མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་སྐད་ཡིག་དང་ད་ལྟའི་གནས་བབ།

བོད་ཀྱི་དུས་བབ།
༢༠༢༦/༠༥/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། ཆབ་མདོ་ངག་ཕུན།
རྩོམ་ཁུངས། བོད་ཀྱི་དུས་བབ།

དེ་རིང་ངས་གླེང་འདོད་པ་ནི་བོད་ཀྱི་སྐད་ཡིག་སྐོར་ཡིན། བོད་ཆོས་ལྡན་གྱི་ཞིང་ཁམས་དེ་ཉིད་རྒྱ་དམར་གྱིས་བཙན་འཛུལ་བྱས་ནས་བགྲང་བྱ་ ༧༠ ལྷག་ཕྱིན་ཡོད། ལོ་ངོ་དེ་དག་གི་ནང་དུ་རྒྱ་དམར་གྱིས་བོད་ཀྱི་ཆོས་དང་རིག་གཞུང་ཡོངས་རྫོགས་རྩ་མེད་བཟོ་ཐབས་ཀྱི་ལས་འགུལ་སྣ་ཚོགས་ཤིག་སྤེལ་དང་སྤེལ་བཞིན་ཡོད། བོད་ནང་ “དམངས་གཙོ་བཅོས་བསྒྱུར” དང་། ཆེས་གདུག་རྩུབ་ཆེ་བའི་ “རིག་གནས་གསར་བརྗེ” སོགས་མིང་སྙན་པོ་སྣ་ཚོགས་བཏགས་ནས་བོད་མི་རིགས་རྩ་མེད་བཟོ་ཐབས་ཀྱི་ལས་འགུལ་སྤེལ་ཡོད།

ཡིན་ནའང་། སྐབས་དེ་དུས་བོད་མི་རིགས་ལ་བཀའ་དྲིན་ཆེ་བའི་པཎ་ཆེན་རིན་པོ་ཆེ་མཆོག་གིས་ཡོད་ཚད་བློས་གཏོང་མཛད་དེ། ཀྲུང་དབྱངས་ཀྱི་མིང་ཐོག་ལ་ “ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ” འབུལ་གནང་མཛད། དེའི་རྐྱེན་གྱིས་པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་གཞུང་གིས་བཙོན་ཁང་དུ་བཅུག་ནས་མི་ལོ་བཅོ་བརྒྱད་རིང་དཀའ་སྡུག་དུ་མའི་འོག་ཏུ་བཞུགས་དགོས་བྱུང་ཡོད། དེ་འདྲའི་དཀའ་སྡུག་གི་འོག་ནས་བོད་རིགས་རྒྱལ་ཞེན་པ་དུ་མའི་སྲོག་ཤོར་ཡོད་མོད། ད་དུང་འཇིགས་ཞུམ་མེད་པར་མི་རིགས་ཀྱི་བདེན་དོན་ཆེད་དུ་རྩོད་ལེན་གནང་ཡོད།

གནས་སྟངས་དེ་འདྲ་ཞིག་གི་འོག་ནས་མཐར་བོད་ནང་ཆབ་སྲིད་ཕྲན་བུ་ཙམ་གུ་ཡངས་ཕྱིན་པ་དང་བསྟུན། རིག་གསར་སྐབས་གཏོར་བཤིག་ཕྱིན་པའི་དགོན་སྡེ་ཁག་བསྐྱར་གསོ་ཐུབ་ཐབས་ལ་འབད་བརྩོན་གནང་ཡོད། རྒྱ་གཞུང་གིས་དེ་དག་མཐོང་དུས་ཁོ་ཚོའི་ཚོད་དཔག་ལས་ཡོངས་སུ་བརྒལ་ཡོད། རྒྱ་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་ནི་རྗེས་ལུས་ཡིན་རབས་སོགས་ཀྱི་འཇམ་རྩུབ་གཉིས་ཀྱི་ཐོག་ནས་སློབ་གསོ་བརྒྱབ་ཡོད་ཀྱང་། བོད་མི་རྒན་དར་གཞོན་གསུམ་གྱི་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་ཉམས་དམན་དུ་གཏོང་ཐུབ་མེད།

ཡང་རྒྱ་གཞུང་གིས་བོད་རིགས་རྣམས་དཔལ་འབྱོར་འཕེལ་རྒྱས་ཀྱིས་བསླུ་བྲིད་བྱེད་ཆེད་ལས་འགུལ་སྣ་མང་སྤེལ་བཞིན་ཡོད་ལ། ལྷག་པར་དུ་བོད་ཀྱི་སྐད་ཡིག་དེ་ཉིད་རྩ་མེད་བཟོ་ཐབས་སུ། བོད་ཡིག་བཀོལ་སྤྱོད་བྱེད་སའི་ཁོར་ཡུག་མེད་པ་བཟོ་བཞིན་ཡོད། བོད་ཀྱི་སློབ་གྲྭ་ཁག་ཏུ་བོད་ཡིག་སློབ་ཁྲིད་ཉུང་དུ་གཏོང་བཞིན་པ་དང་། བོད་ཀྱི་སྐད་ཡིག་ཐོག་ལས་དོན་གཉེར་མཁན་རྣམས་ལ་ཉེས་མིང་སྣ་ཚོགས་བཏགས་ནས་བཙོན་འཇུག་བྱེད་བཞིན་ཡོད། རྒྱ་གཞུང་གིས་བོད་ནང་ཆོས་དད་རང་དབང་ཡོད་ཚུལ་སྒྲོག་བཞིན་ཡོད་མོད། དོན་ངོ་མ་ནི་རང་གི་རྩ་བའི་བླ་མའི་མཚན་ཙམ་ཡང་འབོད་མི་ཆོག་པ་བཟོས་ཡོད། གལ་སྲིད་བོད་མི་སུ་འདྲ་ཞིག་གིས་རྩ་བའི་བླ་མའི་མཚན་སྨྲས་པ་དང་། སྐུ་པར་སྒྲིག་བཤོམ་བྱས་པ་སོགས་རྒྱ་གཞུང་གིས་ཤེས་ཚེ། བཙོན་དུ་བཅུག་ནས་ཁྲིམས་ཐག་གཅོད་ཀྱི་ཡོད།

             རྒྱ་གཞུང་གིས་བོད་ལ་ “ཡར་རྒྱས་འཛུགས་སྐྲུན་” ཞེས་པར་ཁ་གཡར་ཏེ་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཏང་དང་གཏོང་བཞིན་ཡོད་ལ། ལྷག་པར་བོད་མཐོ་སྒང་གི་རང་བྱུང་གཏེར་ཁ་བསྔོག་འདོན་ཤུགས་ཆེ་བྱས་པའི་རྐྱེན་གྱིས་ས་ཁུལ་གྱི་ཚ་དྲོད་རྒྱས་ཏེ་བོད་ཀྱི་སྲིད་པ་ཆགས་པའི་འཁྱག་རོང་རྣམས་ཀྱང་རིམ་གྱིས་བཞུ་བཞིན་ཡོད། དེ་བཞིན་ཞི་བདེ་དང་རང་དབང་ངང་གནས་པའི་རི་སྐྱེས་སྲོག་ཆགས་དུ་མ་ཞིག་ཀྱང་འཚོ་གནས་མི་ཐུབ་པའི་གནས་སུ་གྱུར་འདུག

སྔོན་དུས་བོད་ཀྱི་འབྲོག་སྡེ་རྣམས་རང་དབང་གིས་རྩྭ་ཆུ་བཟང་སར་གནས་སྤོ་བྱེད་ཆོག་གི་ཡོད་མོད། དེང་སྐབས་དེ་ལས་ལྡོག་སྟེ་རྩྭ་ར་བགོ་འགྲེམས་དང་ར་སྐོར་བརྒྱབ་པར་བརྟེན། བོད་མཐོ་སྒང་དུ་ཕ་མེས་ནས་འབྲོག་ལས་ལ་བརྟེན་པའི་འབྲོག་པ་རྣམས་ལ་རྩྭ་ཆུས་མི་འདང་བའི་དཀའ་ངལ་འཕྲད་བཞིན་ཡོད། རྒྱ་གཞུང་གིས་བོད་ཀྱི་འབྲོག་ལས་རིག་གཞུང་རྩ་མེད་བཟོ་ཆེད། འབྲོག་པ་རྣམས་གྲོང་རྡལ་དུ་གཞིས་ཆགས་སུ་བཅུག་པ་དང་། ཕྱུགས་ཟོག་བཤས་ར་དེད་བཅུག་པ་སོགས་ཀྱི་སྲིད་ཇུས་ངན་པ་སྤེལ་བཞིན་ཡོད།

ཆོས་ལུགས་རང་དབང་གི་ཐད་ནས་ཀྱང་། སྔོན་དུས་དགོན་སྡེ་ཁག་ཏུ་རང་དབང་གིས་གྲྭ་པ་འཛུལ་ཞུགས་ཆོག་གི་ཡོད་ཀྱང་། དེང་སྐབས་གྲངས་བཅད་བཟོས་ནས་དམ་དྲག་བྱེད་བཞིན་ཡོད་ལ། འདི་ནི་བོད་ནང་ཆོས་ལུགས་ཀྱི་ངོ་བོ་མེད་པ་བཟོ་བའི་ཇུས་ངན་ཞིག་རེད། དེ་བཞིན་བོད་ཀྱི་སློབ་གྲྭ་ཁག་ཏུ་བོད་ཡིག་སློབ་ཁྲིད་ཉུང་དུ་བཏང་བ་དང་། བོད་ཕྲུག་རྣམས་གཏན་འཇགས་སློབ་གྲྭར་བཅུག་ནས་རྒྱ་མི་རིགས་སུ་བསྒྱུར་རྒྱུའི་ཐབས་ཇུས་བརྩམས་བཞིན་ཡོད། དེའི་རྐྱེན་གྱིས་ལོ་ན་ཆུང་བའི་བོད་ཕྲུག་ཚོས་བོད་སྐད་ལས་རྒྱ་སྐད་ལ་བྱང་བ་དང་། བོད་སྐད་ཡིག་གི་ཆུ་ཚད་ཉིན་རེ་བཞིན་དམའ་རུ་འགྲོ་བཞིན་པ་ནི་སེམས་འཚབ་སྐྱེ་གཞི་ཞིག་རེད། འོན་ཀྱང་བོད་ཞེན་ཅན་འགའ་ཤས་ཀྱིས་དྲ་རྒྱའི་བརྒྱུད་ལམ་ཁག་ཏུ་བོད་ཀྱི་སྐད་ཡིག་སློབ་གསོ་གནང་བཞིན་པ་ནི་དགའ་འོས་པ་དང་རྗེས་སུ་ཡི་རངས་ཞུ་འོས་པ་ཞིག་ཡིན་ལ། དེས་ང་ཚོའི་སྤྱི་ཚོགས་ལ་ཕན་ཐོགས་ཆེན་པོ་འབྱུང་ངེས།

ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་པའི་བོད་མི་འབུམ་གཅིག་ཙམ་གྱིས་བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ཆེད་བཙན་བྱོལ་དུ་ཕེབས་དགོས་བྱུང་། མི་ཡུལ་དུ་ངོ་ཤེས་པ་ནི་གནམ་དང་ས་ལས་མེད་ནའང་། ༸གོང་ས་མཆོག་གིས་ “རེ་བ་བཟང་ས་ནས་རྒྱག་དགོས་ལ། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་” པའི་བཀའ་སློབ་ལམ་སྟོན་ཡང་ཡང་གནང་ཞིང་། ཉིན་མཚན་ལྟོས་མེད་སྐུ་ངལ་ཚད་མེད་བསྐྱོན་པའི་བཀའ་དྲིན་ལས། བཙན་བྱོལ་བོད་གཞུང་ (བོད་མིའི་སྒྲིག་འཛུགས་) འཆར་གཞི་ལྡན་པ་གསར་འཛུགས་ཐུབ་པ་བྱུང་ཡོད། འདི་ནི་འཛམ་གླིང་ནང་གི་བཙན་བྱོལ་སྒྲིག་འཛུགས་གཞན་དང་མི་འདྲ་བའི་མིག་དཔེ་འོས་པ་ཞིག་ཡིན། རྩ་ཆེ་བའི་མང་གཙོའི་སྒྲིག་འཛུགས་འདི་ཉིད་མུ་མཐུད་ཡར་རྒྱས་གཏོང་དགོས་པ་ལས། གནས་སྐབས་ཀྱི་དགོས་མཁོ་ཙམ་གྱི་ཆེད་དུ་སྒྲིག་འཛུགས་ལ་གནོད་པའི་ལས་ཀ་ནམ་ཡང་བྱེད་མི་རུང་། ད་ལྟ་ནི་ནང་ཁུལ་ཁ་རྩོད་བྱེད་པའི་དུས་ཚོད་མིན་པར། ཆིག་སྒྲིལ་གྱིས་དགྲ་བོར་ཁ་གཏད་གཅག་དགོས་པའི་དུས་ལ་བབས་ཡོད།

དེ་བཞིན་ན་གཞོན་རྣམ་པས་རང་གི་སྐད་ཡིག་ལ་དོ་སྣང་བྱེད་དགོས་པ་ཤིན་ཏུ་གལ་ཆེ། བོད་མིས་རང་གི་སྐད་ཡིག་ལ་སྦྱོང་བརྩོན་མ་བྱས་ན་སུ་ཞིག་གིས་བྱེད་དམ། བོད་མི་ནང་ཁུལ་དུ་བོད་སྐད་དང་བོད་ཡིག་བཀོལ་སྤྱོད་གནང་རྒྱུ་དང་། ཉིན་ཐོ་ཚུན་ཆད་བོད་ཡིག་ཏུ་འབྲི་ཐབས་བྱེད་དགོས། སྦྱོང་བརྩོན་མ་བྱས་པར་ “བོད་ཡིག་ཤེས་ཀྱི་མི་འདུག་” ཅེས་ལབ་པ་ནི་ལེ་ལོ་དང་འགན་མ་ཁུར་བའི་རྟགས་རེད། གཞིས་བྱེས་གཉིས་སུ་གྱེས་པའི་སྐྱོ་གར་གྱི་ཁྲོད་ནས་ང་ཚོ་ཚང་མས་རིག་པ་བསྒྲིམ་སྟེ་ལས་དོན་གནང་དགོས་པ་ལས། ལྷོད་གཡེང་བྱེད་པའི་དུས་ཚོད་ཅིག་གཏན་ནས་མིན།

བོད་མི་རིགས་ཀྱི་མ་འོངས་པ་ནི་མི་རབས་གསར་པ་རྣམས་ལ་རག་ལས་ཡོད་པས། ཁོང་ཚོར་གནའ་དེང་ཡ་མ་བྲལ་བའི་སློབ་གསོ་སྤྲོད་རྒྱུ་ནི་གནད་ཀྱི་དོན་པོ་ལགས་ན། ༸གོང་ས་མཆོག་གིས་སྐུ་ངལ་མ་འཛེམས་པར་བོད་པའི་སློབ་གྲྭ་ཟུར་འཛུགས་གནང་བའི་བཀའ་དྲིན་ལས། བོད་ཀྱི་ཆོས་དང་རིག་གཞུང་གསོན་པོར་གནས་ཐུབ་པ་བྱུང་བ་རེད། ༸མགོན་པོ་མཆོག་གི་བཀའ་དྲིན་ལས་བོད་ཙམ་མ་ཟད། ཧི་མ་ལའི་རི་རྒྱུད་ཀྱི་ནང་པ་རྣམས་དང་། འཛམ་གླིང་གི་སྐྱེ་བོ་གྲངས་མེད་པ་ཞིག་ལ་སེམས་ཀྱི་ཞི་བདེ་བསྐྲུན་ཐུབ་པ་བྱུང་ཡོད། དགུང་ལོ་དགུ་བཅུར་ཕེབས་ནའང་ད་དུང་ཐུགས་སྟོབས་མ་ཞུམ་པར་མི་མང་གི་རེ་འདོད་བསྐོང་བཞིན་པ་ནི་ང་ཚོའི་བསོད་ནམས་ཀྱི་དཔལ་ཉིད་དོ།།

མཐའ་དོན། ལོ་འདི་ནི་བོད་མི་རིགས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་གོ་སྟོན་དང་། “བྱམས་བརྩེའི་ལོ་” སྲུང་བརྩི་ཞུ་བའི་ལོ་ཚིགས་ཁྱད་པར་ཅན་ཞིག་ཡིན་པས། ༸མགོན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། བོད་མི་རིགས་ཀྱི་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཤུགས་དྲག་དང་བཅས་མཇུག་བསྡུས་པའོ།།

སྨྲས་པ།

༄༅། །གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་མཆོག །

དགུང་གྲངས་དགུ་བཅུའི་དགའ་སྟོན་འཆར་བའི་དུས། །

གངས་ཅན་པ་ཀུན་ཐལ་མོ་སྙིང་ཁར་སྦྱར། །

བཀའ་དྲིན་དྲན་བཞིན་སྐུ་ཚེ་བརྟན་གསོལ་འདེབས། །

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

སྐར་མ ༢༠ སྔོན་ལ།
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག།

ཆུ་ཚོད་ ༢ སྔོན་ལ།
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

༢༠༢༦/༠༨/༡༦
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese