མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་མཚན་ནོར་བུས་ཞི་ཅིན་ཕིན་གྱི་དྲིན་ལན་འཇལ་དགོས་ཟེར།

བོད་ཀྱི་དུས་བབ།
༢༠༢༦/༠༩/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་མཚན་ནོར་བུས་བོད་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁྲིམས་གཙོས་རྒྱ་བསྒྱུར་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཞི་ཅིན་ཕིན་གྱི་དྲིན་ལན་འཇལ་དགོས་ཡོད་ཟེར།

ཉེ་ལམ་ཕྱི་ཟླ་ ༩ ཚེས་ ༢༢ ཉིན་ཀན་སུའུ་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ཧུའུ་ཁྲང་ཧྲན་ཟེར་བ་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེར་བསྐོ་གཞག་བྱས་ཏེ། ཕྱི་ཚེས་ ༢༣ ཉིན་ནས་ཧུའུ་ཁྲང་ཧྲན་གྱིས་དངོས་སུ་ལས་འཁུར་ལག་བསྟར་གྱིས་འདས་པའི་གཟའ་འཁོར་གཅིག་གི་དུས་ཡུན་ནང་། བོད་ཀྱི་རྒྱལ་ས་ལྷ་དང་། ས་སྐྱ་དགོན་པ་དང་གཙང་བཀྲ་ཤིས་ལྷུན་པོ་དགོན་པ་སོགས་སུ་བརྟག་ཞིབ་ཟེར་བ་བྱས་ཏེ། ད་སྔ་བར་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་མགོ་ཁྲིད་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རྒྱལ་མཚན་ནོར་བུ་སོགས་སུ་ཐུག་འཕྲད་བྱས་ཏེ། ཁ་བྲལ་ལ་ངོ་རྒོལ་དང་། མེས་རྒྱལ་གོང་བུ་གཅིག་གྱུར། དེ་བཞིན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཟེར་བ་སོགས་ལག་བསྟར་ཚ་འདེད་བྱེད་དགོས་སྐོར་སོགས་བརྗོད་འདུག

ཁོས་བཀྲ་ཤིས་ལྷུན་པོ་དགོན་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དང་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་པན་ཆེན་རྒྱལ་མཚན་ནོར་བུར་ཐུག་སྟེ། རྒྱལ་མཚན་ནོར་བུས་བསྒྲུབ་དགོས་པའི་སྐད་ཆ་གཙོ་བོ་ཁག་ཅིག་བཤད་འདུག་ཅིང་། དེ་དག་གི་ཁྲོད་རྒྱལ་མཚན་ནོར་བུས་བོད་བརྒྱུད་ནང་བསྟན་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་དང་། རྒྱ་ནག་གི་ཁྲིམས་ལུགས་འོག་ནས་དགོན་སྡེ་དོ་དམ་ལྷན་ཁང་ཚད་ལྡན་དང་ཆོས་ལུགས་ལས་དོན་དོ་དམ་ལ་ཤུགས་སྣོན་རྒྱག་སྐོར་དང་གཅིག

གཉིས་ཞི་ཅིན་ཕིན་གྱིས་རྒྱལ་མཚན་ནོར་བུའི་མཇལ་འཕྲད་ཐེངས་གཉིས་དང་ལེན་གནང་ཡོད་ཟེར། གསུམ་རྒྱལ་མཚན་ནོར་བུས་ཞི་ཅིན་ཕིན་ལ་ཐུག་སྐབས་ཀྱི་སྐད་ཆ་དང་རེ་བ་བཅོལ་བ་རྣམས་སེམས་ལ་བརྟན་པོར་བཅིངས་ནས། ཞི་ཅིན་ཕིན་གྱི་དུས་རབས་གསར་པའི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཟེར་བར་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་དགོས་པ། བཞི་ཞི་ཅིན་ཕིན་དང་དམར་ཤོག་ཚོགས་པའི་བོད་སྐྱོང་ཟེར་བའི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས་པ།

ལྔ་བོད་ཀྱི་ཆོས་ལུགས་མི་སྣ་དང་དད་ལྡན་མང་ཚོགས་ལ་དམར་ཤོག་ཚོགས་པའི་ཆབ་སྲིད་སློབ་གསོ་ཁྲིད་སྟོན་བྱས་ཏེ། བོད་མི་སེར་སྐྱ་ཚང་མས་དམར་ཤོག་ཚོགས་པ་དང་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལ་བློ་སེམས་གཉིས་ཀྱི་མོས་པ་དང་། དམར་ཤོག་ཚོགས་པ་དང་། རྒྱ་ནག དེ་བཞིན་སྤྱི་ཚོགས་རིང་ལུགས་བཅས་ལ་དགའ་ཞེན་དགོས་པ།

དྲུག་རྒྱལ་མཚན་ནོར་བུས་འདུལ་ཁྲིམས་དང་བསྟན་དོན་གྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ཏེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཟེར་བར་མཉམ་འདྲེས་བྱེད་ཐུབ་པ། དགོན་སྡེ་ཁག་གི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་བློ་བརྟན་འགྱུར་མེད་ངང་དམར་ཤོག་ཚོགས་པའི་བཀའ་ལ་ཉན་པ་དང་བཀའ་དྲིན་ཚོར་བ། རྗེས་སུ་འབྲངས་པ་བཅས་ཁྲིད་སྟོན་གནང་དགོས་པ། བདུན་གོང་བརྗོད་དོན་ཚན་རྣམས་གཙང་སྒྲུབ་ཧུར་ཐག་བྱས་ཏེ་ཞི་ཅིན་ཕིན་གྱི་དྲིན་ལན་འཇལ་དགོས་སྐོར་སོགས་འདུག

བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཧུའུ་ཁྲང་ཧྲན་ཕྱི་ལོ་ ༡༩༩༨ ལོར་སི་ཁྲོན་གྱི་ཇིན་ཅང་གྲོང་ཁྱེར་དུ་ཐོག་མར་ཆབ་སྲིད་ཀྱི་ལས་ཀར་ཞུགས་ཤིང་། ཕྱི་ལོ་ ༢༠༡༢ ཟླ་ ༢ ནང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དམར་ཤོག་དྲུང་ཆེ་གཞོན་པར་བསྐོ་གཞག་བྱུང་བ་དང་ཟླ་གཉིས་ཀྱི་རྗེས་ནས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དམར་ཤོག་དྲུང་ཆེའི་འགན་ཁུར་འདུག ཕྱི་ལོ་ ༢༠༡༥ ལོར་མཚོ་སྔོན་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་འགན་འཛིན་དང་རྒྱུན་ལས་བྱས། ཕྱི་ལོ་ ༢༠༢༢ ཟླ་ ༡༢ ནང་ཀན་སུའུ་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེར་བསྐོ་གཞག་བྱུང་སྟེ། ཁྱོན་འདས་པའི་ལོ་ ༡༤ རིང་བོད་ནང་གི་བོད་མི་རྣམས་ཀྱི་ཐོག་སྲིད་ཇུས་ལག་བསྟར་གྱི་ལས་ཀ་བྱས་མྱོང་འདུག ཧུའུ་ཁྲང་ཧྲན་ཕྱི་ལོ་ ༡༩༦༣ ལོར་ཅང་ཤི་ཞིང་ཆེན་གྱི་གོ་ཨན་གྲོང་ཁྱེར་ནང་སྐྱེས་པ་དང་ད་ལྟ་ལོ་ ༦༢ རེད་འདུག

འབྲེལ་ཡོད་གསར་འགྱུར།

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་ཞིག་འཚོག་མུས་ཡིན་འདུག པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༡༡།༩
Mobile App

དུས་རབས་ ༡༣ ནས་ ༡༤ བར་གྱི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་ཚོགས་འདུ་ཞིག་དབུ་བཙུགས།

སྐར་མ ༤༥ སྔོན་ལ།
(L-R) Dylan Douglas, Michael Douglas and Carys Zeta Douglas attend the Tibet House US Art of Freedom Gala 2026 in New York City. (Photo by Noam Galai/Getty Images for Tibet House US) (Getty Images for Tibet House US)
Mobile App

ཨ་རིའི་བོད་ཁང་གི་ཕྱི་ལོ་ ༢༠༢༦ ལོའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་དེ་གློག་བརྙན་འཁྲབ་སྟོན་པ་ཞིག་ལ་ཕུལ།

ཆུ་ཚོད་ ༢ སྔོན་ལ།
པར་དྲ་ལམ་ནས་བླངས།
Mobile App

བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས།

༢༠༢༦/༡༡/༠༧
རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༡༡།༧
Mobile App

རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ།

༢༠༢༦/༡༡/༠༧
Screenshot
Front Slider

འབུམ་རམས་པ་འཇམ་དབྱངས་དོན་གྲུབ་ལགས་དང་ལྷན་དུ་ཁོང་གི་སློབ་ཐོན་དཔྱད་རྩོམ་སྐོར་གླེང་མོལ།

༢༠༢༦/༡༡/༠༧
Mobile App

ཨ་རིས་རྒྱ་ནག་གི་བཟོ་ཚོང་ཁང་གཉིས་ལ་ཉེས་ཆད་བཏང་།

༢༠༢༦/༡༡/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese