མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོ་གཞག་གནང་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༥/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཁེ་ན་ཌར་གནས་སྡོད་བོད་མི་གཞོན་སྐྱེས་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་རྒྱལ་དམག་གཙུག་ལག་སློབ་ཆེན་ནས་སློབ་ཐོན་གྲུབ་འབྲས་ཨང་དང་པོར་སོན་པར་བརྟེན་ཐད་ཀར་(Second lieutenant)དམག་དཔོན་དུ་བསྐོ་གཞག་གནང་འདུག

Photo from the Facebook of Tsering Luding. Collected by Tibet Times.

ཁ་སང་ཕྱི་ཚེས་ ༡༩ ཉིན་་ཁེ་ན་ཌའི་ནང་གནས་སྡོད་བོད་མི་གཞོན་སྐྱེས་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་རྒྱལ་དམག་གཙུག་ལག་སློབ་ཆེན་(The Royal Military College of Canada )ནས་སློབ་མཐར་ཕྱིན་པ་དང་བསྟུན། ཁོང་གི་དམག་སྦྱོང་གི་གྲུབ་འབྲས་རྩེར་སོན་པར་བརྟེན། ཐད་ཀར་ཁེ་ན་ཌའི་(Second lieutenant)དམག་དཔོན་དུ་བསྐོ་གཞག་བྱས་འདུག་ལ། ཁོང་ནི་བོད་མི་ཞིག་ཐད་ཀར་ཁེ་ན་ཌའི་དམག་དཔོན་གྱི་གནས་རིམ་དེར་བསྐོ་གཞག་བྱུང་བ་ཐོག་མ་དེ་ཆགས་ཀྱི་ཡོད་འདུག

འཇིགས་བྲལ་ཀླུ་ལྡིང་ལགས་ཀྱི་པཱ་ལགས་ཚེ་རིང་ཀླུ་ལྡིང་ལགས་ཀྱིས་ངོ་དེབ་ཏུ་གནས་ཚུལ་སྤེལ་བའི་ནང་། དེ་རིང་ཁྱེད་རང་རྒྱལ་དམག་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་ནས་ལག་འཁྱེར་དང་དམག་དཔོན་ལ་བསྐོ་བཞག་བྱུང་སྐབས། རྒྱལ་དམག་སློབ་གྲྭ་ཆེན་མོའི་ཀ་བ་བཞི་སྟེ། ཤེས་ཡོན། སྐད་གཉིས་སྨྲ་བ། དམག་དོན་མགོ་ཁྲིད། ལུས་རྩལ་བཅས་ལེགས་གྲུབ་བྱུང་བར་ང་ཚོའི་སེམས་ནང་དགའ་སྤོབས་དང་གུས་བརྩི་ཆེན་པོ་སྐྱེས་བྱུང་། དུས་སྐབས་འདི་ནི་ལས་སླ་པོ་ཞིག་མ་ཡིན་པར་ལོ་མང་རིང་གི་བློས་གཏོང་དང་ཆོད་སེམས།  སྒྲིག་ལམ། འགྱུར་མེད་དམ་བཅའ་བཅས་ལ་བརྟེན་ནས་བྱུང་བ་རེད། བརྒྱུད་རིམ་འདིའི་ཁྲོད་ཁྱེད་ལ་རང་ཉིད་ཀྱི་སྟོབས་ཤུགས་དང་མི་གཤིས་ལ་ཉམས་ཚོད་ལེན་དགོས་པའི་དཀའ་ངལ་འཕྲད་ཡོད་ཀྱང་། ཁྱེད་ཀྱིས་ཡོད་ཚད་ལ་དཔའ་ངར་དང་གཟི་བརྗིད་ལྡན་པའི་ངང་ནས་གདོང་ལེན་བྱས་ཡོད།  དེ་རིང་ཁྱེད་ཀྱིས་སྤོབས་པའི་ཐོག་ནས་དམག་ཆས་གྱོན་ཆོག ཁྱེད་ཀྱིས་རང་གི་བློ་གཏད་དང་སྒྲིག་ལམ། བརྩོན་འགྲུས་བཅས་ལ་བརྟེན་ནས་ངོ་མཚར་ཆེ་བའི་གནས་བབ་འདིར་བསླེབས་ཡོད། ཁྱེད་རང་ནུས་སྟོབས་ལྡན་པའི་མགོ་ཁྲིད་ཅིག་ཏུ་འཚར་ལོངས་བྱུང་བ་དེ་ང་ཚོའི་མི་ཚེའི་ནང་གི་དགའ་སྤྲོ་ཆེ་ཤོས་དེ་ཡིན། ཁྱེད་རང་དམག་དཔོན་གྱི་ལམ་དུ་བསྐྱོད་སྐབས། དམག་དཔོན་ངོ་མ་ནི་དབང་ཆ་དང་གོ་གནས་ཀྱི་སྐོར་མ་རེད། དེ་ནི་གུས་ཞབས་དང་བརྩི་འཇོག སྙིང་རྗེ་བཅས་གཞི་རྟེན་བྱས་ཏེ་གཞན་ལ་ཞབས་ཕྱི་ཞུ་རྒྱུ་དེ་རེད།  ཅེས་བརྗོད་འདུག

འཇིགས་བྲལ་ཀླུ་ལྡིང་ལགས་དམག་དཔོན་དུ་བསྐོ་གཞག་བྱུང་བའི་སྐོར་ཡིག་ཆའི་ནང་དུ། ཁོང་གིས་རྒྱལ་དམག་སློབ་གྲྭ་ཆེན་མོའི་ཤེས་ཡོན་དང་། སྐད་གཉིས་སྨྲ་བ། དམག་དོན་མགོ་ཁྲིད། ལུས་རྩལ་བཅས་སློབ་གསོའི་ཀ་བ་བཞིའི་ཐོག་ཨང་དང་པོའི་གྲུབ་འབྲས་བླངས་པར་བརྟེན་ནས་བྱུང་ཞིང་། སློབ་ཆེན་དེ་ནས་ཐད་ཀར་(Second lieutenant)དམག་དཔོན་དུ་བསྐོ་གཞག་བྱུང་བ་རྣམས་ནི་མཁའ་དམག་གི་དཔོན་པོ་ཡིན་ལ། འཇིགས་བྲལ་ལགས་ཀྱི་བཀོད་འདོམས་འོག་དམག་མི་ཁྱོན་ ༣༠ ནས་ ༤༠ བར་ཡོད་པ་ཁེ་ན་ཌའི་དམག་གི་དྲ་ཚིགས་ (Canadiansoldiers) སུ་གསལ་འདུག

འཇིགས་བྲལ་ཀླུ་ལྡིང་ལགས་སུ་ཁེ་ན་ཌའི་རྒྱལ་པོ་ཆར་ལེ་སི་གསུམ་པ་མཆོག་གི་མཚན་ཐོག་ནས་ཆེ་བསྟོད་ངོས་འཛིན་ལག་འཁྱེར་གནང་བའི་ནང་། ང་ཚོས་ཁྱེད་ཀྱི་ལྷག་བསམ་དང་། སྙིང་སྟོབས། གཞུང་དྲང་བཅས་ལ་ཡིད་ཆེས་དང་བློས་འགེལ་བྱས་ཏེ། ཁྱེད་རང་ང་ཚོ་ཁེ་ན་ཌའི་དམག་དཔུང་གི་དཔོན་རིགས་ཤིག་ཏུ་བསྐོ་བཞག་བྱེད་ཀྱི་ཡོད། ཁྱེད་ཀྱིས་གཟབ་ནན་དང་བརྩོན་པ་ཆེན་པོས་དམག་སྤྱི་གཞོན་པའམ་མ་འོངས་པར་ང་ཚོས་གོང་འཕར་དང་བསྐོ་བཞག་བྱེད་པའི་གོ་གནས་གཞན་དག་གི་ཐོག་ནས་ལས་འགན་ལེགས་པོ་བསྒྲུབ་དགོས། ང་ཚོས་ཁྱེད་ཀྱིས་དམག་དཔོན་གྱི་ལས་རིགས་དང་མགོ་འཁྲིད་ཀྱི་ཕུལ་བྱུང་གྲུབ་འབྲས་སྟོན་རྒྱུ་དང་། དམག་དོན་གྱི་སྤྱོད་བཟང་ལ་དམ་ཚིག་བརྟན་པོས་སྲུང་སྐྱོབ་དང་རྒྱུན་འཁྱོངས་བྱེད་པའི་རེ་བ་བྱེད་ཀྱི་ཡོད། ང་ཚོས་གཏན་འབེབས་བྱས་པ་ལྟར་ཁྱེད་ཀྱི་འོག་ཏུ་ཞབས་ཕྱི་སྒྲུབ་བཞིན་པའི་དཔོན་རིགས་དང་དམག་མི་ཚོར་བཀའ་རྒྱ་དང་སྒྲིག་ཁྲིམས་ལེགས་པར་འགྲུབ་དགོས་པ་མ་ཟད། ཁོང་ཚོའི་བདེ་དོན་ལ་དམིགས་པ་དང་བདག་སྐྱོང་ལེགས་པོ་བྱེད་དགོས། ང་ཚོས་ཁོང་ཚོར་ཁྱེད་ལ་བརྩི་སྲུང་བྱེད་དགོས་པའི་བཀའ་བཏང་ཡོད་ལ། ཁྱེད་ཀྱིས་ཀྱང་ཁྲིམས་ལྟར་ང་ཚོའམ་དཔོན་རིགས་གཞན་དག་གི་བཀའ་དང་བཀོད་བྱུས་ལ་ཉན་དགོས་ཞེས་གསུངས་འདུག

ཁེ་ན་ཌའི་རྒྱལ་པོའི་དམག་དོན་སློབ་གླིང་ནི་ཕྱི་ལོ་ ༡༨༧༤ ལོར་ཁེ་ན་ཌའི་སྲིད་བློན་ཨེ་ལེག་རྫན་ཌར་ (Alexander Mackenzie) གཞུང་གིས་དགོས་འདུན་བཏོན་པ་དང་གྲོས་ཚོགས་ཀྱིས་གཏན་འབེབས་བྱས་པའི་གཞུང་འབྲེལ་དམག་དོན་སློབ་ཆེན་སྙན་གྲགས་ཅན་ཞིག་ཡིན་ཞིང་། སློབ་ཆེན་དེར་དམིགས་བསལ་གཙུག་ལག་རབ་འབྱམས་པའི་བསླབ་གཞི་མི་འདྲ་བ་ ༢༠ ཡོད་ཅིང་། སློབ་མ་གྲངས་ ༡༢༠༠ ལ་དམག་དོན་ཆེད་སྦྱོང་སྤྲོད་ཀྱི་ཡོད་འདུག་ལ། སློབ་ཆེན་དེས་དམག་གི་མགོ་འཁྲིད་སྐྱེད་བསྲིང་གིས། རྒྱལ་ཁབ་ལ་དམིགས་བསལ་ཞབས་འདེགས་ཞུ་བའི་གཞི་རྩ་འདིང་གི་ཡོད་པའི་ཁར། སློབ་ཆེན་དེ་ནས་མཐར་ཕྱིན་པའི་དམག་མི་རྣམས་ལ་རིག་གཞུང་དང་ཤེས་ཡོན་སོགས་གང་ཅིའི་ཐད་ནས་རྒྱལ་སྤྱིའི་ཐོག་ཏུ་ཁེ་ན་ཌའི་སྐུ་ཚབ་བྱེད་པའི་མགོ་ཁྲིད་ཀྱི་ནུས་པ་ལྡན་ཞིང་། ལྷག་པར་དུ་སློབ་ཆེན་དེ་ནི་ཁེ་ན་ཌའི་རྒྱལ་སྲུང་དང་སྤྱི་ཚོགས་བདེ་འཇགས་སོགས་དང་འབྲེལ་བའི་མགོ་ཁྲིད་མི་སྣ་གསོ་སྐྱོང་བྱེད་པའི་སློབ་གསོའི་ལྟེ་གནས་གལ་ཆེན་ཞིག་ཡིན་འདུག  སློབ་ཆེན་དེ་ཁེ་ན་ཌ་ཙམ་དུ་མ་ཟད། རྒྱལ་སྤྱིའི་ཐོག་ནས་དམག་དོན་གྱི་ཁྱད་འཕགས་མཐོ་རིམ་སློབ་གཉེར་ཁང་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་འདུག

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ནི་ཁ་ན་ཌ་ཊོ་རིན་ཊོ་རུ་སྐྱེས་ཤིང་། ཕག་ཌིལ་མཐོ་རིམ་སློབ་གྲྭ་(Parkdale Collegiate Institute)ནས་སློབ་མཐར་ཕྱིན་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

ཆུ་ཚོད་ ༢༤ སྔོན་ལ།
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

༢༠༢༦/༠༩/༠༧
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།

༢༠༢༦/༠༩/༠༧
༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥
https://www.mapsofworld.com/
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ།

༢༠༢༦/༠༩/༠༥
བོད་ཀྱི་དུས་སྟོན་སྐབས་ཀྱི་པར། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་འཚོགས།

༢༠༢༦/༠༩/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese