མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༥/༡༥
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཁྱབ་ཁོངས་བོད་སློབ་ཁོངས་ནས་འཛིན་རིམ་བཅུ་གཉིས་ཀྱི་སློབ་ཕྲུག་གྲངས་ ༩༡༨ རྒྱལ་ཡོངས་ཡིག་རྒྱུགས་ནང་མཉམ་ཞུགས་བྱས་ཏེ་སློབ་ཕྲུག་གྲངས་ ༩༠༥ ཡི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

དྷ་སྟེང་བོད་ཁྱིམ་སློབ་གྲྭ་རུ་སློབ་ཕྲུག་རྣམས་ཀྱིས་རྒྱལ་ཡོངས་ཡིག་རྒྱུགས་གཏོང་བཞིན་པ། ༢༠༢༤།༡༢།༠༩ དྷ་སྟེང་བོད་ཁྱིམ་སློབ་གྲྭའི་དྲ་ཐོག་ནས་པར་བླངས།

རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཁྱབ་ཁོངས་འཛིན་རིམ་བཅུ་གཉིས་ཀྱི་རྒྱུགས་འབྲས་གསལ་བསྒྲགས་གནང་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཕྱོགས་བསྡོམས་ལྟར་ན། འདི་ལོར་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ནང་ཞུགས་མཁན་བོད་པའི་སློབ་གྲྭ་གྲངས་ ༡༣ གྱི་སློབ་ཕྲུག་གྲངས་ ༩༡༨ ཡོད་པའི་ཁྲོད། སློབ་ཕྲུག་གྲངས་ ༩༠༥ ཡིག་རྒྱུགས་འཕྲོད་དེ་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ བླངས་འདུག དེའི་ཁྲོད་བོད་པའི་སློབ་གྲྭ་  ༧ གྱིས་ཡིག་རྒྱུགས་བརྒྱ་ཆ་ ༡༠༠ འཕྲོད་འདུག

འདི་ལོའི་ཚན་རིག་ཡིག་རྒྱུགས་ཁྲོད་མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་ནོར་འཛོམས་ལགས་ཀྱིས་བརྒྱ་ཆ་ ༩༢།༦ བླངས་ནས་ཨང་དང་པོ་ཐོབ་ཡོད་ཅིང་། ཚོང་ལས་སྡེ་ཚན་གྱི་ཁོངས་སུ་ཨང་དང་པོ་ཐོབ་མཁན་མ་སུ་རི་སམ་བྷོ་ཊ་གཏན་སློབ་ཀྱི་སློབ་མ་ནི་ཞི་བྷ་ཡིན་པ་དང་།  ཁོང་གི་ཡིག་རྒྱུགས་གྲུབ་འབྲས་ཀྱི་སྐར་གྲངས་བརྒྱ་ཆ་ ༩༡།༢ ཡིན་འདུག དེ་བཞིན་འབྱུང་རིག་སྡེ་ཚན་གྱི་ཁོངས་སུ་ཨང་དང་པོ་ཐོབ་མཁན་ཧ་ཝ་པུར་སམ་བྷོ་ཊའི་སློབ་གྲྭའི་སློབ་མ་ཨར་ཡིན་ལགས་ཡིན་འདུག ཁོང་གི་ཡིག་རྒྱུགས་གྲུབ་འབྲས་ཀྱི་སྐར་གྲངས་བརྒྱ་ཆ་ ༩༥།༤ ཡིན་འདུག

འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་དང་དེང་རབས་ཤེས་ཡོན་ཚན་པའི་འགན་འཛིན་གཅིག་ལྕོགས་བསྟན་འཛིན་རྡོ་རྗེ་ལགས་སུ་ད་ལོའི་ཡིག་རྒྱུགས་ཐད་དགོངས་ཚུལ་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས། ལོ་ལྟར་ཡིག་རྒྱུགས་ནང་མཉམ་ཞུགས་བྱེད་མཁན་གྱི་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་སློབ་མར་འགྱུར་བ་འགྲོ་བཞིན་ཡོད་ཅིང་། རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་ཡིག་རྒྱུགས་ཀྱི་སྒྲོམ་གཞི་དང་། ནང་དོན། བསླབ་གཞི་རྩ་འཛིན། ཡིག་རྒྱུགས་ཀྱི་ལམ་སྲོལ་བཅས་ལའང་འགྱུར་བ་ཤུགས་ཆེན་འགྲོ་བཞིན་ཡོད་པའི་གནས་སྟངས་ཀྱི་འོག་ཏུ། འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ ལོན་ཡོད་པ་དང་། འཛིན་རིམ་བཅུ་པའི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༧། ༧༡  བླངས་ཡོད། སྤྱི་ཡོངས་ཀྱི་ཡིག་རྒྱུགས་ཀྱི་གྲུབ་འབྲས་ཡག་པོ་རེད་བསམ་གྱི་འདུག  ལོ་རེ་བཞིན་ཡིག་རྒྱུགས་ཀྱི་གྲུབ་འབྲས་ལ་འཕར་ཆག་གི་གནས་སྟངས་གང་ཡང་འབྱུང་སྲིད་པ་ཞིག་རེད། དེ་ལས་ཀྱང་གལ་ཆེ་བ་ནི་རྒྱུན་ལྡན་གྱི་སློབ་མའི་ཤེས་ཡོན་གལ་ཆེན་པོ་རེད། ཅེས་གསུངས་བྱུང་།

དེ་བཞིན་འདི་ལོར་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ནང་ཞུགས་མཁན་བོད་པའི་སློབ་གྲྭ་གྲངས་ ༢༢ ཀྱི་སློབ་མ་ཁྱོན་ ༡༠༠༥ ཡོད་པའི་ཁྲོད། སློབ་ཕྲུག་ ༩༨༢ ཀྱིས་ཡིག་རྒྱུགས་འཕྲོད་དེ་ཁྱོན་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༧།༧༡ བླངས་འདུག དེའི་ཁྲོད་བོད་སློབ་གྲངས་ ༡༤ ཡི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༡༠༠ རེད་འདུག སྤྱིར་བཏང་འདི་ལོའི་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་ཡིག་རྒྱུགས་གྲུབ་འབྲས་དེ་ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་གསལ་བསྒྲགས་བྱས་པ་དང་ཕྱི་ཟླ་ ༤ ཚེས་ ༡༥ ཉིན་འཛིན་རིམ་བཅུ་བའི་ཡིག་རྒྱུགས་གྲུབ་འབྲས་གསལ་བསྒྲགས་བྱས་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༡༧/༧/༡༩
Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

ཆུ་ཚོད་ ༢ སྔོན་ལ།
Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

ཆུ་ཚོད་ ༢༠ སྔོན་ལ།
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese