མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་མ་འོངས་འགན་སྲུང་ཞེས་པའི་ཕུགས་དམིགས་ཡིག་ཆ་ངོ་སྤྲོད་གནང་སོང་།

བོད་ཀྱི་དུས་བབ།
༢༠༢༦/༠༩/༣༠
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་མཆོག་གིས་ལས་བྱེད་ཚང་མས་རང་ཉིད་མི་མང་གི་ཞབས་ཕྱི་ཞུ་མཁན་ཡིན་པའི་བསམ་བློ་དང་པོར་འཛིན་དགོས་སྐོར་གསུངས་སོང་།

སྐབས་ ༡༧ པའི་བཀའ་ཤག་ནས་བོད་ཀྱི་མ་འོངས་འགན་སྲུང་ཞེས་པའི་ཕུགས་དམིགས་ཡིག་ཆ་ངོ་སྤྲོད་གནང་བཞིན་པ།་བོད་མིའི་རང་དབང་གི་པར།

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ།  སྐབས་ ༡༧ པའི་བཀའ་ཤག་ནས་བོད་ཀྱི་མ་འོངས་འགན་སྲུང་ཞེས་པའི་ཕུགས་དམིགས་ཡིག་ཆ་སྔ་མར་བསྐྱར་ཞིབ་ཀྱིས་ཁ་གསབ་སྣོན་འཕྲི་ཇི་བྱུང་རྣམས་ལས་བྱེད་ཡོངས་ལ་ངོ་སྤྲོད་ཀྱི་མཛད་རིམ་ཞིག་འཚོགས་སོང་། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། དེ་རིང་ནི་བཀའ་ཤག་སྐབས་བཅུ་བདུན་པ་ཡར་ཕེབས་ནས་ལས་བྱེད་ཚོ་དང་ལྷན་དུ་འཛོམས་པ་ཐོག་མ་ཆགས་ཡོད། ང་ཚོ་འདིར་ཚོགས་ཁང་དུ་ཡོད་པ་དང་དྲ་ཐོག་ནས་གསན་མཁན་ཚང་མ་ལས་དབང་གིས་ཁོར་ཡུག་གཅིག་གི་ནང་ལས་ཀ་བྱེད་པའི་གོ་སྐབས་བྱུང་བ་རེད། ང་ཚོའི་ངོས་ནས་གོ་སྐབས་འདི་ཆུད་ཟོས་སུ་མ་བཏང་བར་གང་ཐུབ་ཅི་ཐུབ་ཀྱིས་ནུས་པ་སྤུངས་ཏེ་བོད་སྤྱི་པའི་རྩ་དོན་འགྲུབ་པར་འབད་འབུངས་བྱེད་པའི་དམ་བཅའ་བརྟན་པོ་ཡིན།

ང་ཚོ་མི་མང་གིས་བདམས་པའི་སྲིད་སྐྱོང་དང་གྲོས་ཚོགས་བརྒྱུད་ནས་བདམས་པའི་བཀའ་བློན་རྣམ་པ། དེ་བཞིན། འཛིན་སྐྱོང་གི་ལས་བྱེད་རྣམ་པ་ཚང་མའི་བསམ་བློའི་ནང་ཐོག་མར་ང་ཚོ་ཚང་མ་མི་མང་གི་ཞབས་ཕྱི་སྒྲུབ་མཁན་ཡིན་བསམ་པའི་བསམ་བློ་དེ་དང་པོ་དགོས་ཀྱི་འདུག ཞབས་ཕྱི་ཞུ་མཁན་ཡིན་པའི་བསམ་བློ་དེ་ཡོད་པ་ན། ཞབས་ཕྱི་ཞུ་ཡུལ་དེར་གུས་བརྩི་དང་ལྡན་པའི་ཐོག་ནས་ཞབས་ཕྱི་ཞུ་ཐུབ་པའི་གནས་སྟངས་ཡོང་གི་རེད། རང་ཉིད་དཔོན་པོ་ཡིན་བསམ་པའི་ཐོག་ནས་ལས་ཀ་བྱས་པ་ཡིན་ན། རང་བཞིན་གྱིས་དེར་དོ་ཕོག་འགྲོ་བའི་གཞི་ཞིག་ཆགས་བསྡད་ཡོད།

གཞུང་ཞབས་པ་ཡིན་པའི་ཆ་ནས་ལས་འགན་བཀོད་སྒྲིག་གང་དུའང་ཡོང་གི་རེད། དེར་བརྟེན། རང་ཉིད་གང་དུ་བཀོད་སྒྲིག་བྱས་པའི་ལས་འགན་དེ་བསྒྲུབ་དགོས་བསམ་པའི་ཐོག་ནས་ནུས་པ་སྤུངས་དགོས་པ་ལས། གནས་སྤོར་བཏང་བའི་རྒྱུ་མཚན་ལ་བརྟེན་ནས་འཁོན་འཛིན་བཟུང་སྟེ་ལས་དོན་འཐུས་ཤོར་བཏང་བ་ཡིན་ན། དེས་སྤྱི་པ་ལ་གནོད་ཀྱི་ཡོད། ཅེས་གསུངས་སོང་།

དེའི་རྗེས་སྲིད་སྐྱོང་མཆོག་གིས་བོད་ཀྱི་མ་འོངས་འགན་སྲུང་། ཕྱི་ལོ་ ༢༠༢༦ ནས་ ༢༠༣༡ བར་གྱི་ཕུགས་དམིགས་ཡིག་ཆ་ཞེས་པ་ངོ་སྤྲོད་གནང་སོང་། ཕུགས་དམིགས་ཡིག་ཆ་དེར་ལེའུ་གསུམ་དང་ཤོག་ངོས་ཁྱོན་ ༣༠ འདུག་ཅིང་། ལེའུ་དང་པོ་བོད་དོན་བདེན་མཐའ་གསལ་ཐབས་ཞེས་པའི་ནང་གཏན་འཇགས་ཐབས་བྱུས་ཚོགས་ཆུང་ཚགས་ཚུད་དང་རྒྱ་རིགས་ལ་འབྲེལ་བ་དང་། རྒྱ་དམར་གཞུང་གི་གནོད་འཚེ་ཕོག་མཁན་སྡེ་ཁག་ལ་འབྲེལ་འཛུགས། བོད་ཀྱི་ལོ་རྒྱུས་གནས་བབ་ངེས་བརྟན་བཟོ་ཐབས། ༧རྒྱལ་བའི་ཡང་སྲིད་སྐོར་གྱི་རྒྱ་དམར་གཞུང་གི་གཡོལ་བྱུས་ལ་གདོང་ལེན་བྱེད་ཕྱོགས་སོགས་འདུག ལེའུ་གཉིས་པ་བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་དོན་ཞེས་པའི་ནང་སྤྱི་ཚོགས་གོང་བུ་ཆིག་དྲིལ་དང་། བོད་མིའི་ངོ་བོ་སྲུང་སྐྱོབ་དང་འཚོ་གནས་གོང་སྤེལ། བོད་ཀྱི་ཤེས་ཡོན་དང་སྐད་ཡིག་དར་སྤེལ་སོགས་འདུག་ལ། དེ་བཞིན། ལེའུ་གསུམ་པ་བོད་མིའི་སྒྲིག་འཛུགས་ཀྱི་ནུས་ཤུགས་གོང་སྤེལ་ཞེས་པར་ལག་གཞི་ཁག་འཆར་འགོད་དང་ལག་བསྟར་མཇུག་སྐྱོང་། སྒྲིག་འཛུགས་ནུས་སྟོབས་གོང་སྤེལ། ལས་བྱེད་པའི་ནུས་རྩལ་མཐོར་འདེགས་བཅས་འདུག

བོད་ཀྱི་མ་འོངས་འགན་སྲུང་ཞེས་པའི་ཕུགས་དམིགས་ཡིག་ཆ་ངོ་སྤྲོད་དང་སྦྲགས། བོད་མིའི་སྒྲིག་འཛུགས་ནས་རང་དབང་མང་གཙོའི་ཡུལ་ལུང་ཁག་གི་སྲིད་གཞུང་དང་གྲོས་ཚོགས། བློ་འདོན་ལྟེ་གནས་ཁང་། གསར་འགྱུར་བརྒྱུད་ལམ་ཁག་ལ་གཞེན་སྐུལ་དོན་ཚན་བརྒྱད་ཞུས་འདུག

དང་བོ། བོད་རྒྱའི་རྩོད་རྙོག་གི་ངོ་བོ་ནི་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་མ་ཡིན་པར། ཐག་ཆོད་མེད་པའི་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་གནད་དོན་ཞིག་ཡིན་པར་ངོས་འཛིན་ཡོང་བ།

གཉིས་པ། སྔོན་འགྲོའི་ཆ་རྐྱེན་མེད་པར་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱ་ཞི་མོལ་ཡོང་བར་རྒྱབ་སྐྱོར།

གསུམ་པ།  རྒྱ་དམར་གཞུང་གི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ལ་འགོག་རྒོལ།

བཞི་བ། མ་འོངས་༸རྒྱལ་བའི་ཡང་སྲིད་ཐོག་རྒྱ་དམར་གཞུང་གིས་ཆབ་སྲིད་ཀྱི་ངན་བྱུས་གཤོམ་བཞིན་པའི་གནད་དོན་ཐེར་འདོན་དང༌། ངོས་ལེན་བྱེད་ཐལ་མི་ཡོང་བ།

ལྔ་པ། མ་འོངས་༸རྒྱལ་བའི་ཡང་སྲིད་ཐད་རྒྱ་དམར་གཞུང་གིས་བསྐོ་གཞག་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་དང༌། དེ་མཚུངས་བོད་ནང་གི་བླ་སྤྲུལ་གཞན་བེད་སྤྱོད་ལོག་པར་གཏོང་སྲིད་པར་གདོང་ལེན།

དྲུག་པ། ཀུན་གཟིགས་༧པཎ་ཆེན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་མཆོག་གིས་ གཙོས་པའི་ཆབ་སྲིད་བཙོན་པ་རྣམས་རང་དབང་ཐོབ་ཐབས།

བདུན་པ། བོད་མི་རྣམས་རྒྱ་ནག་སྲིད་གཞུང་གི་མནར་གཅོད་འོག་ནས་གནོད་འཚེ་ཕོག་མཁན་ཁོ་ན་ཙམ་ཞིག་མ་ཡིན་པར། རྒྱ་ནག་བཟང་ཕྱོགས་སུ་འགྱུར་བ་གཏོང་བར་རོགས་ཟླ་བྱེད་མཁན་ཞིག་ཡིན་པར་ངོས་འཛིན་ཡོང་བ།

བརྒྱད་པ། འཛུགས་སྐྲུན་ལ་བསྙད་པའི་ཁོར་ཡུག་གཏོར་བཤིག་གི་བྱ་སྤྱོད་འགོག་སྡོམ་བཅས་ལ་གྲོས་ཆོད་དང༌། བསྒྲགས་གཏམ། དཔྱད་ཞིབ་དང་། གནས་ཚུལ་ཁྱབ་སྤེལ་བཅས་ཀྱི་ལམ་ནས་བདེན་པའི་རྒྱབ་ལངས་མུ་མཐུད་ཡོང་བའི་གཞེན་སྐུལ་དང་། དེ་བཞིན་བོད་མི་ཚོས་སྐབས་སོ་སོར་བདེན་པའི་ཞུ་སྐུལ་ནམ་ཞུས་ལ་དེ་བསྟུན་གྱི་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུ་བཞིན་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

དབྱིན་ཇིའི་རྩོམ་པ་པོ་ཨེམ་ཇོན་ཧེ་རི་སོན་ལ་ཕྱི་ལོ་ ༢༠༢༦ ལོའི་བྷུ་ཁུར་རྩོམ་རིག་གཟེངས་རྟགས་ཐོབ།

ཆུ་ཚོད་ ༢ སྔོན་ལ།
ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་ཞིག་འཚོག་མུས་ཡིན་འདུག པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༡༡།༩
Mobile App

དུས་རབས་ ༡༣ ནས་ ༡༤ བར་གྱི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་ཚོགས་འདུ་ཞིག་དབུ་བཙུགས།

ཆུ་ཚོད་ ༢༡ སྔོན་ལ།
(L-R) Dylan Douglas, Michael Douglas and Carys Zeta Douglas attend the Tibet House US Art of Freedom Gala 2026 in New York City. (Photo by Noam Galai/Getty Images for Tibet House US) (Getty Images for Tibet House US)
Mobile App

ཨ་རིའི་བོད་ཁང་གི་ཕྱི་ལོ་ ༢༠༢༦ ལོའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་དེ་གློག་བརྙན་འཁྲབ་སྟོན་པ་ཞིག་ལ་ཕུལ།

ཆུ་ཚོད་ ༢༢ སྔོན་ལ།
པར་དྲ་ལམ་ནས་བླངས།
Mobile App

བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས།

༢༠༢༦/༡༡/༠༧
རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༡༡།༧
Mobile App

རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ།

༢༠༢༦/༡༡/༠༧
Screenshot
Front Slider

འབུམ་རམས་པ་འཇམ་དབྱངས་དོན་གྲུབ་ལགས་དང་ལྷན་དུ་ཁོང་གི་སློབ་ཐོན་དཔྱད་རྩོམ་སྐོར་གླེང་མོལ།

༢༠༢༦/༡༡/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese