མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མདོ་དབུས་མཐོ་སྒང་ལ་ཚ་རླབས་འཕྱུར་བའི་ཟིན་ཐོ།

བོད་ཀྱི་དུས་བབ།
༢༠༠༩/༡༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་ཧྲིལ་བོའི་གནམ་གཤིས་ལ་འགྱུར་ལྡོག་འགྲོ་བ་དང་བསྟུན་ཏེ། སའི་གོ་ལའི་སྣེ་མོ་གསུམ་པ་བོད་ཡུལ་མདོ་དབུས་མཐོ་སྒང་གི་ཚ་དྲོད་འཕར་ཏེ། སྔོན་མའི་གངས་ཀྱི་ར་བ་གཡའ་བྲག་གི་ར་བར་གྱུར་ཞིང་། མཚོ་དང་མཚེའུ་གྲམ་པར་གྱུར། རྩྭ་ཐང་དང་སྤང་ལྗོངས་བྱེ་ཐང་དུ་འགྱུར་བཞིན་པའི་ཛ་དྲག་གཉན་འཕྲང་གི་གནས་བབ་དེར་བཙན་བྱོལ་བོད་མི་ཚོས་ཟིན་ཐོར་བཏབས་ཏེ་རྒྱལ་སྤྱིར་སྒྲོག་གིན་ཡོད།

 

ཟླ་འདིའི་ཚེས་ཉིན་བོད་གཞུང་ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱིས་བོད་ནང་གི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་སྙན་ཐོ་ཞིག་འགྲེམས་སྤེལ་བྱས་ཡོད་ལ། དེ་ནི་ཕྱི་ཚེས་ ༧ ནས་མགོ་འཛུགས་ཀྱིས་ཌན་མག་གི་རྒྱལ་ས་ཁོ་པེན་ཧ་གྷན་དུ་གནམ་གཤིས་འགྱུར་ལྡོག་སྐོར་ལ་འཚོགས་བཞིན་པའི་རྒྱལ་སྤྱིའི་ཚོགས་ཆེན་དེ་དང་བསྟུན་ཏེ། འཛམ་གླིང་གི་སྣེ་མོ་གསུམ་པར་འབོད་པའི་བོད་ནང་གི་དྲོད་ཚད་རྒྱས་པ་དང་གནམ་གཤིས་འགྱུར་བ། ཁོར་ཡུག་ཉམ་ཆགས་བཅས་ལ་ཞིབ་འཇུག་བྱས་པའི་དངོས་ཡོད་གནས་སྟངས་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྟོན་ཆེད་ཡིན་འདུག ཌན་མག་ནང་ཚོགས་བཞིན་པའི་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་དེ་ནི་ཟླ་འདིའི་ཚེས་ ༧ ནས་ ༡༨ བར་འཚོགས་ཀྱིན་ཡོད་པ་དང་། ཚོགས་ཆེན་དེའི་སྟེང་ཕྱི་ལོ་ ༡༠༡༢ ནས་ ༢༠༢༠ བར་གནམ་གཤིས་འགྱུར་ལྡོག་ཐད་ཐུན་མོང་གི་གྲོས་ཆོད་ཅིག་འཇོག་འཆར་ཡོད་འདུག

 

ཕྱི་ཚེས་ ༡༦ ཉིན་འདི་གའི་གསར་འགོད་པ་ཕྱི་དྲིལ་ཁོར་ཡུག་སྡེ་ཚན་དུ་བཅར་ཏེ། ཉམས་ཞིབ་པ་དོན་འགྲུབ་སྒྲོལ་མ་ལགས་སུ་ཉེ་ཆར་འགྲེམས་སྤེལ་བྱས་པའི་སྙན་ཐོ་དེ་དང་འབྲེལ་ཏེ་འཛམ་གླིང་སྤྱིའི་གནམ་གཤིས་འགྱུར་ལྡོག་སྐོར་དང་། བོད་ནང་གི་དྲོད་ཚད་བཅས་ཀྱི་སྐོར་ལ་བཅར་འདྲི་ཞུས་སྐབས། ཐོག་མར་ཁོང་མོས་སྙན་ཐོ་དེའི་སྐོར་སྤྱི་ཡོངས་ནས་ངོ་སྤྲོད་གནང་དོན། བོད་ནང་གི་གནམ་གཤིས་སྐོར་གྱི་སྙན་ཐོ་དེ་དབྱིན་ཡིག་ནང་བྲིས་ཡོད། མ་འོངས་པར་བོད་ཡིག་ལ་བསྒྱུར་རྒྱུའི་འཆར་གཞི་ཡོད། བོད་གཞུང་ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱིས་ལོ་ ༢ རིང་ཉམས་ཞིབ་བྱས་ཏེ། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་སྒྲིག་འོག ཌན་མག་གི་རྒྱལ་ས་ཁོ་པེན་ཧ་གྷན་དུ་གནམ་གཤིས་འགྱུར་ལྡོག་སྐོར་ལ་རྒྱལ་སྤྱིའི་ཚོགས་ཆེན་ཞིག་འཚོགས་ཀྱིན་ཡོད་པའི་གོ་སྐབས་དང་བསྟུན་ཏེ་འགྲེམས་སྤེལ་བྱས་པ་རེད། ཅེས་བརྗོད་བྱུང་།

 

དོན་འགྲུབ་སྒྲོལ་མས་སྙན་ཐོ་དེའི་དགོས་དམིགས་སྐོར་བརྗོད་དོན། ད་ཆར་བོད་ནང་གི་གནམ་གཤིས་དྲོད་ཚད་ནི་ལོ་རེ་ནས་ལོ་རེར་ཧ་ཅང་ཉེན་ཚབས་ཅན་དུ་འགྱུར་བཞིན་ཡོད། འཛམ་གླིང་སྤྱིའི་དྲོད་ཚད་ ༠ ,༠༣ དང་བོད་ནང་གི་དྲོད་ཚད་ ༠ , ༣ ཙམ་ལ་འཕར་ཡོད་སྟབས། ཛ་དྲག་གི་གནས་སྟངས་དེ་རྒྱལ་སྤྱིའི་སྡིངས་ཆར་བསྐྱལ་རྒྱུ་དང་། གནམ་གཤིས་ལ་དོ་སྣང་ཡོད་མཁན་སུ་ཡིན་རུང་ཞིབ་འཇུག་གི་གཞི་རྩ་ཡོད་པ་ཞིག་ལ་བསམ་བློ་བཏང་བ་ཡིན། དེ་བཞིན། བཙན་བྱོལ་ནང་གི་གཞོན་སྐྱེས་ཚོས་བོད་ཀྱི་ཁོར་ཡུག་ལ་མཁྱེན་རྟོགས་དེ་ཙམ་མེད་སྟབས། ཁོང་ཚོར་བོད་ཀྱི་ཁོར་ཡུག་ལ་སེམས་འཚབ་ཀྱང་དེ་ཙམ་ཡོད་པ་མ་རེད། ཁོང་ཚོར་སྐུལ་སློང་དང་བོད་ཀྱི་ཁོར་ཡུག་སྐོར་ལ་གོ་རྟོགས་སྤེལ་ཆེད་བཅས་ཡིན་ལ། ལྷག་པར་དུ་རྒྱ་གར་མི་མང་ལ་བོད་ཀྱི་ཁོར་ཡུག་དང་གནམ་གཤིས་སྲུང་སྐྱོབ་ཀྱི་གལ་ཆེའི་རང་བཞིན་ངོ་སྤྲོད་བྱ་ཆེད་ཡིན་ཟེར།

 

ཁོ་མོས་སྙན་ཐོའི་ནང་དོན་སྐོར་བརྗོད་དོན། དེབ་འདིའི་ནང་དོན་ཁག་ ༣ ཙམ་ལ་བགོས་ཡོད། ལེའུ་དང་པོར། བོད་ནང་འཁྱགས་རོམ་མང་བ་དང་ཆུ་བོ་ཆེན་པོ་དག་གི་འབྱུང་ཁུངས་ཡིན་པ། ནགས་ཚལ་དང་རྩྭ་ཐང་ཆེན་པོ་མང་བ་བཅས་ཀྱིས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ལ་ཞབས་ཞུའི་ནུས་པ་འཐོན་གྱིན་ཡོད་སྟབས། མདོ་དབུས་མཐོ་སྒང་དེ་འཛམ་གླིང་ཁྱོན་ཡོངས་ལ་གལ་ཆེན་ཡིན་ཚུལ། ལེའུ་གཉིས་པར། རྒྱ་ནག་གིས་དུག་རླངས་དང་སོལ་རླུང་། དུ་བ་སོགས་ཕོན་ཆེན་བར་སྣང་ལ་བཏང་བའི་རྐྱེན་གྱིས་བོད་མཐའ་ཁོར་གྱི་གངས་འཁྱགས་ཞུ་སྟེ། འཛམ་གླིང་སྤྱིའི་གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད་པ་དང་། བྱེ་བྲག་བོད་ནང་གི་མཚོ་དང་མཚེའུ་བསྐམས་པ། རྒྱུག་ཆུ་ཆད་པ། རྩྭ་ཐང་དང་སྤང་ལྗོངས་བྱེ་ཐང་དུ་འགྱུར་གྱིན་ཡོད་པའི་སྐོར། ལེའུ་གསུམ་པར། སྤྱིར་འཛམ་གླིང་གི་ཁོར་ཡུག་ལ་འགྱུར་ལྡོག་མང་པོ་ཞིག་འགྲོ་བཞིན་ཡོད་ཀྱང་། དེ་ལ་རང་བྱུང་གི་འགྱུར་བ་ཞིག་དང་། མིས་བཟོས་པའི་འགྱུར་བ་བཅས་གཉིས་ཡོད་ལ། མིས་བཟོས་པའི་འགྱུར་བ་དེར་ཡང་མི་སྒེར་སོ་སོའི་བྱས་ཉེས་ཀྱིས་འགྱུར་བ་དང་། རྒྱལ་ཁབ་གཞུང་གི་སྲིད་བྱུས་ཀྱིས་འགྱུར་བ་སོགས་ལ་ངོས་འཛིན་སྟངས། མཇུག་ཏུ་དཀའ་ངལ་དེ་དག་འགོག་ཐབས་ཀྱི་དགོངས་འཆར་ཁ་ཤས་བཅས་བཀོད་ཡོད་ཅེས་ངོ་སྤྲོད་གནང་བྱུང་།

 

ཡང་གསར་འགོད་པས་སྙན་ཐོ་དེའི་ནང་གི་རྒྱུ་ཆ་ཇི་ལྟར་འཚོལ་བསྡུ་བྱས་སྐོར་དྲིས་པར། དེབ་འདིའི་ནང་གི་རྒྱུ་ཆ་དག་ནི། རྒྱ་ནག་ནང་ཁུལ་གྱི་ཚན་རིག་པ་དང་གནམ་གཤིས་ཉམས་ཞིབ་པ་དག་གི་ཆེད་རྩོམ་དང་། ཕྱི་རྒྱལ་ཁག་ནས་བོད་ཀྱི་ཁོར་ཡུག་དང་འཁྱགས་རོམ། གནམ་གཤིས་བཅས་ལ་ཞིབ་འཇུག་བྱས་པའི་སྙན་ཐོ། ལྷག་པར་དུ་བོད་པའི་ཁྱིམ་མཚེས་རྒྱ་གར་གྱིས་འབྱུང་འགྱུར་གྱི་འཇིགས་དངངས་ལ་བསམ་བློ་བཏང་སྟེ། བོད་པའི་གནམ་གཤིས་ལ་ཞིབ་ཚགས་ཀྱིས་ཞིབ་འཇུག་བྱས་པའི་ཡིག་ཆ་ཁག བོད་ཡུལ་མདོ་དབུས་ཁམས་གསུམ་དང་། བོད་པའི་འབྲོག་ཁུལ་ནས་ཕེབས་པའི་གསར་འབྱོར་བ་དག་ལ་སྐད་ཆ་བྲིས་པ། ང་ཚོ་སྒེར་གྱི་གྲོགས་པོ་གྲོགས་མོ་ཕྱི་རྒྱལ་གྱི་སློབ་གྲྭ་ཆེན་མོ་བ་དེ་འདྲ་བོད་ནང་བསྐྱོད་དེ། ཁོར་ཡུག་སྐོར་ལ་ཞིབ་འཇུག་བྱས་པའི་ཡིག་ཆ་གལ་ཆེན་འགའ་རེ་བཅས་ཡོད་ཟེར།

 

བོད་ནང་གི་ཁོར་ཡུག་ལ་ཞིབ་འཇུག་གི་གོ་རིམ་ཁྲོད། ཆེས་ཉེན་ཚབས་དང་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་གང་དག་ཆགས་ཡོད་སྐོར་དྲིས་པར་ཁོ་མོས་ཧ་ཅང་གཟབ་ནན་གྱིས་བརྗོད་དོན། སྤྱིར་འཛམ་གླིང་ཧྲིལ་བོའི་འཁྱགས་རོམ་ཇེ་ཉུང་དུ་འགྲོ་བཞིན་ཡོད་ཀྱང་། བོད་ནང་གི་འཁྱགས་རོམ་ཞུ་ཚད་དེ་གཞན་ལས་མགྱོགས་ཤིང་། ད་བར་གངས་འཁྱགས་ཀྱི་བརྒྱ་ཆ་ ༥༠ ཙམ་ཞུས་ཚར་འདུག བོད་ནང་འཁྱགས་རོམ་གྲངས་ ༤༦༠༠༠ ཙམ་ཡོད། ལོ་རེར་བརྒྱ་ཆ་ ༧ ཙམ་ཞུ་བཞིན་འདུག མ་འོངས་པར་གནམ་གཤིས་དྲོད་ཚད་མར་གཅོག་མ་ཐུབ་ན། ཕྱི་ལོ་ ༢༠༣༥ ཙམ་ལ་བོད་ནང་གི་གངས་འཁྱགས་བརྒྱ་ཆ་ ༨༠ ཙམ་མེད་པ་ཆགས་རྒྱུར་ཚོད་དཔག་བྱེད་ཀྱིན་ཡོད། གནམ་གཤིས་འགྱུར་ལྡོག་གི་རྐྱེན་གྱིས་བོད་ནང་གནས་སྐབས་དྲག་ཆར་འབབ་པ་དང་ཆུ་ལོག་རྒྱུག་པ། ཕུགས་སུ་ཐན་པ་ཡོང་བ་དང་རླུང་འཚུབ་གཡུག་པ། ཆུའི་དཀའ་ངལ་འཕྲད་དེ་རྩྭ་ཐང་བྱེ་ཐང་དུ་འགྱུར་བ་སོགས་ཡོང་གི་རེད། སྔོན་མ་ ༢༠༠༧ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡར་རྒྱས་ལས་གཞིའི་སྙན་ཐོ་ཞིག་བཏོན་པའི་ནང་། ལོ་རེར་བོད་ནང་གི་རྩྭ་ཐང་སྤྱི་ལེ་གྲུ་བཞི་མ་ ༢༣༠༠ ཙམ་རེ་བྱེ་ཐང་དུ་འགྱུར་བཞིན་ཡོད་ཚུལ་བསྒྲགས་ཡོད་ཟེར།  

 

སྐབས་དེར་གསར་འགོད་པས་ཌན་མག་ནང་འཚོགས་བཞིན་པའི་རྒྱལ་སྤྱིའི་ཚོགས་ཆེན་སྐོར་ལ་གླེང་མོལ་བྱས་སྐབས། དོན་འགྲུབ་སྒྲོལ་མས་ཚོགས་ཆེན་དེའི་བྱུང་རིམ་སྐོར་བརྗོད་དོན། ད་ལྟ་འགྲོ་བཞིན་པའི་ཌར་མག་གི་ཚོགས་འདུ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྐངས་པའི་ཚོགས་འདུ་གལ་ཆེ་ཤོས་ཤིག་ཆགས་ཀྱིན་ཡོད་ལ། བོད་པའི་སྐུ་ཚབ་ཚོས་བོད་ནང་གི་གནས་སྟངས་ཁྱབ་བསྒྲགས་བྱེད་སའི་སྡིངས་ཆ་གལ་ཆེན་ཞིག་ཀྱང་ཆགས་ཡོད། གང་ཡིན་ཟེར་ན། ཐེངས་འདིར་རྒྱལ་ཁབ་ ༡༩༢ ཙམ་གྱི་སྐུ་ཚབ་འཐུས་མི་དང་སྲིད་བློན། སྲིད་འཛིན་སོགས་ཕེབས་ཡོད་ལ། དེ་མིན་གཞུང་འབྲེལ་མིན་པའི་ཉམས་ཞིབ་པ་དང་ཆེད་ལས་མཁས་པའང་མང་པོ་ཕེབས་ཡོད། ཐེངས་འདི་ནི་ཚོགས་ཆེན་ཐེངས་ ༡༥ བ་དེ་རེད། སྔོན་མ་ ༡༩༩༢ ལོར་བྷར་རྫལ་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ UNFCCC  ཞེས་པ་ཚོགས་ཏེ། རྒྱལ་ཁབ་མང་པོ་ཞིག་གིས་དང་བླང་སྒོས་གནམ་གཤིས་འགྱུར་ལྡོག་ཐད་ཡིད་འཇོག་བྱ་རྒྱུ་ཁས་ལེན་བྱས་ཏེ་གྲོས་ཆོད་བཞག་ཡོད།  ༡༩༩༧ ལོར་ཉི་ཧོང་ནང་ KYOTOPROTOCOL ཞེས་པ་ཚོགས་ཏེ། རྒྱལ་ཁབ་ ༡༨༤ ཙམ་གྱིས་གནམ་གཤིས་འགྱུར་ལྡོག་ཐད་གྲོས་ཆོད་བཞག་སྟེ་མཚན་རྟགས་སྐྱོན་ཡོད་ཀྱང་། ཨ་རི་དང་ཨོ་སི་ཊོ་ལེ་ཡས་སྐབས་དེར་མཚན་རྟགས་སྐྱོན་མེད། ༢༠༠༥ ལོར་གཞི་ནས་གྲོས་ཆོད་དེ་ལག་ལེན་བསྟར་མགོ་བཙུགས་པ་རེད། ༢༠༡༢ ལོར་གྲོས་ཆོད་དེའི་དུས་ཚོད་རྫོགས་ཀྱིན་ཡོད་སྟབས། མ་འོངས་པར་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་བྱེད་ཕྱོགས་ཐད་གྲོས་བསྡུར་བྱེད་ཀྱིན་ཡོད་པ་རེད་ཅེས་ངོ་སྤྲོད་གནང་བྱུང་།

 

མཇུག་མཐར་ཁོ་མོས་གནམ་གཤིས་འགྱུར་ལྡོག་སྙོམ་སྒྲིག་གི་ལས་རིམ་ཁྲོད་ཀྱི་དཀའ་ངལ་དང་རྩོད་རྙོག་སྐོར་གླེང་དོན། ཐེངས་འདིའི་ཌན་མག་གི་ཚོགས་ཆེན་དེའི་སྟེང་དཀའ་ངལ་མང་པོ་ཞིག་ཡོད་པ་རེད། ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་དང་། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་བར་བསམ་ཚུལ་མི་མཐུན་པ་མང་པོ་ཡོང་གིན་ཡོད། ད་ཆར་བར་སྣང་དུ་སོལ་རླུང་གི་ཕོན་ཚད་ ༣༩༠ ཙམ་ཡོད་པ་རེད། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་ཁོར་ཡུག་སྲུང་སྐྱོབ་དང་རྒྱལ་ཁབ་ཡར་རྒྱས་མཉམ་དུ་འགྲོ་དགོས། བར་སྣང་གི་སོལ་རླུང་ ༤༥༠ ཙམ་འཕར་ཆོག་གི་རེད་ཟེར་གྱིན་ཡོད། ཡར་ཐོན་ཅན་གྱི་རྒྱལ་ཁབ་དག་གིས་སོལ་རླུང་ ༣༥༠ བར་མར་གཅོག་དགོས་ཟེར་གྱིན་ཡོད། དཔེར་ན། ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་གིས་སོལ་རླུང་སྔོན་འགོག་ལ་ནུས་པ་ཤུགས་ཆེན་འདོན་གྱིན་ཡོད་ཀྱང་། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་སོ་སོའི་ལུང་པའི་འཛུགས་སྐྲུན་ལ་བསམ་བློ་བཏང་སྟེ། སོལ་རླངས་སྔོན་འགོག་ལ་དེ་ཙམ་ཡ་ལན་སྤྲོད་ཀྱིན་མེད་པར་མ་ཟད། གལ་སྲིད་སོལ་རླུང་སྔོན་འགོག་བྱ་དགོས་ན་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་གིས་དཔལ་འབྱོར་གྱི་རོགས་རམ་བྱ་དགོས་ཟེར་གྱིན་ཡོད། ཅེས་བརྗོད་བྱུང་།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༩ སྔོན་ལ།
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༢༢ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

མཆན། 3

  1. སྙེ་བྲག་བསྟན་ཆོས། says:
    ལོ་ 16 སྔོན།

    དཔལ་རྒྱལ་ཀརྨ་པ་མཆོག་གི་ཐུགས་གཟི་འོད་ལས་འཕྲོས་པའི་ཁ་བ་གངས་ཅན་ལྗོངས་ཀྱི་དབུས་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་མཐའ་ཐག་ལ་བྱ་བ་ལམ་ལྷོང་དང་ཁོར་ཡུག་དྲ་རྒྱའི་སྒོ་དབྱེའི་མཛད་སྟོན་ལ་བཀྲིས་བདེ་ལེགས་ཞུ་བ་དང་ཆབ་ཅིག་ཏུ་མ་འོངས་པར་ཁོར་ཡུག་གི་ཕྱག་ལས་གང་ཞིག་གནང་ཚེ་ཕ་མེས་ཡང་མེད་ནས་གཅེས་ཤིང་སྐྱངས་པའི་ཁ་བ་གངས་ཅན་ལྗོངས་ཀྱི་རི་རྒྱལ་ལྷུན་པོ་གངས་དཀར་ཏི་སི་དང་མ་ཕམ་གཡུ་མཚོ་འདི་ཉིད་མ་རྗེས་པ་གནང་རོག་ཞུ་རྒྱུའི་འབུལ་སྐུལ་ཞུའོ།།

    Reply
  2. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 16 སྔོན།

    བོད་མཐོ་སྒང་ལ་ཚ་གྲང་འཕར་བཞིན་པ་ནི་བདེན་པ་ཡིན་ན་ཡང་།
    འདིས་གནད་དོན་རྣམས་འཚོལ་གཞིབ་བྱ་རྒྱུ་གལ་ཆེན་རེད་འདོད།
    ཨོ་བྷ་མ་ནི་ཇུས་ཏོག་མཁས་པ་འདྲ་འདུག་ན་ཡང་།
    བདེན་པའི་གནས་ལུགས་ལ་ཞན་ཆ་རེ་གླེང་དུས་་་ཧང་སང་དགོས་ཐུག་སོང་།

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    བོད་ཡུལ་སྲུང་སྐྱོབས་བྱེད་མཁན་ནི་བོད་མི་ཡིན་དུས། ཐོག་མར་དེབ་འདི་འདྲ་ཞིག་འགྲེམ་སྤེལ་བྱེད་ས་དེ་ནི་བོད་ཡིག་ནང་བྲིས་དེ་བོད་མི་དག་ལ་རང་ས་ངོ་སྤྲོད་བྱེད་སྟངས་ཐད་གོ་རྟོགས་སྤེལ་རྒྱུ་དེ་ནི་དངོས་ནས་གལ་ཆེན་ཡིན་ཡང་། བོད་གཞུང་གིས་ག་དུས་ཡིན་ཡང་ཁོར་ཡུག་གོ་རྟོགས་ཀྱི་ལས་འགུལ་སོགས་མི་ཉུང་བ་ཞིག་སྤེལ་ས་དེ་ཡང་བོད་པ་ཚོ་མིན་པ་འདྲ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese