མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

བོད་ཀྱི་དུས་བབ།
༢༠༢༦/༠༥/༡༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོར་བཞུགས་སྒར་དྷ་རམ་ས་ལའི་བོད་ཀྱི་འགྲེམས་སྟོན་ཁང་ཁག་གི་འཐུས་ཚབ་རྣམས་ཀྱིས་འགྲེམས་སྟོན་གྱི་ལམ་ནས་བོད་ཀྱི་ལོ་རྒྱུས་ཀྱི་བདེན་པ་ར་སྤྲོད་བྱེད་ཕྱོགས་སོགས་ལ་གྲོས་བསྡུར་གནང་སོང་།

ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་སྲུང་གཙི་ཞུས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༥།༡༨

དེ་རིང་ཕྱི་ཟླ་ ༥ ཚེས་ ༡༨ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ། རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༩ པ་སྲུང་གཙི་གནང་སོང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་དང་། བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས། བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས། རྩོམ་པ་པོ་བུ་ཆུང་ཚེ་རིང་ལགས། དེ་བཞིན་དྷ་སའི་འགྲེམས་སྟོན་ཁང་ཁག་གི་འཐུས་ཚབ་བཅས་མཉམ་ཞུགས་གནང་སོང་། སྐབས་དེར་བོད་ཀྱི་འགྲེམས་སྟོན་ཁང་གི་དུས་དེབ་འདོན་ཐེངས་གསུམ་པ་དབུ་འབྱེད་དང་། ༧པཎ་ཆེན་སྐུ་ཕྲེང་བཅུ་བ་དང་བཅུ་གཅིག་པ་མཆོག་རྣམ་གཉིས་ཀྱི་སྐུ་པར་འགྲེམས་སྟོན་གནང་སོང་།

ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་དུས་དེབ་དེའི་ནང་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དང་། བོད་ཀྱི་དཔེ་མཛོད་ཁང་། བོད་ཀྱི་ཟློས་གར་ཁང་། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་བཅས་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་གྱི་ལས་དོོན་གཉེར་ཕྱོགས་ཐོག་དཔྱད་རྩོམ་ཕྱོགས་སྒྲིག་གནང་འདུག་ལ།  ཚོགས་ཐོག་ཏུ་རྒྱལ་སྤྱི་དང་མཐུན་པའི་ཐོག་ནས་འགྲེམས་སྟོན་གྱི་དུས་དེབ་ཡར་རྒྱས་གཏོང་ཕྱོགས་གླེང་མོལ་གནང་སོང་།

རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོའི་གལ་གནད་སྐོར་ལ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། དེ་རིང་ནི་རྒྱལ་སྤྱིའི་ཐོག་སྲུང་གཙི་བྱེད་བཞིན་པའི་འགྲེམས་སྟོན་ཉིན་མོ་ཆགས་ཡོད། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་གོ་སྒྲིག་འོག་སྲུང་གཙི་ཞུ་བཞིན་ཡོད་པ་རེད། འདི་ཡང་གནད་འགག་ཧ་ཅང་ཆེན་པོ་ཞིག་རེད་བསམ་གྱི་འདུག འགྲེམས་སྟོན་ཁྲོད་དུ་བོད་ཀྱི་ཅ་དངོས་དང་། སྒྱུ་རྩལ། པར་རིས་སོགས་གང་ཡིན་ཡང་རྒྱལ་སྤྱིའི་སྡིངས་ཆའི་སྟེང་དུ་འགྲེམས་སྟོན་གྱི་ཐོག་ནས་སོ་སོའི་བདེན་པ་ར་སྤྲོད་བྱེད་ཐུབ་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད། བརྒྱུད་ལམ་འདི་ནི་ཧ་ཅང་རྩ་ཆེན་པོོ་ཞིག་རེད། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་བོད་ཀྱི་འགྲེམས་སྟོན་ཁང་བཙུགས་པ་ལ་བརྟེན་ནས་བོད་ཀྱི་གནས་ཚུལ་ཁྱབ་སྤེལ་བྱེད་ཐུབ་པར་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང་ཡོད། དེ་རིང་འདིར་དྷ་ས་ཁུལ་གྱི་འགྲེམས་སྟོན་ཁང་ཁག་གི་སྐུ་ཚབ་རྣམས་འཛོམས་ཏེ་འགྲེམས་སྟོན་གྱི་ལས་དོན་གཉེར་སྟངས་དང་། འགྲེམས་སྟོན་གྱི་དུས་དེབ་འདོན་སྟངས་ཐོག་བགྲོ་གླེང་གནང་བ་གལ་ཆེན་པོ་རེད། ང་ཚོར་བདེན་པ་ཡོད་ཅེས་བཤད་བཞིན་ཡོད་ཀྱང་། བདེན་པ་དེ་ར་འཕྲོད་དགོས་པ་རེད། བདེན་པ་ར་འཕྲོད་པར་བརྒྱུད་ལམ་ཞིག་ལ་འགྲོ་དགོས་པ་ཞིག་རེད། དེའི་བརྒྱུད་རིམ་དེ་འགྲེམས་སྟོན་གྱི་ཐོག་བསྟན་ཚེ། མི་མང་གིས་ལྟ་བདེ་བ་དང་ཤེས་བདེ་བའི་གལ་གནད་ཞིག་ཆགས་ཡོད་པ་རེད། ཅེས་འགྲེལ་བརྗོད་གནང་སོང་།

བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས། རྒྱ་ནག་གིས་བོད་ནང་དུ་བཙན་འཛུལ་བྱས་པ་ནས་བཟུང་འགྲེམས་སྟོན་བརྒྱུད་ལམ་ཐོག་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་དྲིལ་བསྒྲགས་ཤུགས་ཆེན་བྱེད་བཞིན་ཡོད། ཕྱི་ལོ་ ༢༠༢༠ ལོའི་རྗེས་སུ་རྒྱ་ནག་སྐམ་ས་ཆེན་པོའི་ནང་འགྲེམས་སྟོན་ཁང་མང་པོ་བརྒྱབ་ཡོད། ཕྱི་ལོ་༡༩༩༨ ཙམ་ལ་བོད་ཀྱི་རྒྱལ་ས་ལྷ་སར་བོད་ཀྱི་འགྲེམས་སྟོན་ཟེར་བ་ཞིག་ཐོག་མར་བཙུགས་ཡོད། ཕྱི་ལོ་ ༢༠༡༥ ལོར་འགྲེམས་སྟོན་ཁང་དེ་རྒྱ་སྐྱེད་བཏང་ཡོད། ལོ་ ༡༥ ལྷག་གི་ནང་དུ་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་འཁྱོག་བཤད་ཀྱི་འབྲས་་བུ་ཐོན་པ་གསལ་བོ་མཐོང་ཡོད་རེད། དེའི་ཁྲོད་དུ་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཁོངས་ཡིན་པ་དང་། བོད་ཀྱི་ཆོས་གོས་སོགས་རྒྱ་ནག་ནས་དཔེ་བླངས་པ་བསྒྲུབ་ཡོད་པ་རེད། རྒྱ་ནག་གཞུང་གིས་ཀྱང་འགྲེམས་སྟོན་གྱི་བརྒྱུད་ལམ་ནས་མི་མང་ལ་བློ་ཁྲིད་བྱེད་ཐུབ་ཀྱི་ཡོད་པ་གསལ་བོ་ཤེས་ཀྱི་ཡོད། ཅེས་འགྲེལ་བརྗོད་གནང་སོང་།

རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོར་༧པཎ་ཆེན་སྐུ་ཕྲེང་བཅུ་བ་དང་བཅུ་གཅིག་མཆོག་རྣམ་གཉིས་ཀྱི་སྐུ་པར་འགྲེམས་སྟོན་གནང་། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༥།༡༨

ཡང་ཁོང་གིས། ཕྱི་རྒྱལ་དུ་གཟའ་མཇུག་ལ་ཕ་མ་རྣམས་ཀྱིས་རང་ཉིད་ཀྱི་བུ་ཕྲུག་འགྲེམས་སྟོན་ཁང་དུ་ལྟ་སྐོར་དུ་ཁྲིད་ཀྱི་ཡོད་པ་དང་། དེ་ནི་བྱིས་པ་རྣམས་ཀྱི་འདོད་མོས་ལྟར་འདས་པའི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་ཤིག་ཡོད། དེང་རབས་ཚན་རྩལ་གྱི་འགྱུར་འགྲོས་དང་བསྟུན་ནས་འགྲེམས་སྟོན་ཁང་དུ་ལྟ་སྐོར་དུ་སྐྱོད་པ་དེ་ཡང་བྱིས་པ་རྣམས་ལ་གནོན་ཤུགས་མེད་པའི་སློབ་སྦྱོང་བྱེད་སྟངས་ཡག་ཤོས་ཆགས་ཡོད་ལ། བཙན་བྱོོལ་བོད་པའི་སྤྱི་ཚོགས་སུའང་དེང་དུས་ཚན་རྩལ་གྱི་སློབ་སྦྱོང་བྱེད་སྟངས་གོམས་འདྲིས་ཆགས་དགོས་པ་མ་ཟད། དེང་དུས་རྒྱུག་ཆེ་བའི་འགྲེམས་སྟོན་ཁང་གི་སྒྱུ་རྩལ་དང་པར་རིས་སོགས་དང་མཉམ་དུ་བོད་ཀྱི་ལོ་རྒྱུས་ཀྱི་བདེན་པ་གསལ་དགོས་པ་མ་ཟད། འགྲེམས་སྟོན་གྱི་ཐོག་ནས་བོད་ཀྱི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་ནུས་པ་སྐྱེད་སྲིང་བྱ་དགོས་སྐོར་བརྗོད་སོང་།

དེ་བཞིན་བོད་ཀྱི་ཟློས་གར་ཚོགས་པའི་ཉམས་ཞིབ་དང་རིག་གནས་དགེ་རྒན་བསོད་ནམས་ཚེ་བརྟན་ལགས་ཀྱིས། བོད་ནང་དུ་རྒྱ་གཞུང་གིས་བོད་ཀྱི་ལོ་རྒྱུས་འཁྱོག་བཤད་བྱས་པའི་རྐྱེན་གྱིས་གཞོན་སྐྱེས་ཁྲོད་དུ་བོད་ཀྱི་ལོ་རྒྱུས་ཀྱི་བདེན་པ་མཐོང་ཐུབ་མེད་པས།བཙན་བྱོལ་ནང་རང་དབང་གི་ཐོག་ནས་འདས་བའི་བྱུང་རབས་ལ་སློབ་སྦྱོང་བྱེད་དགོས་པ་མ་ཟད། འགྲེམས་སྟོན་གྱི་དེང་རབས་སློབ་སྦྱོང་བྱེད་ཕྱོགས་དང་བསྟུན་ནས། བོད་པའི་མི་རབས་གསར་པས་རྒྱལ་སྤྱིའི་སྤྱི་ཚོགས་ནང་རྒྱ་གཞུང་གིས་གཏོར་བཤིག་གཏོང་བཞིན་པའི་གནས་སྟངས་ཐེར་འདོན་གནང་དགོས་སྐོར་བརྗོད་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

ཆུ་ཚོད་ ༡༢ སྔོན་ལ།
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese