སློབ་གཉེར་བ་རྣམས་ལའང་ལག་ཁྱེར་དབུལ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་རྒྱར་གསལ་བའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་འཆར་ལྟར་ན། ཕྱི་ཟླ་ ༥ ཚེས་ ༢༠ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་། ཧི་མ་ལ་ཡ་ནང་པའི་རིག་གཞུང་མཐུན་ཚོགས་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་དགུ་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུལ་བསྒྲིལ་སོང་། 

ཆུ་ཚོད་ ༧ སྔོན་ལ།
THE MONK AND THE GUN (དྲ་རྒྱའི་པར།)
Featured Blogger

སྔ་དྲགས་པའི་དམངས་གཙོ་དང་རྙིང་དྲགས་པའི་མེ་མདའ་།

ཆུ་ཚོད་ ༡༠ སྔོན་ལ།
རྒྱ་ནག་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་ངོ་རྒོལ་བྱེད་བཞིན་པ། པར་ཝང་ཌན་གྱི་ངོ་དེབ་ནས་བླངས།
Mobile App

ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་མཁན་བོད་རིགས་གཅིག་པུ་རེད་དམ།

ཆུ་ཚོད་ ༡༠ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

༢༠༢༦/༠༩/༢༤
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

༢༠༢༦/༠༩/༢༤
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

༢༠༢༦/༠༩/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese