མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

བོད་ཀྱི་དུས་བབ།
༢༠༢༦/༠༥/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཐའེ་ལན་ཌིའི་གསར་འགོད་པ་གྲགས་ཅན་ཝུའུ་ཌི་ལགས་ཀྱིས་འགྲོ་བ་མི་ཚང་མར་བདེ་སྐྱིད་དགོས་པའི་མངོན་འདོད་དང་དམིགས་ཡུལ་གཅིག་མཚུངས་ཡིན་ལ་དོན་དངོས་སུ་ཚང་མར་བདེ་སྐྱིད་དགོས་ན་རང་བཞིན་གྱིས་འབྲེལ་བ་ཡོང་གི་ཡོད་སྐོར་བརྗོད་བྱུང་།

ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤

དེ་རིང་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ། ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་ (Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོལ་ཌི་ (Woody World Thailand) ཡི་ཚོགས་མི་ ༢༠ དང་། དེ་མིན་རྒྱ་གར་དང་ཉི་ཧོང་སོགས་ནས་མཇལ་བཅར་བ་ ༣༦༠ ལྷག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་འདུག་ལ། ཚོགས་མི་རྣམ་པས་མཇལ་རྟེན་གྱི་སྟོན་པའི་སྐུ་བརྙན་ཞིག་ཕུལ་ཡོད་འདུག

ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་ལགས་ཀྱིས་འདི་གའི་གསར་འགོད་པར། ངས་མི་ཚེ་གང་པོར་ཆོས་ཉམས་ལེན་བྱས་པ་ཡིན། དེ་རིང་༧གོང་ས་མཆོག་ལ་མཇལ་བཅར་ཞུ་རྒྱུའི་གོ་སྐབས་བྱུང་བར་སྐལ་བ་བཟང་པོ་དང་བཀའ་དྲིན་ཆེན་པོ་བྱུང་།  ད་ལན་དགེ་འདུན་པ་དང་ཚོགས་པའི་ཚོགས་མི་ཁག་ཅིག་དང་མཉམ་དུ་༧གོང་ས་མཆོག་ལ་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་འཛིན་པའི་བར་གྱི་ཤེས་ཡོན་བརྗེ་ལེན་ལས་གཞིའི་སྐོར་ངོ་སྤྲོད་དང་། འདས་པའི་ལོ་གཉིས་རིང་དོན་སྙིང་ལྡན་པའི་གླེང་སློང་བྱུང་ཡོད་པ་མ་ཟད། སླད་མར་མུ་མཐུད་དུ་བགྲོ་གླེང་བྱ་རྒྱུ་དང་ཕྱོགས་གཉིས་ལ་ཕན་པའི་ལམ་ཁ་ཞིག་འཚོལ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡིན། ཆོས་བརྒྱུད་འཛིན་པ་དེ་གཉིས་ཀྱི་ཉམས་ལེན་བྱེད་ཕྱོགས་མི་འདྲ་བ་ཡོད་ཀྱང་། དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སློབ་སྟོན་གྱི་རྨང་གཞི་གཅིག་པ་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

ཡང་ཁོང་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུ་སྐབས་ཁག་ཅིག་གིས་༧མགོན་པོ་གང་ཉིད་མཆོག་ལ་ཁོང་ཁྲོ་དང་ཞེ་སྡང་གིས་ཁེངས་པའི་འཛམ་གླིང་ནང་བདེ་སྐྱིད་ཇི་ལྟར་འཚོལ་དགོས་མིན་བཀའ་འདྲི་ཞུས་པར་༧མགོན་པོ་གང་ཉིད་ཀྱིས། འཛམ་གླིང་འདིར་དོན་དངོས་སུ་ཞི་བདེ་ཡོང་བར་ཐོག་མར་ང་ཚོས་སོ་སོའི་སེམས་ལ་གོ་བ་བླངས་ཏེ། གོ་རྟོགས་དང་བྱམས་སྙིང་རྗེའི་ཐོག་ནས་བྱ་སྤྱོད་སྤེལ་དགོས་པའི་ལམ་སྟོན་གནང་སོང་ཞེས་དང་། ང་རང་ལོ་ན་གཞོན་དུས་ནས་༧གོང་ས་མཆོག་གི་མཛད་འཕྲིན་ཡོངས་ལ་རྗེས་སུ་འབྲང་གི་ཡོད། ཐོག་མར་༧མགོན་པོ་གང་ཉིད་མཆོག་ནི་དགོད་བྲོ་བ་དང་དགའ་སྤྲོ་ལྡན་པའི་དགེ་འདུན་པ་ཞིག་ལ་ངོས་འཛིན་གྱི་ཡོད། འོན་ཀྱང་། རིམ་པས་༧གོང་ས་མཆོག་གི་ཤེས་རབ་གཏིང་ཟབ་ཅིང་། ཆོས་ལུགས་ཕན་ཚུན་མཐུན་འབྲེལ་གནང་བའི་ནུས་པར་བརྩི་མཐོང་དང་རྗེས་སུ་ཡི་རངས་ཞུ་ཡི་ཡོད། ཅེས་དང་། ནང་ཆོས་ནི་ངོ་བོ་དང་མིང་བྱང་སྐོར་མ་རེད། སངས་རྒྱས་དང་ཏཱ་ལའི་བླ་མ་ཞེས་མི་གཅིག་གི་སྐོར་མ་རེད། ནང་ཆོས་ནི་སེམས་ཀྱི་རང་བཞིན་ཤེས་རྟོགས་ཐུབ་པ་དང་། བྱམས་སྙིང་རྗེ་སྐྱེད་སྲིང་བྱེད་པའི་སྐོར་རེད། ང་ཚོའི་ནུས་པ་ནི་རང་ཉིད་ལ་ཡོད་པའི་བརྩེ་བ་དང་། བརྩེ་བ་དེ་གཞན་ལ་གང་འདྲ་བྱས་ནས་རྒྱ་སྐྱེད་གཏོང་དགོས་མིན་ལ་རག་ལས་ཡོད་སྐོར་སོགས་བརྗོད་བྱུང་།

ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤

ནང་ཆོས་དང་འབྲེལ་ནས་ཁོང་གིས། ད་ལྟ་འགྲན་རྩོད་ཆེ་བའི་འཛམ་གླིང་འདིའི་ནང་ནང་ཆོས་ཀྱི་སྙིང་པོ་དེ་སྔར་ལས་གལ་ཆེ་བ་ཆགས་ཀྱི་ཡོད། མི་རྣམས་ཀྱིས་ནང་ཆོས་ཞེས་འབོད་ཀྱི་ཡོད་མེད་ལ་མ་ལྟོས་པར། ད་ལྟའི་དུས་སྐབས་འདིར་སེམས་ཁམས་དང་། སྙིང་རྗེ། འཚོ་བ་སྐྱེལ་བའི་གཞི་རྩ་དེ་དག་ཡོངས་ཁྱབ་རེད། མིའི་མི་ཚེ་ཧ་ཅང་ཐུང་ཐུང་དང་མི་རྟག་པ་རེད། དེར་བརྟེན་ད་ལྟའི་དུས་སྐབས་འདི་དམ་འཛིན་བྱ་དགོས་རྒྱུ་གལ་ཆེན་པོ་རེད། གྲོས་མོལ་གྱིས་མི་རྣམས་མཐུན་སྒྲིལ་བྱེད་ཐུབ་པའི་དཔེ་མཚོན་དེ་ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་ལྟ་བུ་ཞིག་རེད། ས་ཁུལ་དང་རིག་གཞུང་མི་འདྲ་བ་ཇི་ཙམ་ཡོད་རུང་། འགྲོ་བ་མི་ཚང་མར་བདེ་སྐྱིད་དགོས་པའི་མངོན་འདོད་དང་དམིགས་ཡུལ་གཅིག་མཚུངས་ཡིན་ལ། དོན་དངོས་སུ་ཚང་མར་བདེ་སྐྱིད་དགོས་ན། རང་བཞིན་གྱིས་འབྲེལ་བ་ཡོང་གི་ཡོད་སྐོར་བརྗོད་བྱུང་།

ཝུའུ་ཌི་མི་ལིན་ཊ་ཆིན་ཊ་ (Woody Milintachinda) ལགས་ནི་ཐའེ་ལན་ཌིའི་བརྙན་འཕྲིན་དང་དྲ་ཐོག་གི་ལས་རིམ་གཙོ་སྐྱོང་བ་གྲགས་ཅན་ཞིག་ཡིན་ལ། ཁོང་གིས་ (S20) ཞེས་པའི་རོལ་དབྱངས་དུས་སྟོན་དང་། ཐའེ་ལན་ཌིའི་འཕྲོད་བསྟེན་དང་ལུས་རྩལ་གྱི་དུས་ཆེན་སོགས་གསར་འཛུགས་དང་། བརྙན་འཕྲིན་གྱི་མདོ་འཛིན་པ་དང་། གློག་བརྙན་འཁྲབ་སྟོན་པ་སོགས་ལས་དོན་སྣ་མང་གཉེར། ཕྱི་ལོ་ ༢༠༠༤ ལོར་ཐའེ་ལན་ཌིའི་རྒྱལ་ས་བྷེང་ཀོག (Bangkok) ཏུ་ཝུའུ་ཝོལ་ཌི་ (Wood World Co.) ཞེས་པའི་གསར་ཁང་ཞིག་གསར་འཛུགས་གནང་སྟེ། བརྙན་འཕྲིན་དང་། དྲ་ལམ། དེ་བཞིན་ཐད་གཏོང་བརྒྱུད་ལས་རིམ་གཙོ་སྐྱོང་གནང་གི་ཡོད་པ་རེད། ཕྱི་ལོ་ ༢༠༡༦ ལོར་ཁོང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བྱམས་སྙིང་རྗེ་དང་མི་ཚེའི་སྙིང་པོ་སོགས་ཀྱི་སྐོར་ལ་བཅར་འདྲི་ཞུས་ཡོད་འདུག་ལ། རྐང་སྤོལ་རྩེད་འགྲན་པ་གྲགས་ཅན་ཌེ་ཝི་ཌི་བྷེཀ་ཁཱམ་ (David Beckham) སོགས་ལའང་བཅར་འདྲི་ཞུས་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གང་ཐུབ་གནང་རྒྱུ་ཡིན་པ་བསྐྱར་ནན་གསུངས།

ཆུ་ཚོད་ ༡ སྔོན་ལ།
རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

༢༠༢༦/༠༦/༡༢
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

༢༠༢༦/༠༦/༡༢
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་བའི་གསལ་བསྒྲགས། ༢༠༢༦།༦།༡༢ བོད་ཀྱི་དུས་བབ་གསར་ཁང་གིས་སྐུ་པར་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

༧སྐུའི་ཞབས་པུས་གཤག་བཅོས་ལེགས་གྲུབ་དང་སྐུ་གཟུགས་གསལ་ཐང་ཡིན་འདུག

༢༠༢༦/༠༦/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese