མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤེན་པ་ཚེ་རིང་ལ་འོས་ཐོབ་བརྒྱ་ཆ་ ༦༠ ཡན་ལོན་ཡོད་དམ་མེད།

བོད་ཀྱི་དུས་བབ།
༢༠༢༦/༠༥/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། བློ་བཟང་ཨོ་རྒྱན།
རྩོམ་ཁུངས། བོད་ཀྱི་དུས་བབ།

དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡༣ ཉིན་སྲིད་སྤྱི་འོས་བསྡུ་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་བའི་ནང་། སྲིད་སྐྱོང་ལས་ཐོག་སྤེན་པ་ཚེ་རིང་ལ་འོས་གྲངས་ ༣༡༣༢༥ ཐོབ་ཡོད་པ་དེ་འོས་ཐོབ་བརྒྱ་ཆ་ ༦༡་༠༢༥ ཡོད་ལུགས་བཀོད་འདུག

གསལ་བསྒྲགས་དེའི་ནང་། སྔོན་འགྲོ་འོས་བསྡུའི་ནང་ཆ་ཤས་ལེན་མཁན་འོས་འཕེན་པ་གྲངས་ ༥༡༡༤༠ ནས་སྲིད་སྐྱོང་གི་འོས་མི་གྲངས་ ༡༠༣ ལ་འོས་ཤོག་འཕངས་ཚུལ་གསལ་བ་ལྟར་ན། རྩིས་རིག་གི་ལམ་ནས་རྩིས་བསྐོར་བྱས་པའི་རྩིས་འབྲས་ནི་(༣༡༣༢༥÷༥༡༡༤༠)x༡༠༠%=༦༡.༢༥༣༤% ཡིན་པས། འོས་བསྡུ་ལས་ཁང་ནས་གྲངས་ཆུང་ ༢༥ ཡི་ཚབ་ཏུ་གྲངས་ཆུང་ ༠༢༥ བཀོད་པ་དེས་སྤེན་པ་ཚེ་རིང་གི་འོས་ཐོབ་བརྒྱ་ཆ་གྲངས་ཆུང་ ༢༣ ཉུང་འཕྲི་བྱས་ཏེ། འོས་ཤོག་གྲངས་ ༡༡༧.༦ རྩིས་མེད་བཏང་བ་ཆགས་ཡོད། ཨང་རྩིས་ཀྱི་ནོར་འཁྲུལ་འདི་ལྟ་བུའང་དབུས་འོས་བསྡུ་ལས་ཁང་ནས་ད་བར་བཟོ་བཅོས་གནང་མི་འདུག

བལ་ཡུལ་མཆོད་འཇོར་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་ཐམ་དང་མིང་རྟགས། ས་གནས་འོས་བསྡུའི་ཚོགས་མི་དང་ཟུར་དཔང་ ༩ ཡི་མིང་རྟགས་བཀོད་པའི་ཡིག་ཆ་གཞིར་བཟུང་ཚེ། མཆོད་འཇོར་ས་གནས་སུ་སྲིད་སྤྱིའི་སྔོན་འགྲོའི་འོས་བསྡུའི་ནང་མཉམ་ཞུགས་གནང་མཁན་ཁྱབ་ཁོངས་དགོན་སྡེ་ཁག་དང་། སློབ་གྲྭ། སྐྱིད་སྡུག་དང་ཁ་འཐོར་མི་མང་བཅས་ས་གནས་ཁག་ ༢༤ ནང་འོས་འཕེན་པ་ ༡༨༣༡ བྱུང་ཡོད་པ་དང་། སྤེན་པ་ཚེ་རིང་ལ་འོས་ཤོག་གྲངས་ ༡༠༢༥ ཐོབ་ཡོད།

གལ་སྲིད་དབུས་འོས་བསྡུ་ལས་ཁང་ནས་སྤེན་པ་ཚེ་རིང་གི་མཆོད་འཇོར་ས་གནས་ཀྱི་སྔོན་འགྲོའི་འོས་ཐོབ་ཆ་ཚང་རྩིས་མེད་བཏང་བའི་དབང་དུ་བཏང་ན། སྤེན་པ་ཚེ་རིང་གི་འོས་ཐོབ་བསྡོམས་འབོར་(31325–1025=) ༣༠༣༠༠ ལ་ཆག་གི་ཡོད་ནའང་། འོས་འཕེན་པའི་བསྡོམས་འབོར་ཡང་(51140–1381) ༤༩༧༥༩ ལ་ཆག་གི་ཡོད་པས། འོས་ཐོབ་བརྒྱ་ཆ་རྩིས་བསྐོར་བྱས་ན་(༣༠༣༠༠÷༤༩༧༥༩)x༡༠༠%=༦༠་༨༩%ལ་སླེབས་ཀྱི་ཡོད།

དབུས་འོས་བསྡུ་ལས་ཁང་ནས་ཁྲིམས་སྒྲིག་གིས་བསྐུར་བའི་འགན་དབང་ལ་ལྟོས་མེད་དང་། མང་གཙོའི་འགྲོ་ལུགས་སྣང་མེད་དུ་བསྐྱུར་ཏེ། མཆོད་འཇོར་ས་གནས་མི་མང་གི་དངོས་གཞི་འོས་བསྡུའི་ཐོབ་ཐང་འཕྲོག་ལེན་བྱས་པའི་ནོར་འཁྲུལ་ཚབས་ཆེན་དེ་རིགས་ལ་ཡོ་བསྲང་གི་ཐབས་ཤེས་གང་ཡང་རྙེད་ཀྱི་མེད་སྟབས། སྤྱི་ཚོགས་ནང་གཞི་མེད་ཀྱི་དཀྲོགས་གཏམ་དཀྲུགས་ཤིང་སྣ་ཚོགས་ཤིག་བྲིན་རྒྱུགས་བྱེད་ཀྱི་ཡོད།

དབུས་འོས་བསྡུ་ལས་ཁང་གི་འགན་ཁུར་ལེན་སྟངས་དེ་ལྟ་བུའི་རྗེས་འབྲེལ་དུ། དེང་སང་མི་རེ་ཟུང་གིས་མཆོད་འཇོར་མི་མང་གི་འོས་བསྡུའི་ཐོབ་ཐང་འཕྲོག་པ་དེ་ཐོབ་ཁུངས་རེ་གཉིས་ཀྱི་འོས་ཐོབ་ཁ་ལོ་བསྒྱུར་བའི་ཆེད་དུ་ཡིན་ལུགས་དང་། སྲིད་སྐྱོང་འོས་ཐོབ་བརྒྱ་ཆ་ ༦༠ ལོན་ཆེད་ཡིན་ལུགས་ཆེད་སྒྲོགས་བྱེད་པ་དེ་ནི་རྦད་དེ་གནད་དོན་ཐ་དད་ཡིན།

གལ་སྲིད་དབུས་འོས་བསྡུ་ལས་ཁང་ནས་ས་གནས་ཀྱི་སྔོན་འགྲོའི་འོས་ཐོབ་གསལ་བསྒྲགས་བྱས་ཡོད་ན། མི་ཚང་མས་གྲངས་ཀའི་ཐོག་ནས་དངོས་གཞིའི་སྐབས་སུ་ཐོབ་ཁུངས་གང་དང་གང་གི་འོས་ཤོག་ལ་ཁྱད་པར་ཤོར་གྱི་ཡོད་པ་གསལ་པོ་མཐོང་ཐུབ་ཀྱི་རེད།

སྤེན་པ་ཚེ་རིང་གི་སྲིད་སྐྱོང་འོས་ཐོབ་བརྒྱ་ཆ་ ༦༠ སྐོར་ལ་དོགས་སློང་བྱེད་པ་དེ་ནི་སྔོན་འགྲོའི་འོས་ཐོབ་ཁོ་ན་ཟེར་གྱི་ཡོད་པ་དང་། དེ་ཡང་འོས་བསྡུ་ལས་ཁང་ནས་འོས་ཤོག་རྩིས་མེད་བཏང་དང་མ་བཏང་གི་ཐོག་ནས་ཤོད་ཀྱི་ཡོད།

ཁྲིམས་སྒྲིག་གི་དགོངས་དོན་ལྟར་ན། འོས་བསྡུའི་སྒྲིག་གཞི་དོན་ཚན་སོ་བཞི་པ་འོས་ཤོག་གྲངས་བཤེར་སྐབས་དང་། དོན་ཚན་ཞེ་དགུ་པ་འོས་གཞི་གསལ་བསྒྲགས། དོན་ཚན་དྲུག་ཅུ་རེ་བདུན་པ་སྲིད་སྐྱོང་གི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་བྱེད་ཕྱོགས་བཅས་སུ་དབུས་འོས་བསྡུ་ལས་ཁང་ནས་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་གྲངས་བཤེར་ཁོ་ནའི་སྐབས་སུ་ཞིབ་འཇུག་དང་། འོས་ཤོག་རྩིས་མེད། འོས་ཐོབ་རྩིས་མེད། གདམ་བྱ་འདེམས་བྱེད་བཀག་བསྐྱིལ་བྱེད་ཕྱོགས་བསྟན་ཡོད་ནའང་། འོས་ཐོན་གྲུབ་འབྲས་གསལ་བསྒྲགས་བྱས་རྗེས་ད་དུང་ཞིབ་འཇུག་དང་རྩིས་མེད་ཀྱི་བྱ་རིམ་ལག་བསྟར་བྱེད་ཆོག་པའི་གནང་བ་མེད།

དཔེར་ན། དངོས་གཞིའི་འོས་གཞི་གསལ་བསྒྲགས་ཟིན་པའི་རྗེས་སུའང་འོས་ཆོས་ཚང་མིན་གྱི་ཀླན་ཀ་བྱུང་ན། སྤྱི་འཐུས་(༤༩།༤)དང་སྲིད་སྐྱོང་(༦༧།༣ག)འོས་གཞི་ཕྱིར་འཐེན་ཆོག་གི་ཡོད་ནའང་། འདེམས་ཐོན་གསལ་བསྒྲགས་བྱས་རྗེས་དབུས་འོས་བསྡུ་ལས་ཁང་ལ་སྤྱི་འཐུས་དང་སྲིད་སྐྱོང་འདེམས་ཐོན་རྩིས་མེད་དང་། དེ་དག་གི་འོས་ཐོབ་རྩིས་མེད་གཏོང་བའི་དབང་ཚད་མེད།

དེར་བརྟེན། གལ་སྲིད་མཆོད་འཇོར་ས་གནས་ཀྱི་སྲིད་སྐྱོང་གི་སྔོན་འགྲོ་འོས་ཤོག་ཆ་ཚང་རྩིས་མེད་བཏང་བའི་དབང་དུ་བཏང་ནའང་། སྤེན་པ་ཚེ་རིང་ལ་འོས་ཤོག་ཁྱོན་འབོར་གྱི་བརྒྱ་ཆ་ ༦༠་༨༩ ཐོབ་འདུག

མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ཡིན་པས་མ་ཁྱབ།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་དགུ་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུལ་བསྒྲིལ་སོང་། 

༢༠༢༦/༠༩/༢༥
THE MONK AND THE GUN (དྲ་རྒྱའི་པར།)
Bloggers

སྔ་དྲགས་པའི་དམངས་གཙོ་དང་རྙིང་དྲགས་པའི་མེ་མདའ་།

༢༠༢༦/༠༩/༢༥
རྒྱ་ནག་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་ངོ་རྒོལ་བྱེད་བཞིན་པ། པར་ཝང་ཌན་གྱི་ངོ་དེབ་ནས་བླངས།
Mobile App

ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་མཁན་བོད་རིགས་གཅིག་པུ་རེད་དམ།

༢༠༢༦/༠༩/༢༥
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

༢༠༢༦/༠༩/༢༤
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

༢༠༢༦/༠༩/༢༤
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

༢༠༢༦/༠༩/༢༤

མཆན། 2

  1. Dakpa Tenzin says:
    ཟླ་བ། 5 སྔོན།

    བཀྲིས་བདེ་ལེགས་ གལ་ཏེ་བལ་ཡུལ་མཆོད་འཇོར་ས་གནས་ཀྱི་སྔོན་འགྲོའི་འོས་ཤོག་ཆ་ཚང་རྩིས་མེད་བཏང་བའི་རྗེས་སུ་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ལགས་སུ་འོས་ཐོབ་རྒྱ་ཆ་%༦༠ ཡན་ཐོབ་མེད་པ་ཡིན་ན་ག་རེད་གནང་དགོས་རེད་དམ་
    རྩིས་གཏང་འདི་ལ་དགོང་ཚུལ་ག་རེད་ཡོད་
    If 31325 = 61.253% then 30300 = 61.253×30300÷31325=59.248%
    འོས་བསྡུ་སྐབས་གནས་གང་ཡང་རུང་བ་ཞིག་ལ་འོས་ཤོག་གྲངས་བཤེར་དང་ཡང་ན་འོས་འཕངས་ཚུལ་ཐོག་དྲང་པོ་མེད་པ་དང་ ཁྲིམས་འགལ་བྱེད་ཡོད་པ་ཡིན་ན་ས་གནས་འདིའི་འོས་ཆ་ཚང་བརྩིས་མེད་དུ་གཏོང་དགོས་པ་ནི་རྒྱལ་སྤྱི་དང་རྒྱལ་ཁབ་གཉིས་ཀའི་ཁྲིམས་ཀྱི་འགྲོ་སྟངས་མ་ཡིན་ནམ་
    འོས་ཤོག་གྲངས་ ༡༡༧་༦ ཟེར་ན་གང་རེད་
    བདེན་པ་རྒྱལ་ལོ་

    Reply
  2. ཧ་ཆེ་ཕ་ལུ། says:
    ཟླ་བ། 5 སྔོན།

    བློ་བཟང་ཨོ་རྒྱན་ལགས་ཀྱིས་བྲིས་པའི་རྩོམ་ཡིག་འདི་དུས་ཐོག་ཆར་བ་ཞིག་དང་འདྲ་བྱུང་། མགོ་གྲོས་ཚོགས་ནས་མཇུག་ཁ་ཡན་རིང་ལུགས་བར་གྱིས་རྙོག་མ་རིམ་སློང་གིས་སྲིད་སྐྱོང་གི་སྔོན་འགྲོའི་རྒྱལ་ཁ་དེ་བཀག་མ་ཐུབ་ནའང་། གླེང་རྙོག་དང་གླེང་ཕྱོགས་ཤིག་གི་ནང་དུ་འཇུག་འདོད་པ་དེ་རེད། སྤྱིར་ཁ་ཡན་རིང་ལུགས་པ་དེ་དག་གཞི་རིམ་སློབ་མ་ཞིག་གི་ཨང་རྩིས་གནས་ཚད་མེད་ནའང་། ཁ་ནས་བརྒྱ་ཆ་དང་བརྒྱ་ལབ་ནས་མི་ཚེ་འབུད་ཐབས་བྱེད་པ་ལས། ཁོ་ཚོ་ལ་རྒྱབ་ལྗོངས་གྲངས་ཐོ་མེད་ལ་ཡོད་ནའང་བརྒྱ་ཆ་སྐོར་མི་ཤེས། ད་རིས་ཁྱེད་ཀྱི་རྩོམ་ཡིག་འདིས་ཁ་ཡན་རིང་ལུགས་ཁ་ཤས་ཀྱི་ཁ་འགོག་སྲིད་པ་རེད། ཡིན་ནའང་ཁོ་ཚོ་དངོས་ཡོད་མི་དགོས་ལ་གྲུབ་འབྱས་ཀྱང་མི་དགོས། ཁོ་ཚོ་དགོས་པ་ནི་ཁ་ངན་ཉོག་བཤད་ཁོ་ན་ཡིན་པས་མུ་འཐུད་ཤོད་ངེས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese