མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

བོད་ཀྱི་དུས་བབ།
༢༠༢༦/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༸གོང་ས་མཆོག་གིས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ་བ་དང་བཀའ་ཤག་གིས་ལོ་ལྔའི་རིང་གི་ལས་བསྡོམས་སྙིང་བསྡུས་ཤིག་ཡར་གཟིགས་འབུལ་ཞུས་འདུག

དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།

དེ་རིང་ཕྱི་ཚེས་ ༢༦ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྐབས་བཅུ་དྲུག་པའི་སྲིད་སྐྱོང་དང་ནང་ཆོས་འཕྲོད་གསུམ་གྱི་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་དང་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག དེ་བཞིན། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་བཅས་ལ་ལས་ཉིན་མཐའ་མའི་ཉིན་འཐོན་མཇལ་དང་བཀའ་སློབ་བསྩལ་འདུག

སྐབས་དེར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ང་ཚོ་བོད་ནས་ཚུར་འཕོས་ནས་རྒྱ་གར་ལ་ལོ་ཡུན་འདི་ཙམ་ཕྱིན་པ་རེད། དངོས་གནས་བོད་རྒྱ་ཆེ་མི་མང་གི་བློ་གཏད་ས་ཤིག་དང་། གཞན་དག་ཕར་བཞག་ནས་བོད་ཐོག་དོ་སྣང་བྱེད་མཁན་གྱི་རྒྱ་རིགས་ཚོས་ཀྱང་བློ་གཏད་ནས་བསྡད་ཡོད། ང་ཚོས་འདིར་ཚོད་ཟིན་ནས་བོད་ཀྱི་ཆོས་དང་རིག་གཞུང་དང་འབྲེལ་བའི་བོད་མི་རིགས་ཀྱི་ལྟེ་གནས་དང་། བོད་ཀྱི་ཆོས་དང་རིག་གཞུང་བདག་པོ་རྒྱག་མཁན་གྱི་ལྟེ་གནས་གྱོང་ཐག་ཆོད་འདུག་བསམ་པ་རྒྱ་མིས་མཐོང་གི་ཡོད། ད་ཡག་པོ་ཞེ་དྲགས་འདུག ཐུགས་རྗེ་ཆེ་ཞེས་གསུངས།

འདི་གའི་གསར་འགོད་པར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། དེ་རིང་བཀའ་ཤག་སྐབས་བཅུ་དྲུག་པའི་ལས་ཉིན་མཐའ་མ་ཆགས་ཀྱི་ཡོད། དེར་བརྟེན། དེ་རིང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཐོན་མཇལ་ཞིག་ཞུས་དང་ལྷན་དུ། འདས་པའི་ལོ་ལྔའི་རིང་གི་བཀའ་ཤག་སྐབས་བཅུ་དྲུག་པའི་ལྷན་ཁང་རེ་རེ་ཡི་ལས་བསྡོམས་སྙིང་བསྡུས་ཤིག་ཡར་ཕུལ་བའི་གོ་སྐབས་བྱུང་སོང་། ༸གོང་ས་མཆོག་ནས་བཙན་བྱོལ་ནང་དུ་ང་ཚོའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་པར་བོད་ནང་གི་བོད་མི་ཚོས་ཀྱང་རེ་བ་བརྒྱབ་བསྡད་ཡོད་སྐོར་གྱི་བཀའ་སློབ་བསྩལ་བ་དང་ལས་བསྡོམས་ཐད་ཐུགས་རྗེ་ཆེ་ཞེས་ནམ་རྒྱུན་ནས་བཀའ་གནང་བ་བཞིན་རེད། དེ་དང་མཉམ་དུ་སང་ཉིན་སྲིད་སྐྱོང་གི་དམ་འབུལ་ཡིན་པ་དང་བཀའ་ཤག་ལ་འགྱུར་བ་འགྲོ་བའི་དུས་ཚོད་ཅིག་བསླེབས་བསྡད་ཡོད་པར་ཐུགས་སྨོན་སྐྱབས་འཇུག་གནང་རོགས་ཞུས་པ་ཡིན། དེ་ནས་༸གོང་ས་མཆོག་གིས་བཀའ་བློན་རྣམ་པ་རེ་རེར་སྒྲོལ་མའི་ཞལ་ཐང་རེ་དང་ཐུབ་པའི་སྐུ་རེ་བཅས་ཕྱག་བསྩལ་གནང་སོང་། ཞེས་གསུངས་སོང་།

བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས། དེ་རིང་ནི་ང་ཚོའི་ཉི་མ་མཐའ་མ་ཆགས་ཀྱི་ཡོད། སྲིད་སྐྱོང་མཆོག་དང་ང་ཚོ་བཀའ་བློན་ཚོས་ལོ་ལྔའི་རིང་གི་ལས་ཡུན་གྲུབ་སྟེ། མཐའ་མར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུ་རྒྱུ་བྱུང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལས་བསྡོམས་སྙིང་བསྡུས་ཤིག་ཡར་ཕུལ་རྒྱུ་བྱུང་སོང་། ཞེས་དང་། སྤྱི་ཡོངས་ནས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བོད་ནང་གི་བོད་མི་ཚོས་ཀྱང་ཚུར་རེ་བ་བྱས་ནས་ལྟ་ས་ཡོད་པའི་སྒྲིག་འཛུགས་ཤིག་ (བོད་མིའི་སྒྲིག་འཛུགས་) ཡོད་པ་དེ་གལ་ཆེན་པོ་ཡིན་པ་ང་ཚོ་ཚང་མས་མཁྱེན་དགོས་པ་དང་བཀའ་སློབ་ནང་དུའང་དེ་གསལ་བོ་བྱས་ནས་ཡང་བསྐྱར་ཕེབས་སོང་། ཞེས་གསུངས་སོང་།

ཡང་ལོ་ལྔའི་མྱོང་ཚོར་སྐོར་ལ་ཁོང་གིས། ང་ཚོ་ཚང་མར་ལས་འབྲེལ་གྱི་ཐོག་ནས་ཉམས་མྱོང་མི་འདྲ་བ་རེ་ཡོད་ཀྱང་། སྤྱིའི་ཆ་ནས་ང་ཚོ་ཐོག་མར་དམ་བཅའ་ཕུལ་བར་ཡོང་བའི་སྐབས་སུ། སྟབས་མ་ལེགས་པ་ཞིག་ལ་ང་ཚོའི་སྤྱི་ཚོགས་གང་འཚམ་འཁྲུག་བསྡད་པའི་གནས་སྟངས་ཤིག་ཏུ་ལྷུང་ཡོད། དེ་རིང་ང་ཚོ་མར་ཐོན་པའི་སྐབས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ཀ་བ་གསུམ་ཆ་ཚང་བསྡད་ཡོད་པ་ནི་བཀྲ་ཤིས་པའི་རྟེན་འབྲེལ་རེད་ལ། ང་ཚོ་གསུམ་དགའ་པོ་བྱུང་། དེའི་ནང་ནས་ལོ་རྒྱུས་ནང་བུད་མེད་གསུམ་བཀའ་བློན་དུ་བསྐོ་གཞག་བྱུང་བ་རེད། སྤྱིར་བཏང་བཀའ་ཤག་ནང་བུད་མེད་གསུམ་བསླེབས་པ་ཉུང་ཉུང་ཡིན་ས་རེད། དེའི་ནང་ནས་ཀྱང་གསུམ་ཆ་གཉིས་བུད་མེད་ཡིན་པའི་དུས་འདི་མི་འདྲ་བ་ཞིག་རེད། རང་ཉིད་ལ་མཚོན་ན་མཉམ་རུབ་ཀྱི་ནུས་པ་འདོན་ཐུབ་པ་དང་ཉམས་མྱོང་ཡང་རག་སོང་། ཞེས་གསུངས་སོང་།

སྤྱིར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་དམ་འབུལ་དེ་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༧ ཉིན་སྤེན་པ་ཚེ་རིང་མཆོག་གིས་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས་པ་ནས་མགོ་བཙུགས་ཡོད་ཅིང་། སང་ཉིན་སྟེ། ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༢༧ ཉིན་སྐབས་བཅུ་བདུན་པའི་བཀའ་ཤག་གམ་བོད་མིའི་སྒྲིག་འཛུགས་ཀྱི་འདེམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སླར་ཡང་ལས་འཁུར་དམ་འབུལ་ཞུ་གཏན་ཁེལ་ཡོད་ལ། ཕྱི་ཟླ་ ༥ ཚེས་ ༣༠ ཉིན་སྐབས་ ༡༨ འདེམས་ཐོན་སྤྱི་འཐུས་རྣམས་ཀྱིས་ཚོགས་དྲུང་ལས་ཁུངས་སུ་འབྱོར་ཐོ་འགོད་རྒྱུ་དང་། ཕྱི་ཚེས་ ༣༡ ཉིན་ཁྲིམས་ཞིབ་པ་ཆེ་བའི་མདུན་ནས་བར་བར་བརྒལ་ཚོགས་གཙོས་དམ་འབུལ་ཞུས་གྲུབ་མཚམས། བར་བརྒལ་ཚོགས་གཙོའི་མདུན་ནས་འདེམས་ཐོན་སྤྱི་འཐུས་རྣམས་ཀྱིས་དམ་འབུལ་ཞུ་རྒྱུ་དང་། ཕྱི་ཟླ་ ༦ ཚེས་ ༡ ཉིན་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་ཀྱིས་དམ་འབུལ་ཞུ་རྒྱུ་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༥ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese