མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

བོད་ཀྱི་དུས་བབ།
༢༠༢༦/༠༦/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རྒྱུ་མཚན་གསལ་ཁ་གང་ཡང་མེད་པའི་ཐོག་ནས་དགེ་འདུན་པ་འཇམ་དབྱངས་བཀྲ་ཤིས་ལགས་སླར་ཡང་འཛིན་བཟུང་བཙན་འཁྲིད་བྱས་ཡོད་ཀྱང་ཁོང་གི་ད་ལྟའི་གནས་སྟངས་ཐད་གསལ་ཁ་གང་ཡང་མེད་པ་རེད། 

བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ། པར་འབྲེལ་ཡོད་ཀྱིས་འདི་གར་མཁོ་སྤྲོད་བྱས།

རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༢ ནང་བོད་བསང་ཆུ་རྫོང་ནས་ཡིན་པའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་འདུན་པ་འཇམ་དབྱངས་བཀྲ་ཤིས་ལགས་སླར་ཡང་འཛིན་བཟུང་བཙན་འཁྲིད་བྱས་ཡོད་ཅིང་། ཁོང་ཉིད་འཛིན་བཟུང་བཙན་འཁྲིད་བྱ་དགོས་པའི་རྒྱུ་མཚན་དང་། གཟུགས་གཞིའི་གནས་སྟངས་སོགས་ཤེས་རྟོགས་ཁ་གསལ་བྱུང་མེད་པ་རེད། འདས་ལོར་རྒྱ་ནག་གཞུང་ཁོང་ཉིད་ཀྱིས་བཙན་བྱོལ་བོད་མི་རྣམས་ལ་འབྲེལ་འདྲིས་བྱས་ཡོད་པའི་དོགས་གཞིའི་འོག་ནས་ཟླ་དྲུག་རིང་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག 

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་གནས་ལྟ་ཞིབ་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་དགེ་འདུན་པ་འཇམ་དབྱངས་བཀྲ་ཤིས་ལགས་འཛིན་བཟུང་བཀག་ཉར་ཟླ་བ་དྲུག་བྱས་རྗེས། རྒྱ་ནག་གཞུང་གིས་ཁོང་ཉིད་གློ་བུར་དུ་བླ་བྲང་གི་སྨན་ཁང་ཞིག་ཏུ་རྒྱུ་མཚན་ཁ་གསལ་གང་ཡང་མེད་པའི་ཐོག་ནས་བསྐྱལ་ཏེ་བསལ་ཆུ་རྫོང་དུ་ཁྲིད་ཡོད་ཅིང་། ཁོང་གི་ཉེ་འབྲེལ་རྣམས་ཀྱིས་ཁོང་དང་ཐུག་འཕྲད་བྱ་རྒྱུའི་རེ་སྐུལ་ཞུས་ཀྱང་། རྒྱ་ནག་གཞུང་གིས་དམ་དྲག་ཆེན་པོས་ཐུག་འཕྲད་བྱས་བཅུག་མེད་སྐོར་དང་། ཕྱོགས་ཡོངས་ནས་དམ་དྲག་གི་དབང་གིས་དགེ་འདུན་པ་ཁོང་གི་ད་ལྟའི་དངོས་ཡོད་ཀྱི་གནས་སྟངས་ཁ་གསལ་ཤེས་རྟོགས་བྱུང་མེད་སྐོར་གསལ་འདུག 

འདི་གའི་གསར་འགོད་པས་བླ་བྲང་བཀྲ་ཤིས་འཁྱིལ་ཁུལ་དུ་གནས་སྡོད་བོད་མི་ཁག་ཅིག་ལ་འབྲེལ་འདྲིས་ཀྱིས་གནས་ཚུལ་འཚོལ་ཞིབ་བྱེད་སྐབས། དགེ་འདུན་པ་ཁོང་ཉིད་གློ་བུར་དུ་གར་སོང་ཆ་མེད་དུ་གྱུར་ནས་མཐོང་རྒྱུ་མེད་པ་ལས། ཁོང་ཉིད་གང་དུ་ཡོད་མེད་ཤེས་རྟོགས་བྱུང་མེད་པའི་མུར། ཕྱོགས་ཡོངས་ནས་བླ་བྲང་བཀྲ་ཤིས་འཁྱིལ་ཁུལ་དུ་དམ་དྲག་ཆེན་པོ་བྱེད་མུས་ཡིན་པས། ཆབ་སྲིད་དང་འབྲེལ་བའི་གནད་དོན་མང་དག་ཅིག་ལ་གསལ་ཁ་ཆེན་པོ་མེད་སྐོར་བརྗོད་བྱུང་། 

འདས་ལོའི་ཕྱི་ཟླ་ ༡༠ ནང་རྒྱ་ནག་གཞུང་གིས་བོད་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་གཙོས་ཁུལ་དེའི་ལྷ་སྡེ་མང་པོར་སྔོག་བཤེར་བྱས་ཏེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་སྒྲིག་གཤོམ་བྱས་ཡོད་པ་རྣམས་ཁྲིམས་འགལ་ཡིན་ལུགས་བརྗོད་དེ་སྐུ་པར་ཁུག་མ་ཆེན་པོ་བཞི་ཙམ་བཙན་འཕྲོག་བྱས་ཡོད་པའི་གནས་ཚུལ་བྱུང་ཡོད་ལ། ཉེ་ཆར་ཡང་རྒྱ་ནག་གཞུང་གིས་མུ་མཐུད་དུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་འདུན་པ་རྣམས་ལ་དངོས་ཤུགས་བརྒྱུད་གསུམ་ནས་ལྟ་རྟོག་དང་དམ་དྲག་བྱེད་མུས་ཡིན་པ་རེད། 

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༨ སྔོན་ལ།
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese