མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

བོད་ཀྱི་དུས་བབ།
༢༠༢༦/༠༦/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་ཡོད་ཀྱང་ཁ་མཆུ་ ༢༢ ནང་གྱོད་ཡ་སྣོན་མའི་ངོ་བོ་ཐོག་ནས་ཞུ་གཏུག་བྱ་ཆོག་གི་ཡོད་འདུག

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།

དེ་རིང་ཕྱི་ཚེས་ ༡༢ ཉིན་དབུས་འོས་བསྡུ་ལྷན་ཁང་གིས།  ཟླ་འདིའི་ཕྱི་ཚེས་ ༩ ཉིན་བདེ་སྙན་པ་སེང་གེ་ཤེས་རབ་དང་། གྱོད་ཡའི་ངོ་ཚབ་བཅས་པར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། བདེ་སྙན་དེའི་ངོ་བོ་དང་། རྐྱེན་རྩ། དགོས་འདུན་བཅས། ཁ་མཆུ་ཨང་ ༢༢ པ་དང་གཅིག་མཚུངས་སུ་ཆགས་སྟབས། ཁ་མཆུ་ཨང་ ༢༢ ནང་གྱོད་ཡ་སྣོན་མའི་ངོ་བོ་ཐོག་ནས་ཞུ་གཏུག་བྱ་ཆོག་པ་ལས། རྐྱེན་རྩ་གཅིག་ལ་ཞུ་རྩོད་གཅིག་ལས་མང་བ་ཆགས་པ་ཡིན་ན། ཁྲིམས་ཡིག་གི་བྱ་རིམ་ཚུལ་མིན་དུ་གྱུར་ཉེན་སོང་།  སྤྱི་མང་ཁྲིམས་ཡིག་དོན་ཚན་ ༨༨ དགོངས་དོན་བདེ་སྙན་དེབ་འགོད་ཨང་ ༡ དེ་བཞིན་ངོས་བཞེས་བརྩི་མེད་དུ་བཏང་བའི་ཐག་གཅོད་གནང་སོང་།

བདེ་སྙན་གྱི་ཐག་གཅོད་གྲུབ་རྗེས་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་རིན་ཆེན་དབང་རྒྱལ་ལགས་ཀྱིས། བདེ་སྙན་དང་སྤྱི་དམངས་ཀྱི་ཁྲིམས་ཡིག་གཏུག་ཡ་གཉིས་ཀྱི་རྐྱེན་རྩ་དང་འབྱུང་རྐྱེན་དེ་གཉིས་གཅིག་པ་ཆགས་ཀྱི་འདུག ཁྲིམས་ཡིག་བརྒྱུད་རིམ་གཅིག་གི་ཐོག་ནས་གནང་བ་ཡིན་ན་མ་འཐུས་བ་གང་ཡང་མི་འདུག་ཅེས་གསུངས་པ་དེ་གསལ་པོ་བཟོ་དགོས་རྒྱུ་གནད་འགག་ཅིག་ཆགས་ཀྱི་འདུག་ལ། བདེ་སྙན་གྱི་ཞུ་རྩ་ལ་ངོས་ལེན་མ་གནང་བ་ཞིག་རྩ་བ་ནས་མ་རེད། ངོས་བཞེས་གནང་ཡོད་རེད་དེ། གནད་འགག་ཅིག་ག་རེ་ཆགས་ཡོད་རེད་ཟེར་ན། རྒྱ་གར་ནང་ CBC ཡི་འགྲོ་སྟངས་ཤིག་དང་།  བདེ་སྙན་ (Writ Petition) གྱི་འགྲོ་སྟངས་ཤིག་ཡོད་རེད། དེའི་ཁྱད་པར་དེ་ལ་ཁྲིམས་ཞིབ་པ་རྣམས་ཀྱིས་ལུང་འདྲེན་ཞུ་ཡ་དེ། སྤྱི་དམངས་གཏུག་གཤེར་གྱི་དོན་ཚན་བཅུ་དགུ་ཡི་དགོངས་དོན་གཞིར་བཟུང་། གལ་ཏེ་ཁ་མཆུ་གཅིག་ལ་རྐྱེན་རྩ་དང་འབྱུང་རྐྱེན་ཡོད་པ་ཡིན་ན། ཁ་མཆུ་ཡི་བརྒྱུད་རིམ་ཚགས་ཚུད་ཡོང་རྒྱུ་དང་གནད་དོན་གཅིག་ཡོང་སླད་བརྒྱུད་རིམ་གཅིག་གི་སྒང་ལ་འགྲོ་ན་ཞེས་དགོངས་པ་བཞེས་ཡ་དེ་འདྲ་ཞིག་རེད་འདུག ཡིན་ཡང་། ཞུ་སྦྱོར་བར་གནད་འགག་ག་རེ་ཆགས་ཀྱི་ཡོད་རེད་ཟེར་ན། གལ་སྲིད་ཁྲིམས་ཞིབ་པ་རྣམས་ཀྱིས་དོན་ཚན་ ༦༩ པ་བདེ་སྙན་དེ་ངོས་བཞེས་གནང་བ་ཡིན་ན། དེའི་བརྒྱུད་རིམ་དེ་རྒྱ་གར་ནང་(Writ Petition) འགྲོ་སྟངས་གཞིར་བཟུང་། Writ ཐེངས་ལྔ་ལྷག་ཅིག་གཏང་རྒྱུའི་སྐུ་དབང་ཚང་མ་ཡོད་རེད་དེ། དེ་དག་ཚང་མ་ག་རེ་བྱས་ནས་གཏོང་གི་མེད་བ་བསམ་པའི་དོགས་པ་ཞིག་བདེ་སྙན་པའི་ངོ་ཚབ་རྣམས་ལ་རང་བཞིན་གྱི་བསླེབས་སོང་།  ཞེས་བརྗོད་བྱུང་།

ཡང་ཁོང་གིས། ཁྲིམས་སྒྲིག་གི་ཐོག་ནས་ཁྲིམས་ཞིབ་པ་རྣམས་ཀྱིས་སྤྱི་དམངས་གཏུག་གཤེར་གྱི་དོན་ཚན་ ༨༨ དེ་ལུང་འདྲེན་གནང་འདུག་ལ། ལུང་འདྲེན་དེ་ཁྲིམས་ཞིབ་པ་རྣམས་ཀྱི་སྐུ་དབང་རེད་ལ། དེ་ནི་ཁྲིམས་ཀྱི་བརྒྱུད་རིམ་ཞིག་ཆགས་ཀྱི་ཡོད་རེད། ཁྲིམས་ཀྱི་བརྒྱུད་རིམ་དང་རང་ཆས་སུ་ཡོད་པའི་སྐུ་དབང་ལབ་དུས། གལ་ཆེ་ཤོས་དེ་ག་རེ་གཟིགས་དགོས་ཀྱི་རེད་ཞུས་པ་ཡིན་ན། ད་ལྟའི་ང་ཚོའི་འོས་བསྡུ་ཆེན་པོ་འདིའི་ནང་ལ། བལ་ཡུལ་དང་ལྷག་པར་མཆོད་འབྱོར་ཙམ་མ་རེད། བལ་ཡུལ་ཕྱོགས་ཡོངས་དང་ལྷག་པར་རྒྱལ་ས་ཀ་ཐི་མན་ཌུའི་ནང་བྱུང་བའི་གནད་དོན་ལ། འོས་བླུག་རྒྱུ་མ་རག་པའི་གནས་སྟངས་ཤིག་བྱུང་ནས་ཁ་མཆུ་འདི་འགྲོ་ཡི་ཡོད་པའི་གནས་བབ་འོག སྤྱི་ཡོངས་ཀྱི་ཁྲིམས་སྒྲིག་དང་། ལྷག་པར་ད་ལྟའི་འདེམས་ཐོན་བྱུང་བའི་བཀུར་འོས་སྤྱི་འཐུས་རྣམས་ལ་ཁྲིམས་མཐུན་རང་བཞིན་ Legitimacy ཇི་ཙམ་ཆགས་མིན་དེ་ཁྲིམས་སྒྲིག་གི་དྲི་བ་གལ་ཆེན་ཞིག་ཆགས་ཀྱི་ཡོད་རེད། གནས་བབ་དེའི་ཐོག་ནས་བདེ་སྙན་དེ་ངོས་བཞེས་གནང་དགོས་པའི་གནད་འགག་ཅིག་ཐུག་ཡོད་རེད། ཅེས་བརྗོད་བྱུང་།

ཁོང་གིས་བརྗོད་དོན། ད་ལན་བདེ་སྙན་པར་སེམས་འཚབ་བྱུང་ཡོད་ཀྱང་། གནད་ཆེས་ཆེ་བ་ནི་ད་ལན་གྱི་གནད་དོན་དང་འབྲེལ་ནས་བོད་མི་མང་སྤྱི་འཐུས་གདམ་གྱི་ཡོད་སྟབས། དེ་ནི་མི་སྒེར་གྱི་སེམས་འཚབ་བྱས་པ་ཙམ་མིན་པར། བོད་མི་རྣམས་ཀྱིས་སེམས་ངལ་བྱ་དགོས་པའི་གནད་དོན་ཞིག་ཏུ་གྱུར་བའི་མུར། ད་ལན་མཆོད་འབྱོར་མི་མང་ལ་འོས་བསྡུ་གོ་སྐབས་མ་རག་པ་དང་འབྲེལ་བའི་ཁྲིམས་གཏུག་ནི་མི་སྒེར་གྱི་ཁེ་ཕན་ཞིག་གཏན་ནས་མིན་པར། བོད་མི་རིགས་ཀྱི་མ་འོངས་པའི་ཕུགས་འདུན་དང་། དབུས་བོད་མིའི་སྒྲིག་འཛུགས་ཡུན་གནས། མ་འོངས་པར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སུ་ཁྲིམས་མཐུན་རང་བཞིན་གྱི་དབང་བསྒྱུར་ཞིག་ཡོང་སླད། ཁ་མཆུ་གཏུག་གིན་ཡོད་པ་ལས་གང་ཟག་མི་སྒེར་གྱི་ཁེ་ཕན་ཐོབ་སླད་གཏུག་པ་ཞིག་གཏན་ནས་མིན་པར། བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་རྐུབ་སྟེགས་སྟེང་མི་བུ་བྱས་པ་ཅན་ཞིག་ཡོང་སླད་ཡིན་པ་ལས། མི་སྒེར་གྱི་ཁེ་ཕན་དང་ཐོབ་ཐང་རྩོད་ལེན་གྱི་ཆེད་གཏན་ནས་མིན་སྐོར་བརྗོད་བྱུང་།

དེ་རིང་དབུས་འོས་བསྡུ་ལྷན་ཁང་གིས་བདེ་སྙན་གྱི་སྔོན་འགྲོའི་ཉན་ཞིབ་དང་ཐག་གཅོད་ཅིག་བྱས་པའི་ཁྲོད། བདེ་སྙན་ནང་དོན་ཆ་ཚང་ཞིབ་བལྟས་ཀྱིས། ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༩ རེས་གཟའ་མིག་དམར་སྔ་དྲོའི་ཆུ་ཚོད་༡༠།༣༠ ཐོག་ཁ་བྱང་གོང་དུ་གསལ་བའི་བདེ་སྙན་པ་སེང་གེ་ཤེས་རབ་དང་། གྱོད་ཡའི་ངོ་ཚབ་བཅས་པར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང༌། བདེ་སྙན་པའི་བདེ་སྙན་ནང་འཁོད་ཞུ་དོན་ལ་ངེས་གཏན་གསལ་བཟོ་དང༌། ཁུངས་སྐྱེལ་དཔང་རྟགས་འདོན་འབུལ་བཅས་ལ་བརྟག་ཞིབ་གནང་འབྲས་སུ།

༡། དབུས་འོས་བསྡུ་ལས་ཁང་གིས་ཕྱི་ལོ་ ༢༠༢༦།༤།༢༣ འཁོད་བལ་ཡུལ་མཆོད་འཇོར་མི་མང་ལ་སྐྱོན་གནད་དོན་ཚན་ ༨ ཅན་དང་འབྲེལ་བའི་ཐག་གཅོད་གནང་བའི་ཁོངས་བདེ་སྙན་པ་སེང་གེ་ཤེས་རབ་དང་། ཤར་སྦག་ཁང་དོན་འགྲུབ་སྡིང་། ཤྲཱི་སེང་གེ་བྲག་ངེས་དོན་བདེ་ཆེན་འོད་གསལ་གླིང་དགོན་པ་བཅས་པར་བལ་ཡུལ་མཆོད་འཇོར་ཁྱབ་ཁོངས་སུ་ཚུད་ཀྱི་ཡོད་པ་སྔོན་འགྲོའི་ཉན་ཞིབ་སྐབས་ར་འཕྲོད་བྱུང་།

༢། བལ་ཡུལ་མཆོད་འཇོར་མི་མང་ ༢༠༠༠ ལྷག་ཕྱི་ལོ་ ༢༠༢༦ སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ཆེད་དེབ་བསྐྱེལ་བགྱིས་པའི་ནང༌། གོང་གསལ་བདེ་སྙན་པ་ཐུན་མོང་ཡང་ཚུད་ཡོད་པ་ར་འཕྲོད་བྱུང་།

༣། བདེ་སྙན་གྱི་རྐྱེན་རྩ། དབུས་འོས་བསྡུ་ལས་ཁང་གིས་ཕྱི་ལོ་ ༢༠༢༦།༤།༢༣ ཉིན་བཏང་པའི་བཀའ་ཁྱབ་དེར་ཐུག་ཡོད་པ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་གཉིས་པ། དོན་ཚན་ ༡༡ པ་༼འོས་བསྡུ་དང་འོས་གཞིའི་ཐོབ་ཐང་༽ དེ་བཞིན་གཞི་རྩའི་ཐོབ་ཐང་དང་། ལས་འགན་ལ་གནོད་འགལ་ཆགས་ཀྱི་ཡོད་པའི་སྐོར་གྱོད་ཡའི་ངོ་ཚབ་ནས་གསལ་བཤད་བྱས།

༤། བདེ་སྙན་པས་འདོན་འབུལ་བྱས་པའི་ཡིག་དངོས་ཐོ་གཞུང་ནང་གསལ་གྱི་ཟུཪ་སྦྱཪ་ ༡ ནས་ ༣ བཪ་གྱི་ཡིག་ཆ་ཁག་ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་ ༢༢ ཀྱི་གྱོད་ཡས་འདོན་འབུལ་ཡིག་དངོས་ཐོ་གཞུང་ནང་གསལ་དང་གཅིག་མཚུངས་རེད་འདུག་པ་བཅས་ལ་བརྟེན།

ཁྱེད་ཅག་གི་བདེ་སྙན་ཕྱི་ལོ་ ༢༠༢༦ །༥།༢༦ འཁོད་པ་དང་ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་ ༢༢ ཀྱི་ངོ་བོ་དང་། རྐྱེན་རྩ། དགོས་འདུན་བཅས་པ་གཅིག་པ་ཆགས་ཀྱི་འདུག་པས། ཁྱེད་ཅག་བདེ་སྙན་པ་ཐུན་མོང་གི་ཞུ་གཏུག་ཐོབ་ཐང་སྲུང་སྐྱོབ་ཆེད་སྤྱི་མང་ཁྲིམས་ཡིག་དོན་ཚན་ ༡༩ [ཀ] པའི་དགོངས་དོན་ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་ ༢༢ ནང་གྱོད་ཡ་སྣོན་མའི་ངོ་བོ་ཐོག་ནས་ཞུ་གཏུག་བྱེད་ན་འཐུས་རྒྱུ་དང་། རྐྱེན་རྩ་གཅིག་ལ་ཞུ་རྩོད་གཅིག་ལས་མང་བ་ཆགས་པ་ཡིན་ན། ཁྲིམས་ཡིག་གི་བྱ་རིམ་ཚུལ་མིན་དུ་ཆགས་ཉེན་ལ་སོང་། སྤྱི་མང་ཁྲིམས་ཡིག་དོན་ཚན་ ༨༨ དགོངས་དོན་བདེ་སྙན་དེབ་འགོད་ཨང་ ༡ དེ་བཞིན་ངོས་བཞེས་བརྩི་མེད་སོང་བའི་ཐག་གཅོད། ཅེས་གསལ་ཡོད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

སྐར་མ ༡༧ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

ཆུ་ཚོད་ ༢༢ སྔོན་ལ།
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡
ཆོས་རིག་བཀའ་བློན་མཆོག་གིས་འཚམས་གཟིགས་གནང་བཞིན་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཆོས་རིག་བཀའ་བློན་གྱི་རྒྱ་གར་བྱང་ཤར་ཁུལ་གྱི་འཚམས་གཟིགས་ཐེངས་དང་པོ་ལེགས་པར་གྲུབ།

༢༠༢༦/༠༩/༠༡
Russian President Vladimir Putin and Chinese President Xi Jinping  in Bishkek, Kyrgyzstan, on Monday. | SPUTNIK / VIA REUTERS
གསར་འགྱུར།

ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཐོག་ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཐུག

༢༠༢༦/༠༩/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese