མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

བོད་ཀྱི་དུས་བབ།
༢༠༢༦/༠༦/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་ཨ་རིས་རྒྱ་ནག་གི་བཟོ་ཚོང་ཁང་གསུམ་ལ་བཀག་སྡོམ་གྱི་ཉེས་ཆད་བཅད་པར་བརྟེན། དེ་རིང་རྒྱ་ནག་གིས་ཨ་རིའི་བཟོ་ཚང་ཁང་ ༥༦ ལ་ཉོ་ཚོང་བཀག་སྡོམ་དང་འབྲེལ་བའི་ཉེས་ཆད་བཏང་བ་ཡོངས་བསྒྲགས་བྱས་འདུག

རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།

ཉེ་ཆར་ཨ་རིས་རྒྱ་ནག་གི་བཟོ་ཚོང་ཁང་ཆེ་གྲས་ཨ་ལི་བྷ་བྷ་དང་བྷའེ་ཌུ་ (Baidu) སོགས་བཀག་སྡོམ་བྱས་ཡོད་པར་བརྟེན། དེ་རིང་ཕྱི་ཚེས་ ༢༢ ཉིན་རྒྱ་ནག་གིས་ཨ་རིའི་དམག་དོན་དང་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་བཅུ་ལ་བཀག་སྡོམ་ཉེས་ཆད་བཀལ་ཏེ་རྒོལ་ལན་བསློགས་ཡོད་པ་མ་ཟད། རྒྱ་ནག་གི་བཟོ་ཚོང་ཁང་ཁག་གིས་ཨ་རིའི་བཟོ་ཚོང་ཁང་ ༤༦ གི་ཐོན་རྫས་ཉོ་ཚོང་བྱེད་མི་ཆོག་པའི་བཀའ་རྒྱ་བསྒྲགས་འདུག

དེ་འབྲེལ་རྒྱ་ནག་གི་ཚོང་དོན་ལྷན་ཁང་གིས། རྒྱ་ནག་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པ་དང་། ཨ་རིས་རྒྱ་ནག་གི་དམག་དོན་བཟོ་ཚོང་རྣམས་ཀྱི་མིང་ཐོ་ཟེར་བ་ནོར་འཁྲུལ་ངང་རྒྱ་སྐྱེད་བཏང་བ་ལ་ལན་འདེབས་བྱེད་ཆེད་ཡིན་ཞེས་དང་། ཨ་རིའི་བཟོ་ཚོང་ཁང་བཅུ་ལ་དམག་དོན་དང་དམག་དོན་མིན་པའི་བེད་སྤྱོད་གཉིས་ལྡན་གྱི་ཅ་དངོས་ཕྱིར་གཏོང་བྱེད་པར་བཀག་སྡོམ་བྱ་རྒྱུ་ཡིན་པ་མ་ཟད། རྒྱལ་ཁབ་གསུམ་པའི་ནང་ཡོད་པའི་བཟོ་ཚོང་ཁང་དང་མི་སྒེར་གྱིས་རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་བཟོ་ཚོང་ཁང་དག་ལ་དམག་དོན་དང་དམག་དོན་མིན་པའི་དངོས་ཟོག་ཕྱིར་འདྲེན་བྱེད་པར་བཀག་སྡོམ་བྱ་རྒྱུ་ཡིན་ལ། རྒྱ་ནག་གི་བཟོ་ཚོང་ཁང་ཁག་གིས་དགོས་ངེས་ཅན་གྱི་ཅ་དངོས་ཕྱིར་གཏོང་བྱེད་པར་ཆོག་མཆན་ཞུ་ཆོག་གི་ཡོད་ཚུལ་སོགས་བསྒྲགས་འདུག

རྒྱ་ནག་གིས་མིང་འདོན་བྱས་པའི་ཨ་རིའི་བཟོ་ཚོང་ཁང་བཅུ་ནི། ཁ་ལི་ཧྥོར་ནི་ཡར་རྟེན་གཞི་བྱས་པའི་བཟོ་ཚོང་ཁང་ (AVEOX) དང་།  ཨ་རིའི་མངའ་སྡེ་ཨུ་ཊ་ནང་གི་གྲོང་ཁྱེར་ (South Salt Lake) དུ་རྟེན་གཞི་བྱས་པའི་ (Red Cat) བཟོ་ཚོང་ཁང་དང་ (Teal) བཟོ་ལས་ཁང་། ཨུ་ཊ་རྫོང་གི་(Springville) གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་བཟོ་ལས་ཁང་ (IMSAR)། ཨ་རིའི་མངའ་སྡེ་ཨིན་ལན་ཌི་གསར་པ་ནང་གི་རོ་ཌི་གླིང་ཕྲན་གྱི་གྲོང་ཁྱེར་བྷི་རི་སི་ཊོལ་ (Bristol) དུ་རྟེན་གཞི་བྱས་པའི་དམག་དོན་གྲུ་གཟིངས་དང་མཚོ་གྲུའི་བཟོ་ལས་ཁང་ (Jaia Robotics)། ཁོ་ལོ་ར་ཌོ་མངའ་སྡེའི་གྲོང་ཁྱེར་བྷོ་རོམ་ཧྥིལ་ཌི་རུ་རྟེན་གཞི་བྱས་པའི་ (Ball Aerospace & Technologies)། ཝི་སི་ཁོན་སིན་མངའ་སྡེའི་གྲོང་ཁྱེར་ཨོ་ཤི་ཀོ་ཤི་རུ་རྟེན་གཞི་བྱས་པའི་རྒྱལ་སྲུང་བཟོ་ཚོང་ཁང་ (Oshkosh)། ཝར་ཇི་ནི་ཡ་མངའ་སྡེའི་གྲོང་ཁྱེར་ནོར་ཧྥོལ་ཀི་ (Norfolk) རུ་རྟེན་གཞི་བྱས་པའི་མཚོ་གྲུ་བཟོ་ལས་ཁང་ (L3Harris)། ནེ་ཝ་ཌ་མངའ་སྡེའི་ལ་སི་ཝེ་གྷ་སི་ (Las Vegas) གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་བཟོ་ལས་ཁང་ (MP Materials) དང་ཨ་རིའི་མངའ་སྡེ་ཨོཀ་ལཱ་ཧོ་མ་ནང་གི་ (USA Rare Earth) བཟོ་ལས་ཁང་བཅས་ཡིན་འདུག

ད་དུང་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་ (Xinhua) གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་ཨ་རིའི་དམག་དོན་དང་འབྲེལ་བའི་ཡུལ་དེའི་མངའ་སྡེ་ཨ་རི་རྫོ་ནའི་ (Arizona) ཊག་སོན་ (Tucson) གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་མེ་ཤུགས་འཕུར་མདའ་དང་འགོག་སྲུང་གི་བཟོ་ལས་ཁང་ (Raytheon Missiles & Defence) དང་ཨ་རིའི་མངའ་སྡེ་མེ་རི་ལན་ཌི་ (Maryland) ནང་ཡོད་པའི་བྷེ་ཐེ་སི་ཌ་ (Bethesda) རྫོང་དུ་རྟེན་གཞི་བྱས་པའི་ཨ་རིའི་མཁའ་དབྱིངས་དང་འགོག་སྲུང་ཁག་ཐེག་བྱེད་མཁན་གྱི་བཟོ་ཚོང་ཁང་ (Lockheed Martin) ཚུད་པའི་ཨ་རིའི་བཟོ་ཚོང་ཁང་  ༤༦ གི་ཐོན་རྫས་ཉོ་སྒྲུབ་བཀག་སྡོམ་བྱ་རྒྱུ་ཡིན་སྐོར་ཡང་བསྒྲགས་འདུག

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱིས་རྒྱ་ནག་གི་ཁེ་ལས་ཁང་ཆེ་གྲས་ཨ་ལི་བྷ་བྷ་ (Alibaba) དང་། བྷའེ་ཌུ་ (Baidu)། (BYD) བཅས་ཀྱིས་རྒྱ་ནག་གཞུང་འབྲེལ་གྱི་སྡེ་ཁག་ཅིག་དང་ལྷན་དུ་མཉམ་ལས་བྱས་ཏེ། རྒྱ་ནག་གི་དམག་དོན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ར་འཕྲོད་བྱུང་སྟབས། ཨ་རིའི་ཐོ་གཞུང་ནག་པོའི་ཁུངས་སུ་བཅུག་ཡོད་འདུག་ལ། རྒྱ་ནག་གི་ཁེ་ལས་ཁང་དེ་དག་མ་འོངས་པར་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་ཚོང་ལས་ཅི་རིགས་ནང་མཉམ་ཞུགས་ཆོག་གི་མེད་ཅིང་། ཨ་རིས་ཁྲིམས་སྒྲིག་དེ་ཟླ་འདིའི་ཟླ་མཇུག་ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

ཕྱི་ལོ་ ༢༠༢༤ ཟླ་ ༡ པོའི་ནང་རྒྱ་ནག་གཞུང་གིས་ཨ་རིའི་གོ་མཚོན་དང་འབྲེལ་བའི་བཟོ་གྲྭ་ལྔ་ཡིས་ཐའེ་ཝན་ལ་གོ་མཚོན་ཕྱིར་ཚོང་བྱས་ཏེ། རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པའི་ངོས་འཛིན་འོག་ཉེས་ཆད་བཏང་ཡོད་འདུག གཞན་ཡང་། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ནང་ཨ་རིའི་ནོར་སྲིད་ལྷན་ཁང་གིས། རྒྱ་ནག་གི་བཟོ་ཚོང་ཁང་ ༣༠ ལྷག་ཁྲིམས་འགལ་གྱི་ཐོ་ཁོངས་སུ་རྩིས་ཏེ། བཟོ་ཚོང་ཁང་དེ་དག་གིས་རྒྱ་ནག་གི་དམག་སྲིད་ལས་དོན་ལ་རམ་འདེགས་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། འབྱུང་འགྱུར་ཁྲིམས་འགལ་གྱི་ཐོ་གཞུང་དུ་ཚུད་པའི་རྒྱ་ནག་གི་བཟོ་ཚོང་ཁང་དེ་དག་གིས་ཨ་རིའི་ནང་ཚོང་ལས་གཉེར་མི་ཆོག་པ་དང་ཨ་རིའི་བཟོ་གྲྭ་ཁག་གིས་ཉེས་ཆད་ཕོག་པའི་རྒྱ་ནག་གི་བཟོ་གྲ་དེ་དག་ལ་ཚོང་འབྲེལ་བྱས་མི་ཆོག་པར་བཟོས་ཡོད་པ་རེད།

གནས་ཚུལ་དེའི་ཐད་རྒྱ་ནག་གཞུང་གིས། ཨ་རིས་རྒྱ་ནག་གི་འཕྲུག་རིག་བཟོ་ཚོང་ཁང་དག་བཀག་སྡོམ་བྱེད་པ་ནི་ཨ་རིའི་འཕྲུལ་རིག་བཟོ་ཚོང་ཁག་ལ་གནོད་སྐྱོན་ཆེ་བ་ལས་རྒྱ་ནག་གི་དཔལ་འབྱོར་ལ་གནོད་སྐྱེལ་ཐུབ་ཀྱི་མེད། ཨ་རིའི་བྱེད་སྟངས་དེས་རྒྱ་ནག་གི་ཁྲོམ་རའི་ཁེ་སྤོགས་ཆེན་པོ་ལེན་བཞིན་པའི་ཨ་རིའི་བཟོ་ཚོང་ཁང་དག་གི་རེ་བ་ཆུད་ཟོས་སུ་གཏོང་གི་ཡོད་ཚུལ་བཤད་འདུག ད་བར་ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱིས་ལོ་ལྟར་ཐོ་འགོད་བྱེད་བཞིན་པའི་མིང་གཞུང་ནག་པོའི་ནང་རྒྱ་ནག་གི་ཚོང་ལས་ཁང་ ༡༨༨ བཅུག་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཤེས་རིག་བཀའ་བློན་མཆོག་གིས་ལྷོ་བྱང་གི་བོད་མིའི་གཞིས་ཆགས་དང་སློབ་གྲྭ་ཁག་ཅིག་ཏུ་འཚམས་གཟིགས་གནང་།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

སྐུ་ཚབ་དོན་གཅོད་གཉིས་བསྐོ་གཞག་གནང་། 

ཆུ་ཚོད་ ༡༣ སྔོན་ལ།
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༣ པའི་མཐའ་མའི་བཅད་ཁྲ་བཏང་སོང་། 

༢༠༢༦/༡༠/༢༡
Photos: Official portraits, U.S. House of Representatives
Mobile App

ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེར་མཇལ་བཅར་ཞུས།

༢༠༢༦/༡༠/༢༡
བཀའ་ཤག་གི་གསར་འགོད་གསལ་བསྒྲགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥི་རི་ཁའི་དོན་གཅོད་ཁང་གི་གནད་དོན་ཁྲིམས་ཐོག་ནས་སེལ་བའི་རེ་སྐུལ་གནང་འདུག

༢༠༢༦/༡༠/༢༡
CFOTO/Future Publishing via Getty Images
Mobile App

ཨ་རིས་རྒྱ་ནག་གི་བཅོས་མའི་རིག་ནུས་ཌིབ་སིག་བཀག་སྡོམ་བྱས།

༢༠༢༦/༡༠/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese