མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

བོད་ཀྱི་དུས་བབ།
༢༠༢༦/༠༥/༡༤
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་སྲིད་ཇུས་ལ་ཟློག་ཐབས་ཡོད་ན་མེད་ན་དེ་བཙན་བྱོལ་ནང་དུ་རིས་སུ་མ་ཆད་པའི་དགོན་སྡེ་ཁག་ཚང་མས་བོད་ཡིག་གཙོ་བོར་གྱུར་པའི་ནང་ཆོས་སློབ་གཉེར་གནང་རྒྱུའི་ཐོག་འགན་བཞེས་རྒྱུ་དེ་ཡིན་སྐོར་གསུངས་སོང་།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་འདུལ་བ་སློབ་ཐོན་པ་དང་། དབུ་མ་སློབ་ཐོན་པ། རིགས་ལམ་སློབ་ཐོན་པ་རྣམས་ལ་ཕྱག་འཁྱེལ་ཕུལ་བའི་མཛད་སྒོའི་ཐོག་གསུང་བཤད་གནང་བཞིན་པ། ༢༠༢༦།།༥།༡༤ དུས་བབ་གསར་ཁང་གི་པར།

དེ་རིང་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ ཙམ་གྱི་ཐོག་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་འདུལ་བ་སློབ་ཐོན་པ་དང་། དབུ་མ་སློབ་ཐོན་པ། རིགས་ལམ་སློབ་ཐོན་པ་བཅས་ཀྱི་སློབ་ཐོན་མཛད་སྒོ་འཚོགས་སོང་ལ། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕེབས་འདུག ཐོག་མར་ཀིརྟིའི་བྱེས་པ་གྲྭ་ཚང་གི་སློབ་སྤྱི་དང་དགེ་རྒན་གཅིག་ལྕོགས་སློབ་དཔོན་ཆེན་མོ་སོ་རུ་དར་རྒྱས་ལགས་ནས་སློབ་གཉེར་ཁང་གི་སློབ་སྦྱོང་དང་འབྲེལ་བའི་སྤྱི་ཡོངས་ཀྱི་ལས་བསྡོམས་སྙིང་བསྡུས་ཤིག་སྒྲོགས་སྦྱངས་གནང་བ་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་སློབ་ཐོན་པ་རྣམས་ ༢༢ ལ་ཕྱག་འཁྱེར་འབུལ་བཞེས་གནང་སོང་།

མཛད་སྒོའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། དེ་རིང་བྱེས་ཀྱི་ཀིརྟི་གྲྭ་ཚང་གི་འདུལ་བ་སློབ་ཐོན་པ་དང་། དབུ་མ་སློབ་ཐོན་པ། རིགས་ལམ་སློབ་ཐོན་པའི་མཛད་སྒོར་ང་ཚོ་ཚང་མ་འཛོམས་རྒྱུའི་གོ་སྐབས་བྱུང་བ་དེ་གཙོ་བོ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ཡོང་གི་ཡོད་རེད། དེར་བརྟེན་ང་ཚོས་༸གོང་ས་མཆོག་གི་བཀའ་དྲིན་དུས་ནམ་ཡང་མ་བརྗེད་པ་བྱས་ནས་༸མགོན་པོ་གང་ཉིད་མཆོག་གི་བཀའ་དགོངས་དེ་དག་འགྲུབ་ཐུབ་རྒྱུའི་འབད་བརྩོན་ལྷོད་མེད་ཞུ་དགོས་པ་དེ་ཚང་མས་མཁྱེན་མཁྱེན་པ་རེད་ལ། ངས་དེ་རིང་བསྐྱར་ལྡབ་ཞུ་བ་དང་། ༸གོང་ས་མཆོག་ལ་སྒོ་གསུམ་གུས་ཕྱག་ཕུལ་བ་དང་སྦྲགས། དགོན་པ་སོ་སོ་ལ་བོད་ནང་དཀའ་ངལ་མང་པོ་འཕྲད་ནས་བྱེས་སུ་གྱར་དགོས་བྱུང་བ་རེད། བོད་ནང་དུ་གཏོར་བཤིག་མང་པོ་བཏང་བ་རྣམས་བཙན་བྱོལ་ནང་དུ་སླར་གསོ་བྱུང་བའི་དགོན་པ་སོ་སོར་ཆ་བཞག་ན། དགོན་པ་སོ་སོའི་བླ་མ་ཚོས་འགན་བཞེས་ནས་ཡོང་གི་ཡོད་རེད། ད་ལྟ་ཀིརྟིའི་བྱེས་པ་གྲྭ་ཚང་ལ་ཆ་བཞག་པ་ཡིན་ན། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་ལོ་མང་པོའི་རིང་སྐུ་ལས་བསྐྱོན། ད་ལྟ་འདིར་སློབ་གྲྭའི་སྐོར་གྱི་བྱུང་རིམ་སྙན་སྒྲོན་གནང་སྐབས། ཐོག་མར་མགོ་འཛུགས་དུས་ཕྱི་ལོ་ ༡༩༨༨ ནས་གསུངས་ཡོང་གི་འདུག སྐབས་དེ་དུས་ང་རང་མཐོ་སློབ་ཏུ་ལོ་རིམ་གསུམ་པ་འགྲིམ་བཞིན་པ་རེད། དུས་དེ་ནས་ལོ་འགའ་ཤས་ཀྱི་རྗེས་ནས་་དྷ་སར་བཅར་རྒྱུའི་གོ་སྐབས་བྱུང་བ་རེད། ང་ཚོས་དུས་དེ་ནས་ཀིརྟིའི་བྱེས་པ་གྲྭ་ཚང་སྔོན་མ་གང་ཡོད་པ་ནས་ད་ལྟ་གང་ཆགས་ཡོད་པ་དེ་དག་མིག་མཐོང་ལག་ཟིན་རེད། དེ་ཡང་ཕྱིའི་རྣམ་པ་གཅིག་པུ་མིན་པར་རིན་པོ་ཆེས་འགན་བཞེས་རྒྱུ་གཙོ་བོ་དེ་ནང་གི་སློབ་སྦྱོང་སྤྲད་རྒྱུའི་ཐོག་ལ་ཐུགས་སྣང་རྒྱ་ཆེན་པོ་བཞེས་པ་རེད། སློབ་དེབ་བརྩམས་གནང་བ་སོགས་བྱེས་པ་གྲྭ་ཚང་ཙམ་དུ་མིན་པར་་རྒྱ་ཆེའི་སྤྱི་ཚོགས་དང་། བོད་བརྒྱུད་ནང་བསྟན་སློབ་གཉེར་བྱེད་མཁན་ཡོངས་ལ་ཐུགས་ཕན་གསོ་རྒྱུའི་བྱ་བ་མང་པོ་ཞིག་བརྩམས་གནང་བ་རེད། ཅེས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་གིས། དགོན་སྡེ་ཁག་བོད་ནང་དུ་གནས་སྟངས་གང་འདྲ་ཆགས་ཡོད་མེད་ཐད་ཚང་མས་རྒྱུས་མངའ་ཡོད་པ་རེད། ལྷག་པར་དུ་ད་ལྟ་བར་དུ་རང་ལུས་མེར་སྲེག་གཏོང་མཁན་མང་ཤོས་དེ་ཀིརྟི་ཁུལ་ནས་ཆགས་ཀྱི་ཡོད་ལ། ཆབ་སྲིད་ཀྱི་གོ་རྟོགས་ཡིན་རུང་ཀིརྟི་ཁུལ་དེ་དག་མང་བ་ཡོད་པའི་རྣམ་པ་ཞིག་རང་བཞིན་གྱིས་ཐོན་གྱི་ཡོད་རེད། བོད་ཁྱོན་ཡོངས་ནས་བྱས་ན། ད་ལྟའི་རྒྱ་ནག་གཞུང་གི་སྲིད་ཇུས་དེ་ད་ལོའི་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་མི་རིགས་མཐུན་སྒྲིལ་ཡར་རྒྱས་ཟེར་བའི་མིང་སྙིང་རྗེ་མོ་བཏགས་ནས་མི་རིགས་ཀྱི་ངོ་བོ་ཡོངས་སུ་རྫོགས་པ་མེད་པ་བཟོ་རྒྱུའི་སྲིད་ཇུས་འཛིན་གྱི་ཡོད་པ་རེད། དེ་ཡང་ལོ་བཅུ་ཕྲག་མང་པོ་ནས་སྲིད་ཇུས་དེ་བཟུང་བའི་མཐའ་མའི་ད་ལྟའི་གནས་བབ་དེ་འདྲ་ཞིག་ཏུ་བསླེབས་ཡོད། ཕྱོགས་གཞན་ཞིག་ནས་ང་ཚོ་བོད་པའི་སྐད་ཡིག་དེ་རྩ་ཆེན་པོ་ཡིན་པ་ཞུ་ཡི་ཡོད་རེད། སྐད་ཡིག་ལ་མཁས་པ་དེ་ཚོས་བཤད་སྟངས་བྱས་པ་ཡིན་ན། འཛམ་གླིང་འདིའི་ནང་ལོགས་ལ་སྐད་ཡིག་རྙིང་ཤོས་ ༡༥ ནང་ནས་བོད་ཀྱི་སྐད་ཡིག་དེ་གཅིག་ཆགས་ཀྱི་ཡོད་རེད་ཅེས་གསུང་གི་འདུག ནང་ཆོས་མདོ་དང་སྔགས་དང་། ལུང་རྟོགས་ཆ་ཚང་བལྟ་དགོས་ཚེ། བོད་པའི་སྐད་ཡིག་ནང་མ་གཏོགས་ཆ་ཚང་བ་ཞིག་བལྟ་རྒྱུ་མེད་པ་༸གོང་ས་མཆོག་གིས་དུས་ནས་དུས་སུ་བཀའ་སློབ་གནང་བའི་ནང་ནས་གསལ་པོ་མཁྱེན་ཐུབ་པ་ཆགས་ཀྱི་ཡོད། སྐད་ཡིག་རྩ་ཆེན་དེ་བོད་ནང་དུ་བེད་སྤྱོད་གཏོང་བར་འགོག་རྐྱེན་དང་། རྒྱ་ནག་གཞུང་གི་སྲིད་ཇུས་ཀྱི་འོག་ནས་ཁྲིམས་ཀྱི་ངོ་བོའི་ཐོག་ནས་འགོག་རྐྱེན་བཟོ་རྒྱུ་དང་། དེ་འདྲའི་དཀའ་ངལ་མང་པོ་ཞིག་བཙན་བྱོལ་ནང་དུའང་ང་ཚོའི་སྤྱི་ཚོགས་འཛམ་གླིང་ས་ཕྱོགས་གང་སར་གྱར་ནས་བསྡད་ཡོད་པ་དང་། མི་རབས་གསར་པ་དེ་དག་བོད་པའི་སྐད་ཡིག་ལ་དོ་སྣང་ཇི་ཙམ་སླེབས་ཐུབ་མིན་གྱི་གནས་སྟངས་མང་པོ་ཞིག་ཡོད་སྟབས། བཙན་བྱོལ་ནང་དུ་རིས་སུ་མ་ཆད་པའི་དགོན་སྡེ་ཁག་ཚང་མས་བོད་ཡིག་གཙོ་བོར་གྱུར་པའི་ནང་ཆོས་སློབ་གཉེར་བྱ་རྒྱུའི་ཐོག་འགན་བཞེས་པ་དེས་ང་ཚོས་རྒྱ་ནག་གི་སྲིད་ཇུས་དེ་ལ་ཟློག་ཐབས་ཡོད་ན་མེད་ན་འདི་ཆགས་ཀྱི་ཡོད་རེད། བོད་སྤྱི་པའི་རྩ་དོན་སྒྲུབ་ཟེར་བ་དེ་ཆབ་སྲིད་རྐྱང་པའི་སྐད་ཆ་ཤོད་ཀྱི་མེད་པ་རེད། ༸གོང་ས་མཆོག་གིས་བཀའ་སློབ་བསྩལ་བའི་ནང་། ཕྱི་ལོ་ ༢༠༡༡ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་དབུ་འབྱེད་མཛད་སྐབས་བཀའ་སློབ་གནང་བའི་ནང་། ང་ཚོ་བོད་པའི་སྐད་ཡིག་དང་ཆོས། རིག་གཞུང་དེ་དག་མི་ཉམས་རྒྱུན་འཛིན་བྱས་ཐུབ་པ་ཡིན་ན། བོད་སྤྱི་པའི་རྩ་དོན་ལ་ངོ་མ་དེས་ཕན་གྱི་ཡོད་རེད་ཅེས་གསུངས་པ་རེད། རྒྱུ་མཚན་ནི་ང་ཚོར་ངོམ་རྒྱུ་ཡོད་ན་མེད་ན་དེ་ནང་ཆོས་རེད། དེར་བརྟེན་བཙན་བྱོལ་སྤྱི་ཚོགས་ནང་དུ་དགོན་སྡེ་ཁག་གིས་ལས་འགན་བསྒྲུབས་པ་དེ་དག་བོད་པ་ཙམ་དུ་མིན་པར་ཧི་མ་ལ་ཡའི་རི་རྒྱུད་དང་། བོད་བརྒྱུད་ནང་བསྟན་གྱི་རྗེས་སུ་འབྲང་མཁན་སུ་འདྲ་ཞིག་ཡིན་རུང་། ཚང་མར་ཕན་ཐོགས་སྒྲུབ་ཐུབ་རྒྱུའི་བྱ་གཞག་ཆེན་པོ་ཞིག་འགྲུབ་པ་ནི་༸མགོན་པོ་གང་ཉིད་ཀྱི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་རེད།

ཕྱག་འཁྱེར་གནང་བ།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་སློབ་ཐོན་པར་ཕྱག་འཁྱེར་གནང་བ། དུས་བབ་ཀྱི་པར། ༢༠༢༦།༥།༡༤

རྒྱལ་སྤྱིའི་ནང་ག་ཚོད་ཀྱིས་སྙོབ་ཐུབ་ཐུབ་སྙོབ་པ་བྱས་ནས་བོད་ཀྱི་གནད་དོན་འགྲེལ་བརྗོད་བྱེད་པ་དེ་གོ་སྐབས་རེད། དེ་ཡང་ཐབས་ཇུས་དང་ལྡན་པའི་ཐོག་ནས་དབུ་མ་དང་རང་བཙན་ཟེར་བའི་རྩོད་པ་རྩ་བ་ཉིད་ནས་མི་དགོས་པ་བྱས་ཏེ། གང་ལྟར་བོད་སྤྱི་པའི་དོན་དུ་ལས་དོན་ཞིག་བྱེད་ཐུབ་ཀྱི་ཡོད་ན། ཆབ་སྲིད་ཀྱི་ཐོག་ནས་ཆབ་སྲིད་ཀྱི་འགན་འཁྱེར་མཁན་རྣམས་ཀྱིས་གཞུང་དང་གཞུང་ཁོངས་མ་ཡིན་པ་ཚང་མས་ནུས་པ་སྤུངས་ནས་བྱེད་ཚེ་གྲུབ་འབྲས་འཐོན་རྒྱུ་ཡོད་པ་ཞིག་རེད། དེ་བཞིན་དགོན་སྡེ་ཁག་ཏུའང་གྲྭ་ཚང་ནང་གནང་གི་ཡོད་པ་ནང་བཞིན་བསླབ་པ་སློབ་གཉེར་ཚད་མེད་གནང་བ་དང་། སོ་སོས་སློབ་སྦྱོང་བྱས་པ་དེ་སོ་སོ་གཅིག་པོའི་ཆེད་དུ་མ་རེད་པཱ། ལོ་རྟག་པར་མཁན་པོ་དང་དགེ་བཤེས་མང་པོ་ཞིག་ཐོན་གྱི་ཡོད་ལ། གཞན་ལ་ག་རེ་ཕན་ཐོགས་པ་བྱེད་དགོས་རེད། དེ་བཞིན་དགོན་སྡེ་ཁག་ཏུ་ཡུལ་སྐོར་བ་མང་པོ་ཡོང་གི་ཡོད་ཀྱང་། དོན་དངོས་སུ་གཙུག་ལག་ཁང་དུ་ཆ་བཞག་ནའང་། རྒྱ་གར་གྱི་ཡུལ་སྐོར་བ་རྣམས་ལ་ཧིན་དྷིའི་སྐད་ནས་འགྲེལ་བརྗོད་དང་། བོད་སྐད་ཐོག་དགོན་པའི་སྐོར་དང་། སྐུ་བརྙན། ཐང་ཀ་སོགས་ཀྱི་ནང་དོན་འགྲེལ་བརྗོད་བྱེད་མཁན་མེད་པས། བོད་སྐད་དང་དབྱིན་སྐད། འཇར་མན་སྐད་ཡིག ཧིན་དྷིའི་སྐད་ཡིག་སོགས་སྐད་ཡིག་མི་འདྲ་བའི་ནང་འགྲེལ་བརྗོད་བྱེད་ཐུབ་ན། ཡུལ་སྐོར་བར་གོ་རྟོགས་ལེགས་པོ་ཡོང་རྒྱུ་དང་། རིམ་གྱིས་བོད་དོན་སྐོར་དང་བོད་ཀྱི་ཆབ་སྲིད་ཀྱི་སྐོར་གོ་རྟོགས་ཡོང་གི་རེད། དེར་བརྟེན་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་པའི་དགོན་སྡེ་ཁག་ལ་འཕྲུལ་རིག་བརྒྱུད། (QR Code) བརྒྱུད་དགོན་པའི་སྐོར་ལྟ་ཐུབ་པ་དང་། ཞིབ་ཚགས་པོའི་ཐོག་ནས་ལྟ་བར་མུ་མཐུད་ནས་གཟིགས་ཐུབ་ཚེ་ཚང་མར་ཕན་ཐོགས་ཡོང་ཐུབ་ཀྱི་ཡོད་པ་སོགས་འགྲེལ་བརྗོད་གནང་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

TT
Mobile App

རྒྱ་ནག་གཞུང་གིས་བདེ་ཆེན་རྫོང་དེ་ས་གནས་གཞན་ལ་གནས་སྤོ་བཞིན་འདུག

ཆུ་ཚོད་ ༥ སྔོན་ལ།
ཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཀྱི་ཚོགས་འདུ་ཐེངས་ ༨ པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༨
Mobile App

བཙན་བྱོལ་བོད་མིའི་འཕྲོད་བསྟེན་སློབ་སྟོན་ཚོགས་ཆུང་གསར་འཛུགས་གནང་།

ཆུ་ཚོད་ ༥ སྔོན་ལ།
Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་བྱེད་གལ་ཆེ་སྐོར་གསུངས།

༢༠༢༦/༠༨/༢༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

༢༠༢༦/༠༨/༢༧
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

༢༠༢༦/༠༨/༢༧
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese