མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

བོད་ཀྱི་དུས་བབ།
༢༠༢༦/༠༥/༠༥
Share on FacebookShare on TwitterShare on EmailShare on Whatsapp

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་རྩ་མེད་གཏོང་ཐབས་ཀྱི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་དང་བོད་ཕྲུག་རྣམས་ཀྱིས་བོད་ཡིག་སྦྱོང་སྤྱོད་ཐུབ་པ་བྱ་དགོས་པའི་འབོད་སྐུལ་གནང་འདུག

This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)

དེ་རིང་ཕྱི་ཚེས་ ༥ ཉིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས། རྒྱ་ནག་གི་འཆམ་མཐུན་ལས་གཞི་ཟེར་བས་བོད་ཀྱི་སྐད་ཡིག་རྩ་མེད་བཏང་ (China’s ‘Harmonization Plan’ Erases Tibetan Language) ཞེས་པའི་བརྗོད་གཞིའི་ཐོག་ནས་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་ཅིང་། སྙན་ཐོ་དེའི་ནང་། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༡ ལོའི་ཤེས་རིག་ལྷན་ཁང་གི་བཀོད་ཁྱབ་ནང་བྱིས་པའི་སྐད་ཆ་མཐུན་སྦྱོར་གྱི་ལས་གཞི་ (Children’s Speech Harmonization plan) ཟེར་བའི་སྲིད་ཇུས་ཤིག་སྤེལ་ནས་བོད་དང་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དུ་སྔོན་འགྲོ་སློབ་གྲྭའི་སློབ་ཁྲིད་ཚང་མར་རྒྱ་ཡིག་ཚད་ལྡན་བེད་སྤྱོད་གཏོང་དགོས་པའི་བཀའ་རྒྱ་བཏང་ཡོད་པ་རེད། སྲིད་ཇུས་དེ་ལག་བསྟར་བྱས་པར་བརྟེན། བོད་ཕྲུག་མང་པོ་ཞིག་སྔོན་འགྲོའི་སློབ་གྲྭ་ནས་བོད་སྐད་བཤད་མི་ཐུབ་པ་དང་། ཡང་ན་སོ་སོའི་ཕ་མ་སྤུན་མཆེད་སོགས་ལ་བོད་སྐད་བཤད་འདོད་མེད་པའི་རྣམ་པ་ཤུགས་ཆེན་ཐོན་ཡོང་གི་ཡོད་ལ། འདས་པའི་ལོ་མང་པོའི་རིང་རྒྱ་ནག་གིས་གྲངས་ཉུང་མི་རིགས་ཀྱི་སློབ་གྲྭ་ཁག་ཏུ་སོ་སོའི་སྐད་ཡིག་སློབ་ཁྲིད་དང་སྲུང་སྐྱོབ་བྱེད་པར་དམ་དྲག་ཤུགས་ཆེན་བྱས་དང་བྱེད་མུས་ཡིན་པ་སོགས་གསལ་སྟོན་གནང་འདུག

སྙན་ཐོ་དེ་ནི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གི་ཁྲིམས་ལུགས་དང་སྲིད་ཇུས་སོགས་ཀྱི་ཡིག་ཆ་ཁག་ལ་དབྱེ་ཞིབ་བྱས་པ་དང་། ཉེ་ཆར་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་ནས་ཐད་ཀར་རྒྱུས་མངའ་ཡོད་པའི་བོད་མི་དང་མཁས་དབང་རྣམས་ལ་བཅར་འདྲི་ཞུས་ཡོད་འདུག་ལ། དེ་འབྲེལ་ལོ་མང་རིང་བོད་ནང་སྐད་ཡིག་བཀོལ་སྤྱོད་ལ་ཚོད་འཛིན་ཐད་ཞིབ་འཇུག་གནང་མཁན་མི་རྒྱུད་དཔྱད་རིག་པ་རྗེ་རལ་ཌི་ (Gerald Roche) ལགས་ཀྱིས། ཕྲུ་གུ་རྣམས་ཕ་མ་དང་ཁ་བྲལ་དུ་བཅུག་སྟེ་སོ་སོའི་སྐད་ཡིག་བཀོལ་སྤྱོད་ལ་ཚད་བཀག་བྱེད་པ་དེ་རྒྱ་ནག་གཞུང་གི་འཐབ་ཇུས་ཀྱི་ཆ་ཤས་གཙོ་བོ་ཞིག་ཡིན་ལ། རྒྱ་ནག་གིས་ཆེད་དུ་དམིགས་ཡུལ་ལྡན་པའི་ཐོག་ནས་ཆ་རྐྱེན་དེ་དག་བསྐྲུན་པ་རེད། ཅེས་དང་། ཆུང་བྱིས་པའི་དུས་ནས་ཕ་མ་དང་ཁ་བྲལ་དུ་བཏང་སྟེ་བཅའ་སྡོད་སློབ་གྲྭར་བཅུག་ནས་རྒྱ་སྒྱུར་སློབ་གསོ་སྤྲོད་བཞིན་ཡོད་པར་བརྟེན། ཕྲུ་གུ་དེ་དག་ཁོང་ཚོའི་ནང་མི་དང་འབྲེལ་བ་བྱེད་སྐབས་སོ་སོའི་སྐད་བཤད་མི་ཐུབ་པ་དང་། སྐད་ཡིག་གི་བར་ཁྱད་ཆེན་པོ་ཡོང་བར་དམིགས་ཡོད་སྐོར་བརྗོད་འདུག

དེ་འབྲེལ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་ཨེ་ཤ་ཡའི་ཁུལ་གྱི་འགན་འཛིན་གཞོན་པ་མཱ་ཡཱ་ཝང་ (Maya Wang) ལགས་ཀྱིས། རྒྱ་གཞུང་གིས་བྱིས་བཅོལ་ཁང་དུ་དམིགས་ཏེ་བོད་ཕྲུག་ཚོར་སོ་སོའི་ཕ་སྐད་དང་། རིག་གཞུང་། ངོ་བོ་སོགས་རྩ་མེད་བཏང་དང་གཏོང་མུས་ཡིན་པ་མ་ཟད། སྲིད་ཇུས་དེ་དག་ཤེས་ཡོན་གྱི་སྤུས་ཚད་ལེགས་པོ་བཟོ་རྒྱུའི་སྐོར་མིན་པར་བོད་ཕྲུག་རྣམས་བཙན་གྱིས་བཅའ་སྡོད་སློབ་གྲྭར་བཅུག་སྟེ་རྒྱ་སྒྱུར་སློབ་གསོ་སྤྲོད་ཀྱིན་ཡོད་པ་རེད། ཅེས་འགྲེལ་བརྗོད་གནང་འདུག རྒྱ་ནག་གིས་ཕྱི་ལོ་ ༢༠༢༡ ལོའི་རྒྱ་སྒྱུར་སློབ་གསོའི་སྲིད་ཇུས་དེས་རྒྱ་ནག་ནང་ཡོད་པའི་གྲངས་ཉུང་མི་རིགས་རྣམས་ཀྱིས་སོ་སོའི་སྐད་ཡིག་རྩ་མེད་གཏང་རྒྱུར་དམིགས་པ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་བ་དང་ལངས་ཕྱོགས་ལ་དགའ་ཞེན་ཡོང་བའི་བསམ་བློ་བསྒྱུར་ཐབས་བྱེད་ཀྱིན་ཡོད་པ་རེད།

ཕྱི་ལོ་ ༢༠༢༦ ཟླ་ ༣ པའི་ནང་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་རྒྱས་ལ་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་ཞིག་གཏན་འབེབས་བྱས་ཡོད་ཅིང་། ཚོགས་པ་དང་མི་སྒེར་སུ་ཞིག་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལ་རྩིས་མེད་དང་། མི་རིགས་མཐུན་སྒྲིལ་ཡར་རྒྱས་སྐུལ་འདེད་ཀྱི་བཅའ་ཁྲིམས་ལ་བརྩི་སྲུང་མ་བྱས་ཚེ། དུས་ཐོག་ཉེན་བརྡ་སློབ་གསོ་གཏོང་བ་དང་ཁྲིམས་ལྟར་ཐག་གཅོད་བྱེད་དགོས་པ་སོགས་གསལ་འདུག

ཁ་སང་ཕྱི་ཚེས་ ༤ ཉིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་ཆུང་བྱིས་པའི་དུས་ནས་མི་རིགས་མཉམ་བསྲེས་བྱེད་ཀྱི་ཡོད་པའི་ཐོག་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། རྒྱ་ནག་གི་ཤེས་རིག་ལྷན་ཁང་གིས། ཕྱི་ལོ་ ༢༠༢༡ ཟླ་ ༧ པའི་ནང་ཕྲུ་གུར་རྒྱ་སྒྱུར་སློབ་གསོ་སྤྲོད་རྒྱུའི་ལས་གཞི་ཟེར་བ་དེ། འདས་པའི་ལོ་བཅུ་ཕྲག་མང་པོའི་རིང་ལ་རྒྱ་ནག་གི་དཔོན་རིགས་ཚོས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ཉམས་དམས་སུ་གཏང་རྒྱུ་དང་། རིམ་པས་ཤེས་ཡོན་གྱི་སྲིད་ཇུས་ནང་རྒྱ་ནག་གི་ལྟ་གྲུབ་དང་། སྐད་ཡིག རིག་གཞུང་སོགས་ཁྱབ་སྤེལ་བྱས་དང་བྱེད་མུས་ཡིན་པ་རེད། ལས་གཞི་དེ་སྔོན་འགྲོ་སློབ་གྲྭའི་ནང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བཀག་སྡོམ་བྱེད་ཀྱིན་ཡོད་པ་གསལ་པོ་བཀོད་མེད་ཀྱང་། དོན་དངོས་སུ་ཕྱི་ལོ་ ༡༩༨༤ ལོའི་ས་ཁུལ་གྱི་མི་རིགས་རང་སྐྱོང་ཁྲིམས་ལུགས་ (Regional Nationality Autonomy Law) ཞེས་པ་གཞིར་བཟུང་། གྲངས་ཉུང་མི་རིགས་ཀྱིས་སོ་སོའི་སྐད་ཡིག་སྲུང་སྐྱོབ་དང་གོང་འཕེལ་གཏོང་བའི་རང་དབང་གི་རྩ་ཁྲིམས་དང་འགལ་གྱི་ཡོད་པ་སོགས་གསལ་སྟོན་གནང་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་འབོད་སྐུལ་དོན་ཚན་གསུམ་བཏོན་པའི་ནང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་ཀྱི་གྲོས་ཆོད་གཞིར་བཟུང་། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་རྩ་གཏོར་གྱི་སྲིད་ཇུས་ཡོངས་རྫོགས་མཚམས་འཇོག་དགོས་པ་མ་ཟད། གྲངས་ཉུང་མི་རིགས་ཀྱི་བྱིས་པ་རྣམས་ཀྱིས་སོ་སོའི་སྐད་ཡིག་དང་། རིག་གཞུང་། ངོ་བོ་སོགས་ལ་བརྩི་འཇོག་བྱེད་པའི་སློབ་གསོའི་ཐོབ་ཐང་སྤྲོད་དགོས་པའི་སྐུལ་མ་བཏང་འདུག དེ་བཞིན་བོད་རང་སྐྱོང་ལྗོངས་སྲིད་གཞུང་ཟེར་བས་བོད་ཕྲུག་རྣམས་ཀྱིས་སོ་སོའི་སྐད་ཡིག་དང་། རིག་གཞུང་། ངོ་བོ་སོགས་ལ་བརྩི་འཇོག་བྱེད་པའི་སློབ་གསོའི་ཐོབ་ཐང་སྤྲོད་དགོས་ལ། བོད་པའི་བྱིས་པ་རྣམས་ལ་བྱིས་བཅོལ་ཁང་དང་སྔོན་འགྲོའི་སློབ་གྲྭ་ཚུད་པའི་སློབ་གྲྭའི་རིམ་པ་གཞན་གྱི་ནང་བོད་ཡིག་སྦྱོང་སྤྱོད་ཐུབ་པ་བྱ་དགོས། ད་དུང་རྒྱལ་སྤྱིའི་གཞུང་དང་ཚོགས་སྒེར་ཁག་གིས་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ཁྲིམས་ལུགས་དང་རྒྱ་ནག་གི་རྩ་ཁྲིམས་ནང་བཀོད་པ་གཞིར་བཟུང་། གྲངས་ཉུང་མི་རིགས་རྣམས་ལ་སོ་སོའི་སྐད་ཡིག་ཐོག་ནས་སློབ་གསོ་སྤྲོད་པའི་ཐོབ་ཐང་ལ་བརྩི་བཀུར་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

ཆུ་ཚོད་ ༡༦ སྔོན་ལ།
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese