མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

བོད་ཀྱི་དུས་བབ།
༢༠༢༦/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་དམིགས་བསལ་ཆེད་མཁས་མི་སྣ་དང་ཨོ་གླིང་གི་ཆབ་སྲིད་པ། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་སོགས་ཀྱིས་བོད་རྒྱལ་ཁབ་སླར་གསོ་ཡོང་ཐབས་དང་འབྲེལ་བའི་གཏམ་བཤད་དང་བགྲོ་གླེང་གནང་སྟེ་གྲོས་ཆོད་དོན་ཚན་ ༤ གཏན་འབེབས་གནང་འདུག

ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་སྐབས་ཀྱི་སྐུ་མགྲོན་རྣམས། ༢༠༢༦།༥།༢༣

ཟླ་འདིའི་ཕྱི་ཚེས་ ༢༣ ནས་དེ་རིང་ཕྱི་ཚེས་ ༢༦ བར་ཉིན་གྲངས་བཞིའི་རིང་ཨོ་གླིང་གི་གྲོང་ཁྱེར་སིཌ་ནེ་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ། རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་ཏེ་དེ་རིང་མཇུག་བསྡུས་ཡོད་པ་དང་། ཚོགས་ཆེན་འདིའི་ཐོག་ཨ་རི་དང་། སོག་པོ། རྒྱ་ནག ཐའེ་ཝན། ཉི་ཧོང་། རྒྱ་གར། ཤར་ཊུར་ཀི་སི་ཐན་སོགས་འཛམ་གླིང་གི་རྒྱལ་ཁབ་མི་འདྲ་བ་ ༡༢ ཀྱི་ཚོགས་མི་དང་ཚོགས་ཞུགས་པ་ ༡༠༠ ལྷག་མཉམ་ཞུགས་གནང་སྟེ། མཇུག་བསྡོམས་ཐོག་རྒྱ་ནག་གཞུང་གིས་བོད་མིའི་བདེན་པའི་འབོད་སྐུལ་རྩིས་མེད་གཏོང་བཞིན་ཡོད་པས་བོད་མིའི་སྒྲིག་འཛུགས་ལ་བོད་རིགས་ཡོངས་ལ་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཕྱིར་འཐེན་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་དང་། བོད་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ཟིན་བྲིས་”དེ་བཙན་བྱོལ་ནང་གི་ཚོགས་པ་ཡོངས་ཀྱིས་ཐུན་མོང་གིས་མངོན་འགྱུར་བྱེད་དགོས་པའི་རྩ་དོན་ཞིག་ཏུ་འགྱུར་བར་ཤུགས་སྣོན་རྒྱག་དགོས་པ་སོགས་ཀྱི་གྲོས་ཆོད་དོན་ཚན་ ༤ བཞག་འདུག

ཐེངས་འདིའི་ཚོགས་ཆེན་ཐོག་གཏམ་བཤད་པ་ཉི་ཧོང་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དང་ཉི་ཧོ་སྐུ་ཚབ་དོན་ཟུར་རྒྱ་རི་པདྨ་རྒྱལ་པོ་ལགས་དང་། ཉི་ཧོང་གཙུག་ལག་སློབ་ཆེན་དགེ་རྒན་འབུམ་རམས་པ་ཆོས་ལྡན་འབུམ་ལགས། ཨོ་གླིང་གི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཊི་རི་ཤི་ (Trish Doyle) ལགས། སིཌ་ནེ་གྲོང་སྡེའི་སྤྱི་ཁྱབ་སྐུ་ཞབས་མར་ཀི་ (Mark Greenhill) ལགས། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་དར་རྒྱས་ལགས། ཡུ་གུར་གྱི་རང་དབང་གླེང་སྟེགས་ཀྱི་ཚོགས་གཙོ་སྐུ་ཞབས་ཨུ་མི་ཏི་ (Umit Hamit) ལགས་སོགས་ཀྱིས་མ་འོངས་པར་བོད་རྒྱལ་ཁབ་སླར་གསོ་གནང་ཐབས་སྐོར་ལ་གཏམ་བཤད་གནང་ཡོད་འདུག

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ཐེངས་འདིའི་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་གི་དྲུང་ཆེ་བསྟན་པ་དར་རྒྱས་ལགས་སུ་ཚོགས་ཆེན་གྱི་གལ་གནད་དང་ཚོགས་ཆེན་གྱི་བརྗོད་གཞི་སོགས་ཀྱི་སྐོར་དྲིས་པར་ཁོང་གིས། ཕྱི་ཟླ་ ༥ ཚེས་ ༢༣ ཉིན་རྒྱ་ནག་དམར་ཤོག་སྲིད་གཞུང་གི་དྲག་གནོན་འོག་ཆིངས་ཡིག་དོན་ཚན་བཅུ་བདུན་ཟེར་བའི་གྲོས་མཐུན་ཞིག་བཙན་གྱིས་བཞག་སྟེ་ལོ་ངོ་ ༧༥ འཁོར་བའི་ཉིན་མོ་ཡིན་པ་མ་ཟད། དོན་དངོས་སུ་བོད་རང་བཙན་ཡིན་པའི་གནས་བབ་ཡིག་ཐོག་ནས་ཤོར་བའི་ཉིན་མོའང་ཡིན་པར་སོང་། ད་ལན་རྒྱལ་སྤྱིའི་བོད་རང་བཙན་གྱི་ཚོགས་ཆེན་ཐེངས་བརྒྱད་པ་དེ་ཕྱི་ཚེས་ ༢༣ ནས་ ༢༦ བར་ཉིན་གྲངས་བཞིའི་རིང་འཚོགས་པ་རེད། ཚོགས་ཆེན་དེ་ནི་ཉིན་མོ་དེར་ངོ་རྒོལ་དང་། ལོ་རྒྱུས་ཀྱི་འཁྱོག་བཤད་ལ་བརྡ་ལན་སྤྲོད་ཆེད་དང་། མ་འོངས་བོད་རྒྱལ་ཁབ་སླར་གསོའི་འཆར་གཞི་གསར་བཟོ། ཡང་ན། དེ་སྔའི་བོད་རང་བཙན་གྱི་གནས་བབ་སླར་གསོ་གནང་ཐབས་སོགས་ལ་དམིགས་ཡོད། ཅེས་དང་། ཚོགས་ཆེན་ཐོག་བོད་ཀྱི་འདས་མ་ད་གསུམ་གྱི་ལོ་རྒྱུས་འཕེལ་རིམ་ལ་དབྱེ་ཞིབ་དང་། བོད་རྒྱལ་ཁབ་སླར་གསོའི་ཐབས་ཇུས་གསར་བཟོ། དེ་བཞིན་བོད་ཀྱི་མ་འོངས་ལས་འགུལ་ལ་ཁ་ཕྱོགས་གསར་པ་སྟོན་པ་སོགས་ཀྱི་བརྗོད་གཞིའི་ཐོག་གྲོས་བསྡུར་གནང་བ་མ་ཟད། ཚོགས་ཞུགས་པ་རྣམས་དང་དམིགས་བསལ་ཆེད་མཁས་མི་སྣ། གནས་བཞུགས་རྒྱལ་ཁབ་ཀྱི་ཆབ་སྲིད་པ་དང་། བོད་དོན་རྒྱབ་སྐྱོར་བ་སོགས་ཀྱིས་བོད་རང་བཙན་སླར་གསོ་དང་འབྲེལ་ནས་གཏམ་བཤད་དང་ཆེད་རྩོམ་སྒྲོག་སྦྱངས། བགྲོ་གླེང་ལྷུག་པོ་གནང་ཡོད་སྐོར་སོགས་བརྗོད་བྱུང་།

ཨོ་གླིང་གི་གྲོང་ཁྱེར་སི་ཌ་ནེ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣

དེ་རིང་ཕྱི་ཚེས་ ༢༦ ཉིན་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་མཇུག་བསྒྲིལ་བ་དང་བསྟུན། ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་གྲོས་ཆོད་དོན་ཚན་བཞི་གཏན་འབེབས་གནང་ཡོད་ནི།  དང་པོ། འདས་ཟིན་པའི་ལོ་རྒྱུས་ནང་གི་མེས་པོ་རྣམས་ཀྱི་བྱས་རྗེས་ལུང་འདྲེན་གྱིས་དེའི་བཀའ་དྲིན་རྗེས་དྲན་གྱི་ལས་འགུལ་འདྲ་མིན་བརྒྱུད། ལོ་རྒྱུས་ཀྱི་གོ་རྟོགས་མཐོར་འདེགས་གཏོང་བ་དང་ཆབས་ཅིག་བོད་མི་ནང་ཁུལ་མ་འཆམ་པ་དེ་རྒྱལ་ཁབ་ཤོར་རྐྱེན་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་ངོས་འཛིན་ཐོབ་པའི་སྒོ་ནས་བོད་མི་ནང་ཁུལ་འཆམ་མཐུན་ཡོང་བར་ཤུགས་སྣོན་རྒྱག་དགོས་པ།

གཉིས་པ། གྲོས་མཐུན་དོན་ཚན་བཅུ་བདུན་དེ་ནུས་མེད་ཁྲིམས་འགལ་ཡིན་པ་ཁུངས་སྐྱེལ་ཡིག་ཆ་དང་བཅས་ཡིག་རིགས་འདྲ་མིན་ཐོག་བོད་ཕྱི་ནང་ཀུན་ལ་ཁྱབ་བརྡལ་དུ་གཏོང་དགོས་པ་དང་། རྒྱ་ནག་གཞུང་གིས་གྲོས་མཐུན་ཡིག་ཆ་དེའི་ནང་གི་དོན་ཚན་གཅིག་ཀྱང་ལག་བསྟར་བྱེད་བཞིན་མེད་པར་མ་ཟད། དེ་ལས་ལྡོག་ནས་བོད་མི་ས་ཡ་གཅིག་ལྷག་ཙམ་གྱི་ཚེ་སྲོག་འཕྲོག་ཡོད་པའི་ཁར། བོད་ཀྱི་སྐད་དང་ཡི་གེ ཆོས་དང་རིག་གཞུང་། ཐོན་ཁུངས་ཁོར་ཡུག་བཅས་ལ་ཚད་ལས་བརྒལ་བའི་གཏོར་བརླག་འཕྲོག་བཅོམ་བཏང་ཡོད་པ་དང་། དུས་ད་ལྟའང་བོད་ཕྱི་ནང་གི་སྐྱོན་བརྗོད་དང་སེམས་ཁྲལ་སྣང་མེད་དུ་བཏང་སྟེ། མུ་མཐུད་དུ་ཡ་ང་ཞིང་གདུག་རྩུབ་ཆེ་བའི་མི་སེར་སྤེལ་ཡུལ་རང་བཞིན་གྱི་དབང་བསྒྱུར་ལ་བརྟེན་ནས་བོད་རྩ་མེད་དུ་གཏོང་བཞིན་ཡོད་པར་མུ་མཐུད་དུ་ངོ་རྒོལ་ཐེར་འདོན་བྱེད་དགོས་པ།

གསུམ་པ། རྒྱ་ནག་གཞུང་གིས་བོད་གཞུང་དམངས་ཀྱི་དྲང་བདེན་འབོད་སྐུལ་རྩིས་མེད་དུ་གཏོང་བཞིན་ཡོད་པ་དང་། རྒྱ་གཞུང་ལ་ཡིད་ཆེས་བྱེད་དཀའ་བ་སོགས་རྒྱུ་མཚན་དུ་དྲངས་ཏེ། བཙན་བྱོལ་བོད་གཞུང་དང་གྲོས་ཚོགས་ཀྱིས་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་ཏེ། “བོད་རིགས་ཡོངས་ལ་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་”དེ་ཕྱིར་འཐེན་གྱིས་རྒྱལ་ཁབ་སླར་གསོ་བྱེད་དགོས་པ་ཡོངས་གྲགས་སུ་བཟོ་དགོས་པ་བཙན་བྱོལ་བོད་གཞུང་ལ་འབོད་སྐུལ་བྱེད་དགོས་པ།

བཞི་པ། “བོད་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ཟིན་བྲིས་”དེ་བཙན་བྱོལ་སྤྱི་ཚོགས་ཀྱི་དམངས་ཁྲོད་ཚོགས་པ་ཡོངས་ཀྱི་ཐུན་མོང་གིས་མངོན་འགྱུར་བྱེད་དགོས་པའི་རྩ་དོན་ཞིག་ཏུ་འགྱུར་བར་ཤུགས་སྣོན་རྒྱག་དགོས་པ་དང་། དེའི་ཆེད་དུ་གྲོས་མོལ་བགྲོ་གླེང་བྱེད་དགོས་པ་བཅས་བཀོད་འདུག་

འདས་ལོའི་ཕྱི་ཟླ་ ༧ ཚེས་ ༡༣ ནས་ ༡༥ བར་ཉིན་གསུམ་གྱི་རིང་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོ་ (Toronto) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བདུན་པ་འཚོགས་ཡོད་ཅིང་། སྐབས་དེར་བོད་རང་བཙན་གྱི་ཚོགས་པ་གསར་འཛུགས་གནང་དགོས་མིན་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་དབུ་མའི་ལམ་གྱི་སྲིད་ཇུས་ལ་བསྐྱར་ཞིབ་གནང་དགོས་པ། ཡང་ན། བོད་རང་བཙན་གྱི་སྲིད་ཇུས་འཛིན་པའི་དུས་ལ་བབ་ཡོད་མིན་སོགས་ཀྱི་བརྗོད་གཞིའི་ཐོག་གྲོས་བསྡུར་གནང་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese