མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

བོད་ཀྱི་དུས་བབ།
༢༠༢༦/༠༥/༡༥
Share on FacebookShare on TwitterShare on EmailShare on Whatsapp

ལྷོ་ཨ་ཧྥི་རི་ཁའི་ཡེ་ཤུའི་ཆོས་དཔོན་ཞིང་གཤེགས་དམ་པ་ཌ་སི་མིན་ཊུ་ཊུ་མཆོག་གི་ཐེབས་རྩའི་དབུ་འཛིན་ནས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

The Chairman of the Dusmond Tutu’s Foundation Niclas Kjelstrom-Matseke met Dalai Lama at Dharamsala. Photo: OHHDL

དེ་རིང་ཕྱི་ཚེས་ ༡༥ ཉིན་ལྷོ་ཨ་ཧྥི་རི་ཁའི་ཆོས་དཔོན་ཌ་སི་མིན་ཊུ་ཊུ་དམ་པ་དེ་ཉིད་ཀྱི་ཐེབས་རྩའི་དབུ་འཛིན་སྐུ་ཞབས་ནེ་ཀོ་ལ་སི་ཇི་སི་ཊོམ་མ་ཚིག(Niclas Kjelstrom-Matseke)ལགས་བཞུགས་སྒར་དྷ་རམ་ས་ལར་ཆེད་བཅར་གྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་འདུག

སྐུ་ཞབས་ཁོང་གིས་འདི་གའི་གསར་འགོད་པར་མཇལ་ཁའི་མྱོང་ཚོར་སྐོར་ལ་གསུངས་དོན། ང་ཚོ་ཆོས་དཔོན་ཌ་སི་མོན་ཊུ་ཊུ་མཆོག་གི་ཐེབས་རྩའི་ལས་མི་རྣམས་འདིར་འབྱོར་བར་དགའ་ཚོར་ཆེན་པོ་བྱུང་། དེ་རིང་ཞོགས་པར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུ་རྒྱུ་བྱུང་བ་ནི་ཧ་ཅང་སྐལ་བ་བཟང་པོ་ཡིན། ངས་༸གོང་ས་མཆོག་ལ་ང་རང་ཉིད་ངོ་སྤྲོད་དང་ལྷན་དུ། ཌ་སི་མོན་ཊུ་ཊུ་མཆོག་དང་ངེད་གཉིས་མཉམ་དུ་ཡོད་པའི་པར་ཞིག་གཟིགས་འབུལ་ཞུས་པ་ཡིན། པར་དེ་ནི་ཌ་སི་མོན་ཊུ་ཊུ་མཆོག་གིས་རང་ཉིད་ཀྱི་ཐེབས་རྩའི་འགན་དབང་ང་ལ་སྐུལ་བཞིན་པའི་སྐབས་ཀྱི་པར་ཞིག་ཡིན།  སྐབས་དེར་༸གོང་མཆོག་གིས་ངའི་སྐད་ཆ་མཚམས་འཇོག་གནང་སྟེ། ཌ་སི་མོན་ཊུ་ཊུ་ནི་ངོས་ཀྱི་གྲོགས་པ་ཙམ་མིན་པར་སྙིང་ནས་བརྩེ་བའི་གྲོགས་པོ་ཡིན་ཞེས་གསུངས་པ་དེས། ༸གོང་ས་མཆོག་གི་ཌ་སི་མོན་ཊུ་ཊུ་ལ་བཅངས་པའི་བརྩེ་སེམས་ཟབ་མོ་མཚོན་ཡོད་ལ། ང་ཚོས་ཌ་སི་མོན་ཊུ་ཊུ་མཆོག་༸གོང་ས་མཆོག་ལ་བརྩེ་བ་ཇི་ཙམ་ཡོད་མེད་ཤེས་ཚོར་ཡོད་པས། ང་ཚོ་བརྩེ་བའི་གཏམ་རྒྱུད་འདིའི་ཆ་ཤས་སུ་གྱུར་བ་དང་མུ་མཐུད་མཇུག་སྐྱོང་ཐུབ་པར་དགའ་ཚོར་བྱུང་། ང་ཚོ་འདིར་བསྡད་པའི་རིང་བོད་མིའི་མགོ་འཁྲིད་རྣམས་དང་བོད་མི་གང་མང་ནས་ང་ཚོར་ཐུག་པར་དགའ་བསུ་ཡོད། ང་ཚོ་དང་བོད་མིའི་བར་དང་། ཨ་རི་དང་ཨེ་ཤ་ཡ། ཡུ་རོབ་དང་ལྷོ་ཨ་མི་རི་ཁ་སོགས་ང་ཚོ་ཚང་མའི་བར་ཞི་བདེ་དང་དྲང་བདེན། འདྲ་མཉམ་ལ་གུས་བརྩི་ལྡན་པའི་ཐུན་མོང་གི་ཁྱད་ཆོས་ལྡན་ཡོད།

དེ་བཞིན། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ལྷོ་ཨ་ཧྥི་རི་ཁའི་ཡེ་ཤུའི་ཆོས་དཔོན་ཌ་སི་མིན་ཊུ་ཊུ་མཆོག་དམ་པའི་ཐེབས་རྩ་(CEO) ཡི་སྤྱི་གཉེར་བ་ཇཱ་ནེ་ཊི་ཇོབ་སོན་(Janet Jobson)ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས་ཡོད་ལ། སྐབས་དེར་སྤྱི་གཉེར་བ་ཇཱ་ནེ་ཊི་ཇོབ་སོན་ལགས་ཀྱིས། ༸གོང་ས་མཆོག་དང་ཌ་སི་མོན་ཊུ་ཊུ་རྣམ་གཉིས་ནས་འགྲོ་བ་མིའི་བདེ་རྩ་དང་བྱམས་བརྩེ་སོགས་གལ་གནད་ཆེ་བའི་གནད་དོན་མང་པོའི་ཐོག་ཐུགས་འགན་བཞེས་ཡོད་ཅིང་། ལྷག་པར་དུ་འདི་ལོ་ནི་བྱམས་བརྩེའི་ལོར་སྲུང་གཙི་གནང་བཞིན་ཡོད་སྟབས། ང་ཚོ་འདིར་ཡོང་བ་ཡིན། ང་ཚོའི་ཐེབས་རྩའི་ལས་དོན་ལ་མཚོན་ན།  ཞིང་གཤེགས་དམ་པ་ཌ་སི་མོན་ཊུ་ཊུ་མཆོག་གི་དགོངས་གཞི་མཐའ་དག་གང་ཐུབ་ཀྱིས་བསྒྲུབ་རྒྱུར་འབད་བརྩོན་གནང་བཞིན་ཡོད་ལ།  ང་ཚོ་ལྷོ་ཨ་ཧྥི་རི་ཁ་ནས་འདིར་སྤྱི་སྙོམ་དྲང་བདེན་དང་སྙིང་རྗེ་སོགས་འགྲོ་བ་མིའི་རིན་ཐང་དོན་དུ་བཞེངས་མཁན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་མདུན་དུ་བཅར་ཐུབ་པ་དང་བསྟུན་ནས།  མང་ཚོགས་དང་ཐེབས་རྩའི་དམིགས་ཡུལ།  རིན་ཐང་།  དེ་བཞིན་༸གོང་ས་མཆོག་དང་ཌ་སི་མོན་ཊུ་ཊུ་བར་གྱི་དམིགས་བསལ་འབྲེལ་བ་དེ་དག་གོང་འཕེལ་དང་རྒྱུན་མཐུད་ཐུབ་པ་ནི་དོན་སྙིང་ལྡན་པ་ཆགས་སོང་ཞེས་གསུངས་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

ཆུ་ཚོད་ ༢ སྔོན་ལ།
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

ཆུ་ཚོད་ ༥ སྔོན་ལ།
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

ཆུ་ཚོད་ ༥ སྔོན་ལ།
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧
དྲ་ལམ་གྱི་པར།
Mobile App

བོད་རྔ་བ་ཁུལ་མའོ་རྫོང་དུ་ས་རུད་ཀྱི་དོན་རྐྱེན་བྱུང་།

༢༠༢༦/༠༩/༡༧
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་སྲིད་བློན་མུ་དྷི་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese