མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

བོད་ཀྱི་དུས་བབ།
༢༠༢༦/༠༥/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། ཚེ་རིང་དབྱངས་སྐྱིད། ལོན་ཌོན།
རྩོམ་ཁུངས། བོད་ཀྱི་དུས་བབ།

དང་ཐོག་བོད་མི་ཞིག་ཡིན་པའི་ཆ་ནས་གཞི་རྩའི་བསམ་བློ་འཁྱེར་སོ་གང་འདྲ་ཞིག་དགོས་སམ།

བོད་ཆོས་ལྡན་ཞིང་གི་མི་རིགས་ཤིག་ཡིན་པའི་ཆ་ནས། བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཁ་ཞེ་གཉིས་མེད་ཀྱི་དད་དམ་དང་། བོད་སྤྱི་པའི་རྩ་དོན་ནམ་བོད་ཀྱི་རང་དབང་སླར་གསོ་ཡོང་བར་དངོས་ཤུགས་བརྒྱུད་གསུམ་ནས་འགན་འཁུར་ལེན་པའི་མེད་དུ་མི་རུང་བའི་གཞི་རྩའི་བསམ་བློ་འཁྱེར་སོ་དེ་དགོས་པ་ཡིན། སོ་སོའི་མི་ཚེའི་ནང་འཚོ་རྟེན་ལས་དོན་གང་གཉེར་རུང་བསམ་བློའི་རྒྱབ་ལྗོངས་ལ་ཆ་རྐྱེན་འདི་གཉིས་ངེས་པར་དུ་དྲན་དགོས། ཁ་ཞེ་གཉིས་མེད་ཀྱི་དད་དམ་ཞེས་པ་གང་འདྲ་ཞིག་ལ་གོ་དགོས་སམ། རྒྱལ་བའི་བཀའ་དགོངས་ལེགས་པར་རྟོགས་ནས་ལག་བསྟར་བྱེད་དགོས་པ། དཔེར་ན། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་པ་དང་། སེམས་པ་བཟང་པོ་དང་ཡ་རབས་བཟང་སྤྱོད་བསྟེན་རྒྱུ་ནི་རྒྱལ་བའི་བཀའ་དགོངས་ཡིན། དེ་མིན་ཁ་ནས་རྒྱལ་བ་རིན་པོ་ཆེ་ལ་སྐྱབས་སུ་མཆི་དང་། གསུང་ཆོས་དང་མཇལ་ཁ་ཡང་ཡང་ཞུས། བཀའ་དགོངས་གཅིག་ཀྱང་མ་བསྒྲུབས་ན་ཆོ་ཡོད་མ་རེད། གཡོ་ཁྲམ་ཆགས་ཀྱི་ཡོད་རེད། སོ་སོས་སོ་སོར་མགོ་སྐོར་བཏང་བ་རེད།

བོད་ཀྱི་མི་འབོར་མང་དུ་བཏང་བའི་སྒོ་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཞབས་འདེགས་ཞུ་བ།

བོད་ཀྱི་ཆོས་དང་རིག་གཞུང་གི་ཐོག་ནས་འཛམ་གླིང་ལ་ཞི་བདེ་དང་། བཟང་སྤྱོད། ཁོར་ཡུག་སྲུང་སྐྱོབ། སེམས་ཁམས་རིག་པ་དང་སེམས་ཁམས་འཕྲོད་བསྟེན་བཅས་ཀྱིས་ཞབས་འདེགས་ཞུ་ཐུབ་ཀྱི་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས། བོད་མི་རིགས་དེ་ཇི་སྲིད་ནམ་གནས་ཀྱི་བར་དུ་གནས་དགོས་པ་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད། ཡིན་ནའང་། ང་ཚོའི་མི་འབོར་དེ་ཐོག་མ་ཉིད་ནས་ཧ་ཅང་ཉུང་ཉུང་ཡིན་པའི་ཁར། རྒྱའི་བཙན་འོག་ཏུ་བོད་ནང་མི་འབོར་འཕེལ་རྒྱས་བྱུང་མེད་པ་དང་། བཙན་བྱོལ་དུ་འཚོ་བ་དང་མདུན་ལམ། སྒེར་གྱི་རང་དབང་དང་འདོད་མོས་སོགས་རྒྱུ་མཚན་ཅི་རིགས་ལ་བརྟེན་ནས་མི་འབོར་ཧ་ཅང་ཉུང་དུ་ཕྱིན་ཡོད། ལྷག་པར་དུ་བོད་མི་དར་མ་མང་ཆེ་བ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྤོ་བྱས་དང་བྱེད་བཞིན་པ་དེ་ཡིས་སྐྱེ་འཕེལ་དེ་བས་ཉུང་དུ་སོང་དང་འགྲོ་མུས་ཡིན། བསམ་བློ་གཏོང་དགོས་པ་ཞིག་ལ། རྒྱ་ནག་མི་འབོར་མང་ཤོས་གཉིས་པ་ཡིན་ནའང་། དེ་སྔོན་ཕྲུ་གུ་གཅིག་གི་སྲིད་བྱུས་ཀྱི་ཉེར་ལེན་ལ་བརྟེན་ནས་ན་གཞོན་གྱི་གྲངས་འབོར་ཉུང་དུ་འགྲོ་བཞིན་པར་སེམས་འཚབ་ཆེན་པོའི་ཐོག་གདོང་ལེན་བྱེད་ཀྱི་ཡོད་པ་རེད། ང་ཚོའི་མི་འབོར་ནི་སྤར་མོ་གང་ལས་མེད་སྟབས་བློ་འཚབ་ལོས་བྱེད། ད་ལྟ་ནས་ལས་འགུལ་མ་སྤེལ་ན་འཕྱི་དྲགས་ཀྱི་རེད། སོང་ཙང་ན་ཚོད་དར་མ་ཚོ། ལྷག་པར་དུ་བུད་མེད་རྣམས་ཀྱིས་བསམ་བློ་གཏིང་ཟབ་པོ་དང་རྒྱ་ཆེན་པོ་བཏང་བའི་ཐོག་ནས་རང་ལོ་ ༢༥ ཡོལ་ཕྱིན་ཕྲུ་གུའི་ཨ་མ་བྱེད་ཐུབ་པར་ངེས་པར་དུ་འབད་བརྩོན་གནང་རོགས། འཕྱི་དྲགས་ན་འཕྲོད་བསྟེན་གྱི་ཐོག་ནས་མ་བུ་གཉིས་ལ་དཀའ་ངལ་ཚབས་ཆེ་དེ་འདྲ་འཕྲད་སྲིད་པ་རེད། སྔ་འཕྲོས་ལོ་ཁ་ཤས་རིང་སྡུག་རུས་རྒྱག་ཐུབ་ན་དེའི་རྗེས་ཕྲུ་གུ་ལ་དུས་ཚོད་དེ་ཙམ་གཏོང་དགོས་པ་མ་རེད། མི་རབས་རྒན་པ་ཚོར་དཔལ་འབྱོར་གྱི་མཐུན་རྐྱེན་དང་སློབ་སྦྱོང་སོགས་གང་ཡང་མེད་པའི་སྐབས་ཕྲུ་གུ་བརྒྱད་ནས་བཅུ་དེ་འདྲ་གསོ་སྐྱོང་གནང་ཐུབ་དུས་དེང་སྐབས་ཆ་རྐྱེན་མཐུན་རྐྱེན་སོགས་བཟང་པོ་ཡོད་པའི་སྐབས་དཀའ་ངལ་དེ་ཙམ་འཕྲད་ཀྱི་མ་རེད། བོད་མི་རིགས་ཀྱི་དོན་དུ་ལོ་ཁ་ཤས་རིང་སྡུག་དཀའ་ལས་རྒྱག་ཐུབ་པའི་སེམས་ཤུགས་ངེས་པར་དུ་དགོས་རེད། ཕྲུ་གུའི་ཨ་མ་བྱེད་རྒྱུ་ནི་སྤྱི་སྒེར་གཉིས་ཀར་གལ་ཆེན་པོ་རེད་ལ་ཕན་ཐོགས་ཀྱང་ཆེན་པོ་ཡོད་རེད། བརྩེ་བའི་མོ་གཞོན་ཚོ་བོད་མི་རིགས་ཀྱི་ཆེད་དུ་ཕྲུ་གུ་གཉིས་ལས་མི་ཉུང་བ་ངེས་པར་དུ་སྐྱེས་རོགས་གནང་། འདི་ངའི་ལྷག་བསམ་ཟོལ་མེད་ཀྱི་འབོད་སྐུལ་ཡིན། འགའ་རེས་གྲངས་འབོར་ལས་སྤུས་ཀ་གལ་ཆེ་བ་རེད་བསམ་སྲིད། གྲངས་འབོར་མེད་ན་སྤུས་ཀ་གང་ནས་ཡོང་། 

བོད་མི་ཕན་ཚུན་གཉེན་སྒྲིག་བྱེད་པའི་ལམ་ནས་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད།

སྤྱིར་གཉེན་སྒྲིག་སུ་དང་མཉམ་དུ་བྱེད་རྒྱུ་ནི་སྒེར་གྱི་རང་དབང་དང་ཐོབ་ཐང་རེད། ཡིན་ནའང་། བཙན་བྱོལ་བོད་མི་ཞིག་ཡིན་པའི་ཆ་ནས་ཇི་སྲིད་བོད་ཀྱི་རང་དབང་སླར་གསོ་མ་བྱུང་གི་བར་དུ་སོ་སོའི་མི་རིགས་ཀྱི་ངོ་བོ་ཚུལ་བཞིན་སྲུང་སྐྱོབ་བྱེད་རྒྱུ་ནི་རང་གི་ཐོག་ཏུ་བབས་པའི་འོས་འགན་ཞིག་ཡིན། ལྷག་པར་དུ། རྒྱ་གཞུང་གི་བཙན་དབང་འོག་ང་ཚོའི་མི་རིགས་རྩ་བརླག་འགྲོ་བའི་ཉེན་ཁ་སྔར་ལས་ཧ་ཅང་ཆེ་བ་ཆགས་ཡོད། བོད་ནང་རང་དབང་མེད་པར་བརྟེན། ང་ཚོ་བཙན་བྱོལ་བོད་མི་ཚོས་ཤུགས་རྒྱག་དགོས། ཕ་མ་རྣམས་སོ་སོའི་བུ་ཕྲུག་ལ་སོ་སོའི་ལུང་པའི་གནས་སྟངས་ཇི་ཆགས་དང་། མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་དགོས་པའི་སྐོར་ཆུང་དུས་ནས་སློབ་གསོ་བརྒྱབ་ན་ཁོང་ཚོའི་བསམ་བློའི་ཁ་ཕྱོགས་དེ་བརྟན་པོ་སྡོད་ཀྱི་རེད། ཆུང་བྱིས་པའི་དུས་ནས་སློབ་གསོ་སྤྲོད་རྒྱུ་དེ་གནད་དགག་ཆེན་པོ་ཡིན་ཙང་། རྒྱ་ནག་གིས་བོད་ནང་གཏན་འཇགས་སློབ་གྲྭ་བཙུགས་པའི་སྒོ་ནས་བོད་པའི་ཕྲུ་གུའི་བསམ་བློ་རྒྱ་རིགས་ཅན་དུ་སྒྱུར་བཞིན་ཡོད།

མི་རིགས་གཞན་དང་གཉེན་སྒྲིག་བྱས་ན་སོ་སོའི་ཕྲུ་གུ་དེ་བརྒྱ་ཆ་ ༥༠ མ་གཏོགས་བོད་པ་ཆགས་ཀྱི་མེད། ད་དུང་བརྒྱ་ཆ་ལྔ་བཅུའི་ཕྲུ་གུ་དེ་ཡང་མི་རིགས་གཞན་དང་གཉེན་སྒྲིག་བྱས་ན་གནས་སྟངས་ཇི་ཆགས་གསལ་པོ་རེད། མི་ཐོག་གསུམ་ཙམ་རྗེས་ལ་སོ་སོའི་མི་རིགས་བརླག་འགྲོ་ཡི་རེད། དེ་འདྲ་སོང་ཙང་། རྒྱ་གཞུང་གིས་བོད་པ་རྒྱ་རིགས་མཉམ་གཉེན་སྒྲིག་བྱེད་རྒྱུར་ཁྲིམས་ཡིག་གཏན་འབེབས་ཀྱི་སྒོ་ནས་སྐུལ་འདེད་བྱེད་ཀྱི་ཡོད། དེའི་གདོང་ལེན་དུ་ང་ཚོས་སོ་སོའི་མི་རིགས་ཁོ་ནའི་མཉམ་གཉེན་སྒྲིག་བྱ་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། ན་གཞོན་ཚོ། བསམ་བློ་ཡག་པོ་གཏོང་རོགས་གནང་། སོ་སོའི་ཚེ་གཅིག་ལུས་གཅིག་གི་འདོད་པ་ལས་རྒྱལ་ཁབ་དང་མི་རིགས་ཀྱི་གནད་དོན་གལ་ཆེ་བ་རེད།

བོད་ཕྲུག་རྣམས་ལ་རང་གི་སྐད་དང་། ཡི་གེ་བསླབ་དགོས།

བོད་མི་རིགས་ཀྱི་སྲོག་རྩ་ནི་བོད་ཀྱི་སྐད་དང་ཡི་གེ་ཡིན། རང་ལ་སྤོབས་པ་དང་། གཞན་ལ་ངོམས་སུ་ཆོག་པ་བོད་ཀྱི་ཆོས་དང་རིག་གཞུང་ནི་བོད་ཀྱི་ཡི་གེའི་ནང་དུ་ཡོད། བོད་ཀྱི་སྐད་ཡིག་མ་ཤེས་ན་བོད་མི་ཕྱེད་ཀ་ཙམ་རེད། རང་གི་ནང་མི་མི་རབས་རྒན་པ་དང་སྤུན་མཆེད་རྣམས་དང་རང་བཞིན་གྱིས་སེམས་ཐག་རིང་དུ་འགྲོ་ཡི་རེད། རང་གི་སྤྱི་ཚོགས་ནས་བུད་འགྲོ་ཡི་རེད། ཁེར་རྐྱང་གི་ཚོར་བ་སླེབས་པ་མ་ཟད། ནམ་ཞིག་རང་གི་མི་ཚེའི་ནང་རང་ཉིད་མི་རིགས་གང་གི་ཁོངས་སུ་གཏོགས་ཀྱི་ཡོད་མེད་ཆ་མ་རྟོགས་པའི་ཚོར་བ་དྲག་པོ་ཞིག་སྐྱེས་ནས་སེམས་པ་སྐྱོ་ཞིང་འགྱོད་པ་སྐྱེ་ཡི་རེད། དེ་དུས་འཕྱི་དྲགས་ཚར་རེད། དེ་ནི་རང་གི་སྒེར་གྱི་གྱོང་གུན་རེད། བོད་མི་རིགས་ལ་ཆ་མཚོན་ན། སྐད་ཡིག་མ་ཤེས་ནས་མི་རིགས་ཀྱི་ངོ་བོ་དང་། ཁྱད་ཆོས་བཟང་པོ། ལྷག་པར་བོད་ཀྱི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་སོགས་རིམ་པས་རྩ་བརླག་འགྲོ་ཡི་རེད། མི་རིགས་ལ་ཞབས་འདེགས་ཞུ་རྒྱུའི་ཚབ་ཏུ་ཞབས་འདྲེན་ཞུས་ན་བོད་མི་ཞིག་ཏུ་སྐྱེ་བ་བླངས་ནས་དོན་གོ་ཆོད་ཡོད་མ་རེད། ཕྱི་རྒྱལ་ལ་བོད་ཀྱི་སྐད་ཡིག་གི་ཁོར་ཡུག་དང་མཐུན་རྐྱེན་མི་འདུག་ཟེར་ནས་ཁག་དཀྲི་བྱས་ནས་བསྡད་ན་གང་ཡང་ཡོང་གི་མ་རེད། ཁོར་ཡུག་དང་མཐུན་རྐྱེན་སོ་སོ་རང་ཉིད་ཀྱིས་བཟོ་དགོས་རེད། སོ་སོས་འབད་བརྩོན་བྱས་ན་མི་འགྲུབ་པའི་བྱ་བ་ཧ་ལམ་ཡོད་མ་རེད། ཁེ་ན་ཌར་ཡོད་པའི་མིང་སྲིང་གཉིས་ལ་ལྟོས་དང་། ནང་ལ་བོད་སྐད་ཤེས་མཁན་པཱ་ལགས་གཅིག་པུ་མ་གཏོགས་མེད་ནའང་མིང་སྲིང་གཉིས་ཀ་བོད་སྐད་དང་བོད་ཡིག་གང་འདྲ་ཡག་པོ་ཤེས་ཀྱི་འདུག ཁོང་གཉིས་ནང་བཞིན་ཕྱི་རྒྱལ་ལ་སྐྱེས་ཤིང་འཚར་ལོངས་འབྱུང་བཞིན་པའི་བོད་ཕྲུག་འགའ་ཞིག་མཐོང་རྒྱུ་འདུག འགན་གཙོ་བོ་དེ་ཕ་མ་གཉིས་ནས་ཁྱེར་དགོས་རེད། ཕ་མ་ཡ་གཅིག་བོད་པ་ཡིན་པས་དེ་ལྟར་གནང་ཐུབ་ན། ཕ་མ་གཉིས་ཀ་བོད་པ་ཡིན་པ་རྣམས་དེ་བས་ཀྱང་གནང་ཐུབ་ཀྱི་རེད་ལ་གནང་དགོས་ཀྱི་རེད། བྱིས་པའི་དུས་ནས་བོད་སྐད་བསླབ་ཐུབ་ན་ལས་སླ་པོ་ཡོད་རེད། འཕྱི་དྲགས་ན་ཁག་པོ་ཡོང་གི་རེད། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་ནི་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ནས་གཅིག་རེད།

མདོ་དོན་ཉེ་ཆར་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཞེས་པ་བོད་མི་རིགས་རྩ་བརླག་ཏུ་གཏོང་བའི་སྲིད་བྱུས་ངན་པ་དེར་ང་ཚོ་བོད་མི་དཀྱུས་མ་མི་རེ་ངོ་རེས་གོང་གསལ་གནད་དོན་ཁག་ལག་བསྟར་གྱིས་ལས་སླ་པོའི་ཐོག་ནས་གདོང་ལེན་བྱེད་རྒྱུ་ཡོད་རེད། རང་ལ་འདོད་འདུན་ཡོད་ན་ཐབས་ལམ་མང་པོ་ཡོད། རང་ལ་འདོད་འདུན་མེད་ན་ཁག་འདོགས་ས་མང་པོ་ཡོད། གཙོ་བོ་རྒྱལ་བའི་བཀའ་དགོངས་བཞིན་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ལ་རྒྱ་ཡོད་མེད་དང་འགན་ཁུར་ལྷག་བསམ་ཡོད་མེད་རེད། སོ་སོའི་བདེ་དོན་ཁོ་ནར་བསམ་ན་དུད་འགྲོ་དང་གཅིག་མཚུངས་རེད། ང་ཚོ་ནི་བསམ་བློ་དང་རྣམ་དཔྱོད་ཡོད་པའི་མི་ཡིན་པ་མ་ཟད། ཆོས་དད་ཡོད་མཁན་བོད་མི་ཡིན་ཙང་སྒེར་ལས་སྤྱི་བ་གལ་འགངས་ཆེ་བ་རྩིས་དགོས་རེད། བོད་སྤྱི་དོན་བསམས་ནས་འཁུར་བླངས་ན་ལམ་འགྲོ་ཡོང་གི་རེད་ལ་གྲོགས་འཕྲིན་ལས་ཀྱང་ཡོང་གི་རེད། ང་ཚོའི་མི་ཚེ་ལ་བསམ་བློ་ཞིག་བཏང་ན་རིང་པོ་མ་རེད་ལ་སང་ཉིན་མི་འཆི་བའི་ངེས་པའང་མེད། འོན་ཀྱང་བོད་མི་རིགས་དེ་ཇི་སྲིད་ནམ་གནས་བར་དུ་གནས་དགོས་པས་ན། ཐུགས་བསམ་བཞེས་ནས་བོད་མི་རིགས་ཀྱི་ཆེད་དུ་བསམ་བློ་ངེས་པར་དུ་གཏོང་དགོས། བོད་མིའི་རིགས་ལ་སྐྱེས་པ་དེ་གོ་ཆོད་པ་བྱེད་དགོས་རེད། དེ་མིན་བོད་སྤྱི་དོན་ལ་ཁ་ཡོད་ལག་ཡོད་ཀྱི་ཞབས་འདེགས་མ་ཞུས་པར་ང་བོད་པ་ཡིན། རྒྱལ་བ་རིན་པོ་ཆེ་མཆོག་ལ་དད་པ་ཡོད། བོད་རྒྱལ་ཁབ་དང་མི་རིགས་ལ་དགའ་ཞེན་ཡོད། རྒྱ་ནག་གཞུང་ལ་ངོ་རྒོལ་ཡོད་སོགས་ཇི་ཙམ་བཤད་རུང་སྟོང་པ་རེད། ཁ་ཡོད་ལག་ཡོད་བྱེད་རོགས། ད་ལྟ་མ་བྱས་ན་ག་དུས་བྱེད། ང་ཚོས་མ་བྱས་ན་སུས་བྱེད། བསམ་བློ་ཡག་པོ་གཏང་རོགས། འདི་དག་ནི་ངའི་སེམས་ཀྱིས་མ་བཟོད་པའི་ཁ་ཏ་ཚིག་གསུམ་ཡིན་ལ་ཁ་ཆེམས་ཀྱང་ཡིན། འཛམ་གླིང་ཞི་བདེའི་ཆེད་དུ་བོད་རྒྱལ་ལོ།།

འབྲེལ་ཡོད་གསར་འགྱུར།

རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

༢༠༢༦/༠༦/༡༢
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

༢༠༢༦/༠༦/༡༢
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་བའི་གསལ་བསྒྲགས། ༢༠༢༦།༦།༡༢ བོད་ཀྱི་དུས་བབ་གསར་ཁང་གིས་སྐུ་པར་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

༧སྐུའི་ཞབས་པུས་གཤག་བཅོས་ལེགས་གྲུབ་དང་སྐུ་གཟུགས་གསལ་ཐང་ཡིན་འདུག

༢༠༢༦/༠༦/༡༢
Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

༢༠༢༦/༠༦/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese