མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༦/༠༦/༡༨
Share on FacebookShare on TwitterShare on EmailShare on Whatsapp

བྷོལ་ཊིཀ་ (Baltic) རྒྱལ་ཁབ་གསུམ་གྱི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཡུ་རོབ་མཐུན་ཚོགས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་རྒྱུར་འབོད་སྐུལ་ཞུས།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ལ་ཊི་ཝི་ཡའི་རྒྱལ་ས་རི་གྷ་ (Riga) རུ་བོད་དོན་ཚོགས་ཆེན་ཞིག་འཚོགས་ཡོད་ཅིང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ལེ་ཊི་ཝི་ཡའི་གྲོས་ཚོགས་འཐུས་མི་ཇུ་རི་སི་ (Juris Vilums) ལགས་ཀྱིས་ལས་རིམ་གཙོ་སྐྱོང་གནང་བ་མ་ཟད། བོད་དོན་རྒྱབ་སྐྱོར་བ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ། གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རི་ཆར་ཌི་གྷེ་རི་ (Richard Gere) ལགས་ཀྱིས་གཏམ་བཤད་གནང་ཡོད་འདུག སྐབས་དེར་བོད་དོན་ཚོགས་ཆེན་སྟེང་རི་ཆར་ཌི་གྷེ་རི་ལགས་ཀྱིས། ཡུ་རོབ་ཀྱི་དམངས་གཙོའི་རྒྱལ་ཁབ་ཁག་གིས་བོད་མིའི་ཐོབ་ཐང་དང་རང་དབང་གི་ཆེད་དུ་ཐག་གཅོད་རང་བཞིན་གྱི་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་གནང་བ་དང་། བྷོལ་ཊིཀ་མི་རིགས་ཀྱིས་འདས་པའི་ལོ་བཅུ་ཕྲག་མང་པོའི་རིང་དམར་ཤོག་གི་སྲིད་དབང་སྒེར་གཅོད་འོག་མྱངས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་དང་། བོད་མི་རྣམས་ཀྱིས་སོ་སོའི་རིག་གཞུང་སྲུང་སྐྱོབ་དང་རང་ཐག་རང་གཅོད་ཀྱི་ཆེད་དུ་འཐབ་རྩོད་མུ་མཐུད་དུ་བྱེད་བཞིན་པའི་བར་གྱི་འདྲ་མཚུངས་ལ་ཤུགས་སྣོན་རྒྱག་དགོས། ཞེས་བརྗོད་འདུག

ཚོགས་ཆེན་ཐོག་ལེ་ཊི་ཝི་ཡ་ (Latvia) དང་ཨེ་སི་ཊོ་ནི་ཡ་ (Estonia)། ལི་ཐུ་ཝེ་ནི་ཡ་ (Lithuania) བཅས་བྷོལ་ཊིཀ་རྒྱལ་ཁབ་གསུམ་གྱི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་མཉམ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་ལུགས་བསྒྲགས་ཡོད་ཅིང་། ཁྲིམས་ཡིག་དེས་རྒྱ་ནག་གི་སྐད་ཡིག་དང་རིག་གཞུང་གོང་སྤེལ་གཏོང་བར་དམིགས་པ་ལས། བོད་ཀྱི་སྐད་ཡིག་ཚུད་པའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་ལ་དམ་དྲག་ཇེ་ཆེར་གཏོང་བ་དང་རྩ་མེད་བཟོ་ཐབས་ཀྱི་སྲིད་ཇུས་ཤིག་ཡིན་པ་མ་ཟད། རྒྱ་ནག་གི་རྩ་ཁྲིམས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་དང་འགལ་གྱི་ཡོད་པར་བརྟེན། ཕྱི་ཟླ་ ༧ ཚེས་ ༡ གི་གོང་ལ་ཡུ་རོབ་གྲོས་ཚོགས་འཐུས་མི་རྣམས་ཀྱིས་སོ་སོའི་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་རྒྱ་ནག་གི་ཁྲིམས་དེ་ལ་སྐྱོན་བརྗོད་བྱེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས་ཡོད་པ་མ་ཟད། ཡུ་རོབ་མཐུན་ཚོགས་ཀྱི་བོད་དོན་སྲིད་ཇུས་ཐད་མཉམ་འབྲེལ་གྱི་ནུས་པ་ཤུགས་ཆེ་རུ་གཏོང་དགོས་པ། ཡུ་རོབ་མཐུན་ཚོགས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གསར་བསྐོ་གནང་རྒྱུའི་ཐད་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་འདུག ད་དུང་ཚོགས་ཆེན་དེའི་ཐོག་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་བོད་མིའི་རང་དབང་ལ་རྒྱབ་སྐྱོར་དང་། བོད་ནང་གི་བོད་མིའི་རང་དབང་གི་གནད་དོན་ལ་དོ་སྣང་སྔར་ལྷག་གནང་དགོས་པ་མ་ཟད། རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ཁག་གི་ཐད་གནོན་ཤུགས་ཆེ་རུ་གཏོང་དགོས་པའི་འབོད་སྐུལ་ཞུས་འདུག

མཉམ་འབྲེལ་གྱི་བསྒྲགས་གཏམ་དེ་ལ་ཐོག་མར་བྷོལ་ཊིཀ་རྒྱལ་ཁབ་གསུམ་གྱི་གྲོས་ཚོགས་འཐུས་མི་ ༡༨ ཀྱིས་རྒྱབ་སྐྱོར་ཡོད་པའི་མཚན་རྟགས་བསྐྱོན་ཡོད་ཅིང་། དེའི་ནང་ལེ་ཊི་ཝི་ཡ་ནས་གྲོས་ཚོགས་འཐུས་མི་ ༩ དང་། ལི་ཐུ་ཝེ་ནི་ཡ་ནས་གྲོས་ཚོགས་འཐུས་མི་ ༧། དེ་བཞིན་ཨེ་སི་ཊོ་ནི་ཡ་ནས་གྲོས་ཚོགས་འཐུས་མི་ ༢ བཅས་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

འཕྲོད་བསྟེན་བཀའ་བློན་མཆོག་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཁག་ཏུ་འཚམས་གཟིགས་ལ་ཕེབས། པར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ནས་བླངས།
གསར་འགྱུར།

འཕྲོད་བསྟེན་བཀའ་བློན་མཆོག་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཁག་ཏུ་འཚམས་གཟིགས་སུ་ཕེབས། 

ཆུ་ཚོད་ ༡༢ སྔོན་ལ།
པར་༧དཔལ་རྒྱལ་བ་ཀརྨ་པ་མཆོག་གི་རྒྱ་ཡིག་དྲ་ཚིགས་ལས་བླངས།
Mobile App

༧རྒྱལ་བ་ཀརྨ་པ་མཆོག་གི་འབྲུག་ཡུལ་གྱི་མཛད་འཕྲིན་ལེགས་གྲུབ་བྱུང་འདུག

ཆུ་ཚོད་ ༡༤ སྔོན་ལ།
tt
Mobile App

ཨ་རིའི་རླུང་འཕྲིན་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་གྱི་བོད་སྐད་ལེ་ཚན་སླར་གསོ་དགོས་པའི་རེ་འབོད་ཞུས།

ཆུ་ཚོད་ ༡༦ སྔོན་ལ།
ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག དྲ་ལམ་གྱི་པར།
Mobile App

ཟི་ལིང་གྲོང་ཁྱེར་དུ་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག 

༢༠༢༦/༡༡/༡༠
Mobile App

དྷ་རམ་ས་ལ་ནས་སྐྱེ་འཚར་བྱུང་བའི་བོད་པའི་བུ་མོ་ཞིག་འཛམ་གླིང་གི་ཤུགས་རྐྱེན་ཆེས་ཆེ་བའི་མི་སྣ་བརྒྱའི་ཁོངས་སུ་བདམས་དོན་ཅི་ཡིན་ནམ།

༢༠༢༦/༡༡/༡༠
པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

དབྱིན་ཇིའི་རྩོམ་པ་པོ་ཨེམ་ཇོན་ཧེ་རི་སོན་ལ་ཕྱི་ལོ་ ༢༠༢༦ ལོའི་བྷུ་ཁུར་རྩོམ་རིག་གཟེངས་རྟགས་ཐོབ།

༢༠༢༦/༡༡/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese