མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

བོད་ཀྱི་དུས་བབ།
༢༠༢༦/༠༦/༡༩
Share on FacebookShare on TwitterShare on EmailShare on Whatsapp

སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་ནང་དོན་རིག་པའི་མཁས་པ་དང་སློབ་དཔོན་ཆེན་མོ་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་དགུང་ལོ་  ༨༤ ཐོག་སྐུ་གྲོངས་པར་ཐུགས་གསོའི་འཕྲིན་ཡིག་ཕུལ།

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩

ཕྱི་ཚེས་ ༡༦ ཉིན་བོད་ཀྱི་ནང་དོན་རིག་པའི་མཁས་དབང་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གྲོགས་པོ་སྐུ་ཞབས་རོ་བྷེ་ཊི་ཐོར་མན་( Robert Thurman ) ལགས་དགུང་ལོ་ ༨༤ ཐོག་སྐུ་གྲོངས་ཡོད་སྟབས། དེ་རིང་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས། འདས་པོ་ཁོང་གི་བཟའ་ཟླ་ནེ་ནཱ་( Nena Von Schlebrugge) ལགས་ཀྱི་མཚན་ཐོག་ཏུ། ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་སེམས་གསོའི་འཕྲིན་ཡིག་ཅིག་ཕུལ་འདུག

འཕྲིན་ཡིག་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས། སྐུ་ཞབས་ཁོང་གིས་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་བ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འབྲེལ་ལམ་དམ་ཟབ་ཡོད་སྟབས། ཁོང་ནི་རིག་གཞུང་ཕན་ཚུན་གྱི་འབྲེལ་ལམ་དང་། ཞི་བདེ། དྲང་བདེན། དེ་བཞིན་འགྲོ་བ་མིའི་ཆེ་མཐོང་སོགས་སྟོབས་ཤུགས་ལྡན་པའི་འབོད་སྒྲ་ཞིག་ཡིན། ཞེས་གསུངས་འདུག

ཡང་འཕྲིན་ཡིག་ནང་། ང་ཚོས་ཁོང་སྐུ་གཤེགས་པར་མྱ་ངན་ཞུ་བ་དང་ཆབས་ཅིག ཁོང་གིས་སྦྱང་བརྩོན་དང་། ཞབས་ཕྱི། འགྲོ་བ་མིའི་བསམ་བློའི་དཔལ་ཡོན་བཅས་རྒྱུན་འཛིན་བྱས་པ་ནི་ཡི་རངས་ཞུ་དགོས་པ་ཞིག་ཡིན། ཁོང་གི་མཛད་རྗེས་ཀྱིས་མཁས་དབང་རྣམ་པ་དང་། ཆོས་ལུགས་ཀྱི་ཉམས་ལེན་པ། བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་འདོད་མཁན་ཡོངས་ལ་སེམས་ཤུགས་ཤིག་བསྩལ་ངེས་ཡིན། ངས་བོད་མི་མང་སྤྱི་འཐུས་སྐབས་བཅོ་བརྒྱད་པ་དང་། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་རྣམས་ཀྱི་ཚབ་ཞུས་ཏེ། འདས་པོ་ཁང་གི་ཤུལ་ལུས་ནང་མི་དང་། གྲོགས་པོ། སློབ་མ། ཡིད་སྨོན་བྱེད་མཁན་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ། ཞེས་གསུངས་འདུག

དེ་བཞིན། རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གི་ཨེག་སི་སྤྱི་ཚོགས་དྲ་ལམ་སྟེང་གི་ཐུགས་གསོའི་འཕྲིན་ཡིག་ནང་། བོད་ཀྱི་རིག་གནས་དང་ཆོས་ལུགས་ལ་མཁས་པའི་མི་སྣ་གྲགས་ཅན་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་སྐུ་གཤེགས་པར་སེམས་པ་ཧ་ཅང་སྐྱོ་བོ་བྱུང་། ཁོང་ནི་རྒྱ་གར་གྱི་གྲོགས་པོ་རྙིང་པ་ཞིག་ཀྱང་ཡིན། ཁོང་གི་བརྩམས་ཆོས་བརྒྱུད་ནས་ནང་པའི་ལྟ་གྲུབ་འཛམ་གླིང་ཡོངས་ལ་དར་སྤེལ་བྱས་པ་མ་ཟད། རིག་གནས་ཕན་ཚུན་དབར་གོ་རྟོགས་ཀྱི་ཟམ་པ་བརྟན་པོ་ཞིག་ཀྱང་བཙུགས་ཡོད། ལོ་འགའི་སྔོན་ལ་ང་ཁོང་དང་ནེའུ་ཡོག་གྲོང་ཁྱེར་དུ་ཐུག་འཕྲད་འབྱུང་སྐབས། ང་ཚོའི་དབར་ལ་སྐད་ཆ་ཡག་པོ་ཞིག་བྱུང་བ་དེ་ངས་ད་ལྟའང་དྲན་གྱི་འདུག ངའི་སེམས་པ་ཁོང་གི་ནང་མི་དང་གྲོགས་པོ། ཡིད་སྨོན་བྱེད་མཁན་ཚོ་དང་མཉམ་དུ་ཡོད། ཅེས་གསུངས་འདུག

སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ནི། རྩོམ་པ་པོ་དང་། བོད་ཀྱི་ནང་དོན་རིག་པའི་མཁས་དབང་། སློབ་དཔོན་ཆེན་མོ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གྲོགས་པོ་དང་ཨ་རིའི་བོད་ཁང་གི་འགན་འཛིན་ཡིན། ཕྱི་ལོ་ ༡༩༩༧ ལོར་ཁོང་ཨ་རིའི་ཤུགས་རྐྱེན་ཅན་གྱི་མི་སྣ་ཉི་ཤུའི་ནང་དྲག་འདེམས་བྱུང་བ་དང་། ཕྱི་ལོ ༢༠༠༣ ལོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཁོང་ལ་བདེན་པའི་འོད་སྣང་གི་གཟེངས་རྟགས་ (Light of Truth Award) ཞེས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་འབྲེལ་བའི་ཆེས་མཐོའི་གཟེངས་རྟགས་ཤིག་ཕུལ། ཕྱི་ལོ་ ༢༠༠༦ ལོར་ནེའུ་ཡོག་ཚགས་ཤོག་གི་ཆོས་ལུགས་ཐད་ནས་ཤུགས་རྐྱེན་ཆེ་ཤོས་ཀྱི་མི་སྣར་མཚན་འདོན་བྱས། ཕྱི་ལོ་ ༢༠༢༠ ལོར་རྩོམ་རིག་དང་ཤེས་ཡོན་ཐོག་རྒྱ་གར་གྱི་ཆེས་མཐོའི་པདྨ་ཤྲི་གཟེངས་རྟགས་ཐོབ།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

ཆུ་ཚོད་ ༡༥ སྔོན་ལ།
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

ཆུ་ཚོད་ ༡༧ སྔོན་ལ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

༢༠༢༦/༠༨/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese