མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལང་ཚོའི་རྦབ་ཆུ་ནི་རྐ་ཆུ་ཞིག་རེད།

བོད་ཀྱི་དུས་བབ།
༢༠༠༩/༡༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

སྒྱུ་རྩལ་རྩོམ་རིག་གི་ཧམ་སེམས་ཀྱི་ངོས་ནས་བཤད་ན། དོན་འགྲུབ་རྒྱལ་གྱི་ལང་ཚོའི་རྦབ་ཆུ་དེ་རྐ་ཆུ་ཞིག་ཏུ་ང་རང་ཉིད་ཀྱིས་ཀྱང་བསམ་གིན་ཡོད།  དེ་བས་ང་ཚོས་རྩོམ་རིག་ཟེར་པ་འདིའི་འགྱུར་མཚམས་དང་འཕེལ་འགྱུར་གྱི་ཕྱོགས་ལ་བསམ་བློ་ཞིག་ངེས་བར་དུ་གཏོང་དགོས་ཀྱི་འདུག་ཅེས་རྩོམ་པ་པོ་རས་པ་ལགས་ཀྱིས་བཤད།

ཟླ་འདིའི་ཚེས་༡༠་ཉིན་ན་གཞོན་རྩོམ་པ་པོ་གཉན་པོ་དང་བོན་རྒྱ་བསྟན་འཛིན་རབ་རྒྱས་གཉིས་ཀྱི་བཀོད་སྒྲིག་འོག་ཤེས་རབ་ཀྱི་ནམ་མཁར་ཕྱོགས་ཏེ་སྙན་ངག་གི་མཆོད་པ་འབུལ་བ་ཞེས་པའི་སྙན་ངག་གྱེར་འདོད་གྱི་འདུ་འཛོམས་ཤིག་ནོར་གླིང་མཐོ་སློབ་ནང་བསྡུས་ཡོད་པ་དང་།  ཉིན་དེར་སྙན་ངག་པ་རྣམས་ཀྱིས་ཤེས་རབ་ཀྱི་ནམ་མཁར་ཕྱོགས་པ་ཞེས་པའི་ཁ་བྱང་གཅིག་པའི་སྙན་ངག་བཅུ་ཕྲག་ལྷག་གིས་༸གོང་ས་མཆོག་ལ་སྙན་ངག་གི་མཆོད་པ་ཕུལ་ཞིང་དཀར་ཟས་རྐྱང་བར་རོལ་ཏེ་ཞི་བདེའི་དུས་དྲན་ཐེངས་ཉི་ཤུ་བ་དེ་རྣམ་པ་མི་འདྲ་བ་ཞིག་སྲུང་གཙི་བྱས་ཡོད་འདུག  སྐབས་དེར་སྙན་ངག་པ་བེ་རུ་འཇིགས་མེད་དང་། རྨོག་རུ་བསྟན་པ།  ཨ་འཇམ། རས་པ། ན་རོ། སྤྲིན་དཀར།  གཉན་མདང་ཕོ་ཉ། མེ་འོད། ཉི་ཟེར། ནོར་གླིང་མཐོ་སློབ་ཀྱི་བོན་རྒྱ་བློ་བཟང་བཀྲ་ཤིས་དང་རྫ་སྲས་བདེ་ཆེན། ཤེས་རབ་དགའ་ཚལ་གླིང་གི་སློབ་ཕྲུག་འབྲུག་འབུམ་དང་རྨོག་རུ་ཤེས་རབ་རྡོ་རྗེ་སོགས་སྙན་ངག་པ་བཅོ་ལྔ་ཙམ་འདུ་འཛོམས་ཀྱིས་རང་རང་གི་རྩོམ་རིག་ཐད་ཀྱི་ལྟ་ཚལ་བརྗོད་ཡོད་པ་རེད།  ཉིན་དེར་སྙན་ངག་པ་ཨ་འཇམ་ལགས་ཀྱིས་ང་ཚོས་ང་ཚོ་ཆབ་སྲིད་སྐྱབས་བཅོལ་བ་ཞིག་ཡིན་ཞེས་པའི་བསམ་བློ་དེ་ཁུར་ནས་སྙན་ངག་ཟེར་དུས་སྟོང་བསམ་དང་འཁྲུལ་སྣང་རྐྱང་བ་བཤད་ཀྱིན་འདུག་སྙམ་པའི་བསམ་ཚུལ་ཁུར་ནས་སྙན་ངག་གི་ཤུགས་རྐྱེན་མ་ཐུབ་པ་དང་།  སྙན་ངག་གི་ཁོར་ཡུགམེད་སོང་བས་ལས། ང་ཚོའི་བསམ་པའི་ནང་ལ་སྒྱུ་རྩལ་གྱི་སེམས་ཁམས་མེད་སོང་བ་མ་རེད། ང་ཚོའི་སྒྱུ་རྩལ་གྱི་སེམས་ཁམས་དེ་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་ལ་བརྟེན་ནས་བརླགས་ཀྱིན་འདུག་སྙམ་པའི་སེམས་ཁྲལ་ཆེན་པོ་ཡོང་གི་འདུག  ང་ཚོ་བཙན་བྱོལ་ལ་མཚོན་ན།  སྔོན་མ་བོད་མིའི་རང་དབང་དང་ཤེས་བྱ་དུས་དེབ་ནང་ནའང་སྙན་ངག་ཏོག་ཙམ་ཏོག་ཙམ་འཁོད་ཡོང་གི་ཡོད་པ་རེད། རིམ་གྱིས་རིམ་གྱིས་མེད་པ་ཆགས་སོང་།  འདི་ལྟར་ང་ཚོ་སྙན་ངག་གི་ཁོར་ཡུག་དེ་ཆུང་ངུར་ཕྱིན་ནས་རྦད་དེ་མེད་པ་པ་ཆགས་མི་ཡོང་ངམ་དེ་འདྲ་ཞིག་མཐོང་གི་འདུག

ང་ཚོ་ལ་དུས་དེབ་དང་ཚགས་པར་མང་པོ་སླེབས་ཀྱིན་ཡོད་པ་རེད། ་ཡིན་ནའང་།  ཐུན་མོང་གི་ཁོར་ཡུག་ཅིག་ཆགས་ཐུབ་ཀྱི་མི་འདུག  དེའི་དཀའ་ངལ་ག་རེ་རེད།  དགོན་པ་ཞིག་ནས་དཔར་ན་དགོན་པ་རང་དང་། ་སློབ་གྲྭ་ཞིག་ནས་དཔར་ན་སློབ་གྲྭ་རང་ནས་བཏོན་གྱིན་ཡོད་པ་རེད།  བོད་ནང་ལའང་དེ་འདྲཡོད་པ་རེད། ཡིན་ནའང་།  དགོན་པ་ནས་བཏོན་ན། ཐ་ན་གྲོང་པ་མི་ཚང་ཞིག་གིས་བཏོན་དེ་སྤྱི་ཚོགས་ལ་ཁ་གཏད་ནས་སྤྱི་ཚོགས་སྟེང་གི་རྩོམ་པ་པོ་ཚང་མ་མཉམ་གཅིག་ཏུ་བསྡུས་ཏེ་ཁོ་རང་སྒེར་ལ་ལེ་ཚན་རེ་བཟོས་ནས་ཐུན་མོང་གི་རྩེད་ར་རེ་ཡོད་ན་ཡག་པོ་འདུག་སྙམ། ང་ཚོ་སྤྱི་ཚོགས་དང་སློབ་གྲྭའི་ཁོར་ཡུག་འབྲེལ་མཐུད་རྒྱག་མ་ཐུབ་པར་ང་ཚོར་ཐུན་མོང་གི་ཁོར་ཡུག་ཅིག་གྲུབ་མ་ཐུབ་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་འདྲ།

ཡང་ང་ཚོས་ཆབ་སྲིད་སྙན་ངག་མ་འབྲི་ཞེས་པ་ནི་སྤྱི་ཚོགས་ཀྱི་ཆབ་སྲིད་གནོད་ཤུགས་ལ་གདོང་ལེན་གྱི་སྙན་ངག་མ་འབྲི་ཟེར་གྱིན་ཡོད་པ་མ་རེད།  ཆབ་སྲིད་ཟེར་བ་མི་ཞིག་ལ་མགོ་སྐོར་བཏང་ནས་སྐྱིད་པོ་བཤད་དེ་སོ་སོའི་བསམ་བློའི་ཚོར་བ་མེད་པ་དང་།  ཕར་ཕྱོགས་ངོ་སྲུང་ཁོ་ནའི་ཆེད་དུ་འབྲི་བ་དེ་དེ་ཆབ་སྲིད་སྙན་ངག་རེད། དེ་མ་འབྲི་ཟེར་གྱིན་ཡོད་པ་རེད།  ང་ཚོས་སྙན་ངག་བྲིས་ན་སྤྱི་ཚོགས་ལ་ནུས་པ་མི་ཐོན་པ་དེ་འདྲ་མ་རེད། བཀྲ་ཤིས་དོན་འགྲུབ་ཀྱི་ཉིས་སྟོང་བརྒྱད་ལྟ་བུའི་གཞས་པ་མང་པོ་ཞིག་ཐོན་ཡོད་པ་རེད་དེ། བོད་ནང་གི་གདོང་དམར་བ་དང་། ཁྲག་ཡིག་དང་། ཚེ་རིང་འོད་ཟེར་གྱི་བོད་ལྗོངས་ཟིན་ཐོ། གཉན་གྱི་ཁྲག་རྩའི་སྦུབས་སུ་འཚང་བའི་ཞེ་སྡང་ལྟ་བུ་སྤྱི་ཚོགས་ལ་འགུལ་སྐྱོད་ཆེན་པོ་ཐེབས་མཁན་ཡོད་པ་རེད། དེའི་ཕྱིར་ངས་སྙན་ངག་དེ་གལ་ཆེན་ཞིག་ལ་མཐོང་བསྡད་ཡོད། ཡིན་ནའང་། ང་ཚོས་སྤྱི་ཚོགས་ལ་ཤུགས་རྐྱེན་སྤྲད་མ་སྤྲད་ལ་རག་ལས་ཡོད་པ་རེད། ཅེས་དང་གཉན་པོ་ལགས་ཀྱིས་དེ་རིང་ང་ལ་མཚོན་ན་དོན་ཚན་ནམ་དམིགས་ཡུལ་གསུམ་གྱི་སྟེང་བསམ་ཚུལ་བཤད་འདོད་བྱུང་།       དང་བོ་ནི་ཕྱི་ཕྱོགས་ཀྱི་ང་ཚོ་རྩོམ་རིག་ལ་འཇུག་སྟངས་དང་ང་ཚོའི་རྩོམ་རིག་གི་ཁ་ཕྱོགས་གང་འདྲ་ཞིག་གི་སྟེང་དུ་འགྲོ་མིན་དེ་ཡིན།ཕྱི་ཕྱོགས་ལ་མཚོན་ན་རྩོམ་ཡིག་འབྲི་མཁན་ནི་མང་བོ་ཞིག་ཡོད་ཀྱི་རེད་དེ་འཕེལ་རྒྱས་དང་སྤུས་ཀའི་ཆ་ནས་ཡིད་ཚིམ་པ་ཞིག་ཁྱོན་ནས་རེད་མི་འདུག   ཤེས་ཡོན་པ་འམ་ཤེས་ཡོན་གྱི་ལས་རིགས་གཉེར་མཁན་དག་གིས་ང་ཚོའི་ཕྱི་ཕྱོགས་ཀྱི་རྩོམ་རིག་གི་གནས་བབ་དང་ཁ་ཕྱོགས་འདི་ཇི་ལྟར་བྱས་ཏེ་གོང་འཕེལ་དུ་གཏོང་བར་བསམ་བློ་གཏོང་དགོས་ཀྱི་འདུག   སྲོལ་རྒྱུན་རྩོམ་རིག་དང་དེང་རབས་སྙན་ངག་ལྟ་བུ་གང་ཡིན་ཡང་སྤུས་ཀ་དང་ཚད་གཞི་ཅན་ཞིག་ཨེ་འཁྱོངས་ལ་འབད་དགོས་ཀྱི་འདུག

གཉིས་པ་ནི་ཤེས་ཡོན་པའི་སྡེ་འམ་རྩོམ་པ་པོ་དག་གི་ངོས་ནས་རང་གི་སྤྱི་ཚོགས་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་དགོས་ཀྱི་འདུག  ཤུགས་རྐྱེན་ཐེབས་ཚད་ཇེ་མགྱོགས་སུ་ཇི་ལྟར་བྱས་ནས་གཏོང་དགོས་ཀྱི་འདུག  ཤེས་ཡོན་པའི་ཤུགས་རྐྱེན་མ་ཐེབས་པའི་སྤྱི་ཚོགས་དེ་ལ་ཡར་རྒྱས་འབྱུང་ཐབས་ཧ་ཅང་དཀའ་བའི་སྐོར་སྔོན་ཆད་ཀྱང་བཤད་མྱོང་།   བསམ་བློའི་གོརྟོགས་དམའ་བའི་སྤྱི་ཚོགས་སམ་བསམ་བློའི་གོ་རྟོགས་ངེས་བར་དུ་ཡར་རྒྱས་སུ་གཏོང་དགོས་པའི་སྤྱི་ཚོགས་ཞིག་ལ་མཚོན་ན་ཤེས་ཡོན་པའི་བསམ་བློའི་ཤུགས་རྐྱེན་ཐེབས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་དྲན་གི་ཡོད།   ངས་བལྟས་ན་ད་སྐབས་ཤེས་ཡོན་པའི་སྡེ་ནས་མང་ཚོགས་ལ་ཤུགས་རྐྱེན་ཐེབས་པའི་ཚད་གཞི་སྐྱོ་བོ་རེད་བསམ་གྱིན་ཡོད།   གསུམ་པ་དེ་གང་ཡིན་ཟེར་ན་ངས་བསམ་ན་ཕྱི་ཕྱོགས་ཀྱི་སྙན་ངག་པའི་སྡེ་དང་རྩོམ་འབྲི་བ་མང་བོ་ཞིག་གི་ཁ་ཕྱོགས་མི་གསལ་བ་འམ་ཡང་ན་མེད་པའི་ཚོར་བ་ཡོང་གི་འདུག  རྩོམ་པ་པོ་རྒན་རབས་པ་དག་ལ་ཡང་ངར་ཤུགས་ཡལ་ཚར་འདུག་པ་ལྟ་བུ་དྲན་གྱི་འདུག   དེ་བས་ང་ཚོས་བོད་ནང་ཕྱོགས་སུ་ཁ་ཕྱོགས་ཏེ་ལག་ཆ་ལན་པ་དང་བསམ་བློ་བརྗེ་རེས་བྱེད་པ།   དཔེར་ན་སེམས་ཁམས་ཀྱི་ཆ་དང་རྩོམ་རིག་གི་བསམ་བློའི་བསམ་བློའི་ཆ།   རྩོམ་སྟངས་དང་མཚོན་ཐབས་སོགས་ཕྱོགས་མང་བོ་ཞིག་ བོད་ནང་ལ་མིག་དཔེར་བལྟས་ཏེ་ཕྱི་ཕྱོགས་སུ་བོད་ནང་ལོགས་ཀྱི་རྩོམ་རིག་གི་ཤུགས་རྐྱེན་ཐེབས་ཐབས་ལ་འབད་བརྩོན་ངེས་པར་དུ་བྱེད་དགོས་ཀྱི་འདུག་སྙམ།  ཞེས་དང་རས་པ་ལགས་ཀྱིས་ན་ནིང་ལོ་གསར་ཚེ་གཅིག་ཉིན་མོར་ཡང་ང་ཚོ་ཁ་ཤས་ཀྱིས་ཐུག་སྐམ་འཐུང་སྟེ་སྙན་ངག་གི་ཕྱོགས་ནས་ལྟ་ཚུལ་འདྲ་བོ་བཤད་ནས་བསྡད་པ་ཡིན།   ང་རང་གི་བསམ་པར་རྩོམ་པ་པོ་ཕན་ཚུན་ལ་འབྲེལ་འདྲིས་དང་། བརྩམས་ཆོས་བྱེ་བྲག་པ་གཅིག་གི་སྟེང་ལ་དཔྱད་བསྡུར་བྱས་ཏེ་ལེགས་པའི་ཆ་དང་མི་ལེགས་པའི་ཆ་གང་དང་ཅི་ཡོད་གསལ་འདོན་བྱས་ནས་དེ་ལ་བསམ་ཚུལ་ཚང་མས་བཤད་ན་དགེ་མཚན་ཆེ་བར་འདོད་པའི་བསམ་ཚུལ་ཞིག་དུས་རྒྱུན་ང་ལ་ཡོད། དེ་ནས་བཙན་བྱོལ་གྱི་ཁྲོད་ནས་མི་ཁ་ཤས་ཀྱིས་རྩོམ་རིག་གི་ས་མིག་མ་རྙེད་པའམ། ཡང་ན་རྩོམ་རིག་ལ་མཐོང་མེད་པ་ལྟ་བུ་བཤད་མཁན་མང་བོ་འདུག

ངས་བལྟས་ན་གལ་ཆེ་ཤོས་ཏེ་རྩོམ་པ་པོ་རང་ཉིད་ཀྱིས་རྩོམ་རིག་གི་ཁྱད་ཆོས་དངོས་དེ ་སྤྱི་ཚོགས་སྟེང་མངོན་དུ་འཇུག་མ་ཐུབ་པས་ལན་ཡོད་པར་འདོད།  དང་བོ་རང་གི་བརྩམས་ཆོས་གང་དང་གང་སྤེལ་ཡང་རྩོམ་ཡིག་རང་གི་ཁྱད་ཆོས་དེ་སྤྱི་ཚོགས་སྟེང་ཚུར་མངོན་ཐུབ་པ་ཞིག་བྱུང་བ་ཡིན་ན།  བཙན་བྱོལ་རྩོམ་རིག་གི་ཁ་ཕྱོགས་དང་ལམ་ཁ་ཡང་དག་པ་དང་ལེགས་པོ་ཞིག་ཡོང་ཐུབ་པར་འདོད། དེ་ནས་ང་རང་ལ་མཚོན་ན་རྩོམ་རིག་ཟེར་བ་དེ་བཤད་བཤད་དེ་འདུག་རྒྱུ་རྐྱང་བ་ཞིག་མ་ཡིན་པར།  རྩོམ་རིག་ལ་རྩོམ་རིག་ཁོ་རང་གི་འགྲོ་སྟངས་ཤིག་ཡོད་པས། རྩོམ་རིག་ལྗིད་ཁོག་ཅན་དང་བརྩམས་ཆོས་དོན་སྙིང་ཅན་གྱི་རྣམ་པ་ཞིག་སྐྲུན་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་འདོད།   སྔོན་མའི་དོན་འགྲུབ་རྒྱལ་གྱི་ལང་ཚོའི་རྦབ་ཆུ་ལྟ་བུར་མཚོན་ན་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བའི་སྐབས་སུ་ང་ཚོའི་འགོ་འཛུགས་ས་འདྲ་བོ་རེད། ཡིན་ན་ཡང་།  དེ་རིང་ཁ་སང་བོད་ནང་གི་རྩོམ་པ་པོ་མང་བོ་ཞིག་གིས་དོན་འགྲུབ་རྒྱལ་གྱི་ལང་ཚོའི་རྦབ་ཆུ་དེ་རྐ་ཆུ་ཞིག་རེད་ལྟ་བུ་ཟེར་གི་འདུག   གཅིག་བྱས་ན་སྐད་ཆ་འདི་དགོད་བྲོ་བ་ཞིག་ཡིན་སྲིད་མོད།   སྒྱུ་རྩལ་རྩོམ་རིག་གི་ཧམ་སེམས་ཀྱི་ངོས་ནས་བཤད་ན་དོན་འགྲུབ་རྒྱལ་གྱི་ལང་ཚོའི་རྦབ་ཆུ་དེ་རྐ་ཆུ་ཞིག་ཏུ་ང་རང་ཉིད་ཀྱིས་ཀྱང་བསམ་གིན་ཡོད།  དེ་བས་ང་ཚོས་རྩོམ་རིག་ཟེར་པ་འདིའི་འགྱུར་མཚམས་དང་འཕེལ་འགྱུར་གྱི་ཕྱོགས་ལ་བསམ་བློ་ཞིག་ངེས་བར་དུ་གཏོང་དགོས་ཀྱི་འདུག་ཅེས་དང་གཉན་མདང་ཕོ་ཉ་ལགས་ཀྱིས་སྙན་ངག་པ་ཡིན་ན་ཡང་འདྲ་ཤེས་ཡོན་ཅན་ཡིན་ན་འདྲ་ཚང་མས་འགན་རེ་ཁུར་ཏེ་སྤྱི་ཚོགས་ལ་འཇུག་རྒྱུ་གལ་ཆེན་པོ་རེད།  དཔེར་ན་བོད་ནང་ལ་མཚོན་ན་གཞས་པ་ཚོས་ཀྱང་སྤྱི་ཚོགས་ལ་འགན་ཁུར་བ་དང་ཁ་ཕྱོགས་ཏེ་སེམས་པ་སྐྱོ་དགོས་ལ་མིག་ཆུ་བཞུར་འགྲོ་བའི་གནས་སྟངས་དེ་འདྲ་འདུག  བཙན་བྱོལ་གྱི་གཞས་པ་འདི་ཚོར་དེ་འདྲ་ཅང་མཐོང་རྒྱུ་མི་འདུག   བོད་ནང་གི་དཀའ་ངལ་དེ་འདྲའི་ཐོག་ལ་ང་ཚོ་ཤེས་ཡོན་པའི་སྡེ་འམ་སྙན་ངག་པའི་ཕྱོགས་ནས་དམིགས་བསལ་གྱི་འགན་རེ་ཡོད་པར་བསམ་གྱིན་ཡོད།   དེ་རིང་ང་ཚོ་ཤེས་རབ་ཀྱི་ནམ་མཁར་ཕྱོགས་པ་ཞེས་པའི་འདུ་ཚོགས་འདི་འདྲར་མཉམ་འཛོམས་བྱུང་བར་ཧ་ཅང་དགའ་བོ་བྱུང་།  དེ་མིན་རྒན་བེ་རི་འཇིགས་མེད་ལགས་ཀྱིས་གསུངས་པ་ནང་བཞིན་མ་འོངས་པར་ཡང་འདི་འདྲ་ཚོགས་རྒྱུར་གཞི་འཛུགས་ས་འདྲ་བོ་ཡོང་ན་བསམ་གྱིན་ཡོད། དེ་ངའི་རེ་བ་ཡིན་ཞེས་སོགས་དེར་ཡོད་ཀྱི་རྩོམ་པོ་རྣམས་ཀྱིས་རང་རང་གི་ལྟ་ཚུལ་བཤད་ཡོད་པ་རེད། 
གསར་འགྱུར་མཁོ་གཏོང་བ་བོན་རྒྱ་དང་གཉན་པོ།

འབྲེལ་ཡོད་གསར་འགྱུར།

A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

སྐར་མ ༢༠ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༢ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢༣ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༢༤ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢

མཆན། 15

  1. ཚེ་རིང་སྐྱིད། says:
    ལོ་ 17 སྔོན།

    ཨ་ལེ། འོ་དེ་ལྟར་གསལ་བཤད་བྱེད་དང༌། སྤྱིར་བོད་ལ་མིང་གཅིག་པ་མང་པོ་ཡོད་པ་དང་ད་ལྟ་སྙན་ངག་པ་དེ་ཚོའི་མིང་ཡང་གཅིག་པ་ཆགས་འགྲོ་གིན་འདུག །

    Reply
  2. རས་པ། says:
    ལོ་ 17 སྔོན།

    རྨོག་རུ་ཤེས་རབ་རྡོ་རྗེ་དང་ན་རོ་ལགས་རྣམ་གཉིས་དེ་སྔ་མི་རབས་གསུམ་པའི་ཁྲོད་ཡོད་པ་དེ་དང་ཧི་གཟུགས་ཟིན་བྲིས་སུ་ཡོད་པ་གཉིས་མ་རེད་ལགས། གཟིགས་མཁན་རྣམ་པ།

    Reply
  3. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 17 སྔོན།

    རྒན་རབ་གསལ་དང་བཙན་པོ་གཉིས་ཀྱིས་བསམ་ཚུལ་འོས་སྦྱོར་གནང་བར་ཐུགས་རྗེ་ཆེ། སང་ཉིན་གྱི་བགྲོ་གླེང་ལ་ངེས་ཕེབས་ཀྱི་འབོད་སྐུལ་ཡང་མཉམ་དུ་ཞུ་རྒྱུ་ཡིན།

    Reply
  4. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 17 སྔོན།

    དྲ་གྲོགས་ཚེ་རིང་སྐྱིད་ལགས་ཀྱིས་མ་བསྐུལ་དང་བླངས་ཀྱིས་འགྲོ་གྲོན་ཞལ་བཞེས་གནང་བ་དང་། དེ་བཞིན་དྲ་གྲོགས་མང་བོ་ཞིག་གིས་བསམ་ཚུལ་རྒྱས་བཤད་གནང་བར་ཐུགས་རྗེ་ཆེ། ཉིན་དེར་སྙན་ངག་པ་བཅུ་གསུམ་གྱིས་སྙན་ངག་གྱེར་འདོན་དང་སྙན་ངག་པ་བཅུ་གཅིག་གིས་རང་རང་གིས་སྙན་ངག་དང་རྩོམ་རིག་གི་ཐད་ལ་ལྟ་ཚུལ་བཏོན་ཡོད་ལ་ངེད་བཀོད་སྒྲིག་པ་གཉིས་ཀྱིས་ཚགས་པར་ཁང་དག་ལ་ཁག་བགོས་བྱས་བཏང་ཡོད། ཚགས་པར་དག་བཀྲམ་ཚར་བ་དང་ཆ་ཚང་ཟིན་བྲིས་ནང་འགོད་རྒྱུ་ཡིན། དེ་ལྟར་ཐུགས་འཇགས་འཚལ།

    Reply
  5. དགེ་འདུན་རབ་གསལ། says:
    ལོ་ 17 སྔོན།

    ཁ་བརྡ་ནས་གཤམ་གསལ་དྲངས་པ་ཡིན།
    http://www.khabdha.org/?p=16

    སྙན་ངག་གིས་སྤྱི་ཚོགས་ལ་འགན་ཅི་ཞིག་ཁུར་ཐུབ།
    རབ་འབྱོར་གྱིས།
    སྙན་ངག་གིས་སྤྱི་ཚོགས་ལ་འགན་འཁུར་དགོས་མིན་གྱི་དྲི་བའི་སྔོན་ལ། དེས་སྤྱི་ཚོགས་ལ་འགན་གང་ཞིག་འཁུར་ཐུབ་རྒྱུ་ཡིན་པ་འདི་འདྲི་འོས། སྤྱི་ཚོགས་ལ་འཁུར་རྒྱུའི་འགན་ཁོངས་ནི་ཧ་ཅང་རྒྱ་ཆེན་པོ་རེད། དང་པོ་སྤྱི་ཚོགས་ཀྱི་ཕོ་བ་རྒྱག་དགོས་པ་དང་རྒྱབ་དྲོ་དགོས་པ་དེ་རེད། དེ་ནི་མི་སྒེར་དང་རིམ་པ་སོ་སོའི་སྲིད་གཞུང་གི་འགན་འཁུར་རེད། དེ་ནས་སྤྱི་ཚོགས་ལ་རྐུན་ཇག་སོགས་ཀྱི་འཇིགས་པ་མེད་པའི་བདེ་འཇགས་རེད། དེ་ནི་སྤྱི་བདེ་དང་བདེ་འཇགས་ལས་ཁུངས་ཀྱི་ལས་འགན་རེད། དེ་ནས་སྤྱི་ཚོགས་ལ་ན་བ་ཚ་བ་ཉུང་ཞིང་བདེ་ཐང་ཡིན་དགོས་པ་དེ་རེད། དེ་ནི་འཕྲོད་བསྟེན་ལས་ཁུངས་དང་སྨན་ཁང་སོ་སོའི་ལས་འགན་རེད། དེ་ནས་སྤྱི་ཚོགས་ཀྱི་ཤེས་འཇོན་ཡར་རྒྱས་གཏོང་རྒྱུ་དེ་རེད། དེ་ནི་སློབ་གསོའི་ལས་ཁུངས་དང་སློབ་གྲྭ་རྣམས་ཀྱི་འགན་འཁུར་རེད། ད་དུང་སྤྱི་ཚོགས་ལ་དགོས་པ་ནི་དྲང་བདེན་དང་འདྲ་མཉམ་རེད། དེ་ནི་ཁྲིམས་ཁང་དང་ཁྲིམས་བཟོ་ལས་ཁུངས་སོགས་ཀྱི་འགན་འཁུར་རེད། འདི་དང་འདི་ལྟ་བུའི་སྤྱི་ཚོགས་ཀྱི་རྩ་བའི་དགོས་མཁོ་སྐོར་ཞིག་ཡོད་པ་ལས་སྙན་ངག་གི་འགན་དུ་འབབ་པ་དང་འགན་ལེན་ཐུབ་པ་གང་ཡོད་དམ།
    ང་ཚོའི་རྩོམ་རིག་སྨྲ་བ་རྣམས་ཀྱིས་རྩོམ་རིག་གིས་སྤྱི་ཚོགས་ལ་གཤེགས་བཅོས་བྱེད་དགོས་ཞེས་ཏེ་སྤྱི་ཚོགས་མཚང་འབྱིན་གྱི་ལས་འགན་ཞིག་རྩོམ་རིག་གི་ཐོག་ལ་འགེལ་བ་ལ་ལོབས་ཡོད། གཅིག་བྱས་ན་དོན་གནད་འདི་འདྲ་ཞིག་གི་ཐོག་ནས་སྙན་ངག་གིས་སྤྱི་ཚོགས་ལ་འགན་འཁུར་མིན་གླེང་བ་ཡིན་ནམ། ཡིན་ན་ཡང་དམངས་གཙོའི་རྒྱལ་ཁབ་ཅིག་གི་ནང་དུ་འདི་ཡང་ཚགས་པར་དང་རླུང་འཕྲིན། བརྙན་འཕྲིན་བཅས་ཀྱི་འགན་འཁུར་རེད། རྒྱུད་ལམ་དེ་དག་གིས་རྟོག་བཟོའི་ཆ་ལ་གཡོལ་གང་ཐུབ་ཀྱིས་སྤྱི་ཚོགས་ཀྱི་ཆ་ཞིག་གི་སྐྱོན་ཇི་མ་ཇི་བཞིན་དུ་བཏོན་ཏེ་སྤྱི་ཚོགས་དང་འབྲེལ་ཡོད་སྡེ་ཚན་གྱི་དོ་སྣང་འདྲེན་ཐབས་བྱེད་ཀྱི་ཡོད་པ་རེད།
    ཀྲུང་གོ་ལ་རྒྱུད་ལམ་རྣམས་ནི་གུང་ཁྲན་ཏང་གི་ཁ་ལྕེ་ཡིན་སྟབས་རང་དབང་གི་སྒོ་ནས་སྤྱི་ཚོགས་ཀྱི་སྐྱོན་འདོན་བྱེད་པའི་དབང་ཆ་མེད་པ་དེ་བདེན་པ་རེད། དེ་དུས་གཞུང་འཛིན་པའི་ཁ་ལྕེར་མ་གྱུར་བ་ཞིག་གིས་སྐྱོན་འདོན་བྱེད་དགོས་ཤིང་། ང་ཚོའི་བོད་ལ་མཚོན་ན་ལས་འགན་དེ་རྩོམ་རིག་གིས་ལེན་ཐབས་བྱེད་ཀྱི་ཡོད། ཡིན་ན་ཡང་། ཕངས་པ་ཞིག་ལ། ངས་བལྟས་ན་ང་ཚོས་རྩོམ་རིག་གི་འགན་འཁུར་མ་ཡིན་པ་ཞིག་རྩོམ་རིག་ལ་འགེལ་གྱི་ཡོད་པ་འདྲ། རྩོམ་རིག་ནི་ཇི་འདྲའི་དངོས་དོན་ཡིན་ཞེ་ན་ཡང་རྟོག་བཟོ་དང་མ་འདྲེས་པ་ཞིག་ཤིན་ཏུ་དཀའ་ལ། ང་ཚོས་རྩོམ་རིག་བརྩམས་ཆོས་ཤིག་གི་བཟང་ངན་བརྗོད་པ་ཡང་དོན་དངོས་སུ་རྩོམ་པ་པོའི་རྟོག་བཟོའི་ནུས་རྩལ་གྱི་བཟང་ངན་བརྗོད་པ་ཡིན། དོན་དག་གང་ཞིག་ཡིན་ཡང་རྩོམ་རིག་གི་བརྗོད་གཞིར་གྱུར་ཚར་རྗེས། དེ་ལ་དོན་དངོས་ཀྱི་ནུས་པ་ཤོར་ཚར་བ་རེད། སྐྱོན་འདོན་བྱས་པ་གཞིར་བཟུང་གིས་སྐྱོན་བཅོས་བྱེད་མཁན་གྱི་སྲིད་གཞུང་ཞིག་ཡོད་པའི་དབང་དུ་བཏང་ན་ཡང་། དེས་གསར་འགོད་ཀྱི་རྒྱུད་ལམ་འདྲ་མིན་ལས་ཐོན་པའི་གནས་ཚུལ་དང་། དོན་དག་གང་ཞིག་ལ་དམིགས་བསལ་གྱིས་བྱས་པའི་རྟོག་དཔྱོད་ཀྱི་ཡིག་རིགས་ལྟ་བུ་ལ་ཆ་འཇོག་གིས་སྐྱོན་སེལ་བྱེད་རྒྱུ་རེད་མ་གཏོགས་སྙན་རྩོམ་ལ་བརྟེན་ནས་སྐྱོན་སེལ་བྱེད་པ་ནི་ཡོང་མི་སྲིད་པ་ཞིག་རེད།
    ངའི་གོང་གསལ་གྱི་བསམ་བློ་གཏོང་སྟངས་ལྟར་ན། རྩོམ་རིག་གིས་སྤྱི་ཚོགས་ལ་འགན་འཁུར་དགོས་མིན་གྱི་གཏམ་དེ་ནི་ཡོང་དོན་མེད་པ་ཞིག་རེད། ཡིན་ན་ཡང་བོད་ནང་གི་རྩོམ་པ་པོ་དང་རྩོམ་རིག་སྨྲ་བ་རྣམས་ཀྱི་ངག་ལ་བརྗོད་གཞི་འདི་ཁྱབ་རྒྱ་ཆེ། གཅིག་བྱས་ན་ངའི་གོང་གི་བསམ་བློ་གཏོང་སྟངས་དེ་སླ་དྲག་པ་དང་། ཁོང་ཚོ་ལ་དེ་ལས་ལྷག་པའི་གནས་ལུགས་རྣལ་མ་རེ་བཤད་རྒྱུ་ཡོད་ལས་ཆེ། ཡིན་ན་ཡང་ད་བར་དུ་གནས་ལུགས་རྣལ་མ་དེ་འདྲ་ཡིག་ཐོག་ནས་མཐོང་མ་བྱུང་ལ། སྤྱི་ཚོགས་ཀྱི་དངོས་དོན་གྱིས་ཀྱང་འདི་ལ་རྒྱབ་སྐྱོར་ཆུང་།
    ལོ་རབས་བརྒྱད་ཅུའི་ནང་ལ་བོད་ཀྱི་རྩོམ་རིག་གསར་པའི་འགོ་ཚུགས་པ་ནས་བཟུང་། བོད་ཀྱི་རྩོམ་པ་པོ་གང་མང་ཞིག་གིས་བོད་རང་གི་སྤྱི་ཚོགས་ལ་བླང་དོར་སྟོན་པའི་འབད་བརྩོན་བྱས་ཡོད། དེ་ནི་ཁོང་ཚོས་རྗོད་བཞིན་པའི་སྤྱི་ཚོགས་ལ་འགན་འཁུར་བ་ཟེར་བ་དེ་ཡིན་རྒྱུ་རེད། ཁོང་ཚོས་འབྲོག་པས་རྩྭ་ས་རྩོད་པ་དང་། ཕ་མ་རྣམས་ཀྱིས་རང་རང་གི་བུ་ཕྲུག་སློབ་གྲྭར་མི་གཏོང་བ། གཉེན་སྒྲིག་གི་རང་དབང་མེད་པ་བཅས་ལ་སྐྱོན་བརྗོད་བྱེད་པའི་སྙན་རྩོམ་དང་སྒྲུང་རྩོམ་གང་མང་སྤེལ་ཡོད། ཡིན་ན་ཡང་། རྩོམ་རིག་གིས་སྐྱོན་བརྗོད་བྱས་པ་ལ་བརྟེན་ནས་རྩྭ་ས་རྩོད་གྲངས་ཇེ་ཉུང་དུ་སོང་བ་དང་། ཡང་རྩོད་མཚམས་ཆད་པའི་གཏམ་ཞིག་གོ་མྱོང་ངམ། ངས་གོ་ཚུལ་ལ། རྩྭ་ས་སྒེར་ལ་བགོས་པ་ནས་བཟུང་སྔར་གྱི་རྩྭ་ས་རྩོད་པའི་ཐོག་ལ་ཕ་མ་གཅིག་པའི་སྤུན་ཟླའི་བར་ལ་ཡང་རྩྭ་ས་རྩོད་གླེང་བྱུང་ཡོད་པ་རེད་ཟེར།
    བོད་ཀྱི་རྩོམ་པ་པོ་རྣམས་ཀྱིས་ལོ་ངོ་བཅུ་ཕྲག་ལྷག་ལ་རྩྭ་ས་རྩོད་གླེང་ལ་སྐྱོན་བརྗོད་བྱས་བྱས་པའི་མཐར། ད་ལྟ་གཞི་ནས་རྩྭ་ས་རྩོད་གླེང་ཇེ་ཉུང་ངམ་རྩོད་མཚམས་ཆད་རྒྱུའི་རེ་བ་ཞིག་མངོན་ཡོང་གི་ཡོད་པ་འདྲ། ཕངས་པ་ཞིག་ལ་འདི་ནི་བོད་ཀྱི་རྩོམ་པ་པོ་རྣམས་ཀྱིས་བླང་དོར་བསྟན་པའི་འབྲས་བུ་མ་ཡིན་པར། རྩྭ་སའི་བདག་པོ་རྣམས་རྩྭ་ས་ནས་གྲོང་ལ་ཕབ་དང་འབེབས་བཞིན་པ་འདིས། རྩྭ་ས་རྩོད་འདོད་ཀྱང་རྩོད་རྒྱུ་མེད་པ་ཞིག་ཡོང་གི་ཡོད་པ་དེས་ཡིན་ནོ།།
    (འདས་ལོར། བོད་དུ་བཏོན་པའི་བོད་ཡིག་གི་དྲ་རྒྱ་ཞིག་ཏུ་སྙན་ངག་གིས་སྤྱི་ཚོགས་ལ་འགན་འཁུར་དགོས་མིན་གྱི་སྐོར་ལ་གླེང་མོལ་ཞིག་བྱས་སོང་། གཤམ་གསལ་གྱི་རྩོམ་འདི་ནི་དེ་དུས་བྲིས་པ་འདི། བོད་ཀྱི་རྩོམ་རིག་ལ་ཐུགས་སྣང་ཅན་མང་པོས་གཟིགས་མེད་སྙམ་གྱིས་ད་རེས་ཡང་སྐྱར་འདོན་བྱས་པ་དགོངས་འཇགས་ཞུ།)

    Reply
  6. འཇམ་དབྱངས་གྲགས་པ། says:
    ལོ་ 17 སྔོན།

    ན་རོ་དང་རྨོག་རུ་ཤེས་རབ་རྡོ་རྗེ་གཉིས་བོད་ནང་གི་སྙན་ངག་པ་དེ་གཉིས་ཨེ་རེད།ཤེས་མཁན་ཞིག་གིས་ལན་སྐྱོན་རོགས།

    Reply
  7. བཙན་པོ། says:
    ལོ་ 17 སྔོན།

    བཅོས་ནོར། ཁྱེད་ཚོས་རྦབ་ཆུ་ཆུ་རྐ་ཟེར། འདི་ན་དུག་ཟེར་གིན་འདུག

    Reply
  8. བཙན་པོ། says:
    ལོ་ 17 སྔོན།

    ཀྱེད་ཚོས་རྦབ་ཆུ་ཆུ་རྐ་ཟེར། འདི་ནི་དུག་ཟེར་གིན་འདུག
    ཨ་རིའི་བོད་པའི་ཟེན་བྲིས་ལས་འདིར་བླངས་པ་ཡིན
    ལང་ཚོའི་རྦབ་ཆུའི་བླ་རྡོལ་དང་དུག
    སྔོན་བརྗོད
    བོད་ཀྱི་གཞོན་རབས་མི་ཉུང་བ་ཞིག་ལ་དོན་གྲུབ་རྒྱལ་གྱིས་ཤུགས་རྐྱེན་ངེས་ཅན་ཞིག་བཞག་ཡོད།ཤུགས་རྐྱེན་དེ་བཟང་བོ་དང་ངན་པ་གང་ཡིན་མིན་དཔྱད་པ་བྱེད་དགོས་པ་ཞིག་རེད། དོན་གྲུབ་རྒྱལ་མིང་སྙན་པའི་དམངས་གཙོའི་བཅོས་བསྒྱུར་ནང་སྐྱེས་ཤིང་།སྐད་གྲགས་ཅན་གྱི་རིགས་གནས་གསར་བརྗེ་ཆེན་མོའི་ནང་སློབ་སྤྱོང་གི་མ་ལག་ཆགས་ནས་བསྒྱུར་བཅོས་སྒོ་འབྱེད་ཀྱི་མགོ་སྟོད་དུ་རྩོམ་ཡིག་སྤེལ་མཁན་ཞིག་ཡིན་པ་འདི་ལ་བསམ་བློ་བཏང་ན་དོན་རྒྱལ་གྱི་བསམ་བློའི་གྲུབ་ཆ་རེ་རེ་རིག་གསར་དང་དེའི་སྔ་བཞུག་གི་འཁོར་ཡུག་གིས་བསྐྲུན་པ་ཤེས་ཐུབ་ལ།ད་དུང་བསམ་བློ་དེའི་རང་མདངས་ཕྱི་རོལ་ལ་འཕྲོས་བ་ནི་ཁོའི་རྩོམ་ཡིག་དེ་དག་ཡིན་པར་མ་ཟད།ལང་ཚོའི་རྦབ་ཆུ་ནི་དེ་དག་གི་ནང་སྙིང་ལྟ་བུ་ཡིན་པ་དེང་སང་གི་མཁས་པ་ཡིན་ཟེར་མཁན་མང་ཆེ་བ་ཁ་མཐུན།
    ༡ རྦབ་ཆུ་ཡི་བཅིངས་གྲོལ་དམག་མི།
    རྦབ་ཆུ་ནི་རྒྱའི་གནའ་སྲོལ་རི་མོའི་ནང་མཐོང་རྒྱུ་ཡོད་ལ། རྒྱའི་སྙན་རྩོམ་གྱི་ནང་ལ་ཡང་འདི་ཡང་ཡང་བེད་སྤྱོད་བྱས་ཡོད་པས།རྒྱའི་རིག་གནས་ནང་རྦབ་ཆུས་གོ་གནས་གལ་ཆེན་ཞིག་བཟུང་ཡོད།དེ་ནི་བོད་ཡུལ་ན་གངས་རི་མང་བ་བཞིན་རྒྱ་ཡུལ་ན་རྦབ་ཆུ་མང་བ་དེས་རྐྱེན་ཞིག་ལོས་ཡིན། བོད་ཀྱི་ཐ་སྙད་ནང་རྦབ་ཆུ་ཡོད་པ་ཙམ་ལས་བེད་སྤྱོད་ཆེན་པོ་མེད་མོད། དོན་གྲུབ་རྒྱལ་གྱིས་རྒྱ་ནང་ནས་སློབ་གྲ་ཐོན་རྗེས་རྦབ་ཆུ་བོད་ཡུལ་གྱི་རྩོམ་རིག་གི་ཐ་སྙད་གལ་ཆེན་ཞིག་ཆགས། དེ་ནས་བཟུང་རྦབ་ཆུ་ཡང་བོད་ལ་རོགས་སྐྱོར་བྱེད་དུ་ཡོང་བ་ཡིན་ཟེར་བའི་དམག་མི་ཚོ་ནང་བཞིན་བོད་ཀྱི་རིགས་གཞུང་ནང་གི་བཅིངས་གྲོལ་དམག་མི་ཞིག་ཉན།
    ༢ སྨྱོན་པའི་བླ་རྡོལ་གྱི་རྦབ་ཆུ།
    ལང་ཚོའི་རྦབ་ཆུ་ལ་ཚིག་རྐང་བརྒྱ་དང་སུམ་ཅུ་ལྷག་ཡོད་པ་མང་ཆེ་བ་ལ་ཚིག་ཚོགས་བཟོས་ནས་ཚིག་ཚོགས་ཀྱི་མགོར་འབོད་ཚིག་དང་འདི་ནི།ཁྱེད་མེད་ན་ཟེར་བ་སོགས་ཚགས་བར་གཉིས་ལྡན་དང་སུམ་ལྡན་རེ་སྤྱར་ཏེ་བརྗོད་པ་དེས།
    བྲག་ངོད་གཟར་བོ་ནས་ཆིལ་ཆིལ་དུ་ཤར་སེ་འབབ་པ་ལྟ་བུའི་ཚིག་གི་བརྗོད་ལྟངས་ལ་བསྒྲིག་གཞི་མེད་པར་རང་གིས་འདོད་པ་ལྷུགས་པར་བརྗོད་པའི་ནུབ་ཕྱོགས་ཀྱི་རང་དབང་སྙན་ངག་ལྟར་མ་ཡིན་པར་(རྦབ་ཆུ་འདི་རང་དབང་སྙན་ངག་རེད་ཟེར་མཁན་མང་པོ་ཡོད་)བྲག་ངོས་ཐ་མེ་ཐེམ་མེ་ན་རྦབ་ཆུ་ཆ་ལེ་ཆོ་ལེ་འབབ་པ་ལྟ་བུ་ཞིག་བཟོས་འདུག་པར་མ་ཟད། ཚིག་ཚོགས་མང་པོ་ལ་བསྒྲིག་ཁྲིམས་དམ་པོ་བཟོས་འདུག དཔེར་ན། སྔོ་ཞིང་བསངས་པའི་ནམ་མཁའ། དྲོ་ཞིང་འཇམ་པའི་ཉི་འོད། ཡངས་ཤིང་ཆེ་བའི་ས་གཞི། མཛེས་ཤིང་སྡུག་པའི་མེ་ཏོག མཐོ་ཞིང་བརྗིད་པའི་ལྷུན་པོ། ཟེར་བའི་ཚིག་རྐང་ཚིག་ཚོགས་འདིའི་ཚིག་རྐང་རེ་རེ་ཚིག་གཉིས་པ་དང་བཞི་པ་ལ་ཞིང་སྒྲ་རེ་དང་པའི་སྒྲ་རེ་སྦྱར་ནས་ཚིག་རྐང་ཚིག་ཚོགས་འདི་ལ་བསྒྲིག་ཁྲིམས་ཉིས་བརྩེགས་ཤིག་འཁུར་དུ་བཅུགས་འདུག སྔོ་ཞིང་བསངས་པའི་ནམ་མཁའ་ཟེར་བའི་ཚིག་རྐང་ཚིག་ཚོགས་ནི་བོད་ཀྱི་རྒན་པོ་ཚོའི་བསང་བརྩི་ལྟངས་འདྲ་བོ་ཡིན་ལ། སྤྱིར་རྩོམ་འདིའི་སྤྱི་ཁོག་བསང་རྩི་ལྟངས་དང་འདྲ་ས་མང་པོ་ཡོད་ནའང་། སྐབས་རེ་བཀྲ་ཤིས་པའི་ཉི་མ།དགེ་ལེགས་འབྱུང་བའི་ཉི་མ།དོན་གྲུབ་པའི་ཉི་མ་ཟེར་བའི་སྟོན་བཤད་བཤད་ལྟངས་ལ་ཁ་ཏོག་ཙམ་བསྒྱུར་འདུག དེ་མིན། མཚམས་མཚམས་སྙན་ངག་གི་རྟ་མཆོག་སྐོམ་པས་གདུངས་ན་ཇི་ལྟར་བྱ་ཟེར་བ་སོགས་མེ་ལོངས་མའི་རྒྱན་གྱི་འགྲོ་སྲོལ་ལྟར་བརྗོད་པ་དང་། ལྟོས་དང་།ཉོན་དང་ཟེར་ནས་ཀློག་མཁན་ཚོར་འདི་ནི་རྦབ་ཆུ་ཡག་པོ་དང་སྙན་པོ་ཞིག་ཡིན་ཚུལ་ལབ་ཆེན་རྒྱག་བཞིན་པའི་སྐབས།ཁྱེད་ལ་དང་ཁྱེད་མེད་ན་ཁྱེད་ཀྱི་ཟེར་ནས་གང་ཟག་གཉིས་པ་ཞིག་ལ་སྟོད་པ་ལུང་ནག་གང་བྱེད་ཀྱིན་བྱེད་ཀྱིན་ང་ཚོ་སྟེ་ཟེར་ནས་གང་ཟག་དང་པོ་ཞིག་བཤད་ཀྱིན་འདུག དེ་ནས་ཡང་ལྟོས་དང་ཉོན་དང་དེ་ནི་འདི་ནི་ཟེར་ནས་གཞན་ཞིག་བཤད་ཀྱིན་འདུག་པ་འདི་དག་ཚང་མ་ཚིག་དོན་གཉིས་ཀར་རང་དབང་གི་སྒྱུ་རྩལ་ཞིག་ཡིན་ཟེར་གྱིན་ཡོད་ཁུལ་ཡིན་མོད། དོན་གྱིས་དེ་ནི་ཉ་ཉོག་བསྲེས་ནས་སྨྱོན་པའི་བླ་རྡོལ་རང་བྱས་འདུག
    ༣ རིག་གསར་གྱི་དུག་དང་འགྲོགས་པའི་ཁ་སང་གི་རྦབ་ཆུ།
    ལང་ཚོའི་རྦབ་ཆུའི་མགོ་ནས་མཇུག་བར་ཐ་སྙད་སྤྱོད་ལྟངས་བོད་ཀྱི་འཚོ་བའི་ཁྲོད་ནས་བྱུང་བའི་སྐད་བརྡ་རྫ་ཆུ།གཡའ་ཆུ།ན་ཆུ་ཟེར་བ་སོགས་དང་མེ་ལོང་མའི་ཐ་སྙད་དྲི་ཟ་དང་།ཚངས་བ།དབྱངས་ཅན་ཟེར་བ་སོགས་ལ་གུང་བྲན་ཏང་གི་རྒྱུན་སྤྱོད་མིང་ཚིག་སྔོན་ཐོན་དང་།མདུན་བསྐྱོད།རྙིང་ཞེན་ཟེར་བ་སོགས་མཉམ་བསྲེས་བྱས་ནས་བྲིས་བ་འདིའི་ནང་གཞི་མེད་པའི་ལབ་རྒྱག་པ་དང་རིག་བཅུའི་མཚོན་པའི་རིག་གནས་ལ་སྤྱང་བརྩོན་དགོས་པར་ཁ་གཡང་བསྒྲོག་པ་ནི་ཕལ་བ་ལྟ་བུ་ཡིན་ལ།
    ངོ་མ།མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་རུང་ཟེར་བ་ནས་བཟུང་རིག་གནས་གསར་བརྗེ་ཡི་དུག་བསྐྱར་བཤད་བྱས་པ་ནི་གཙོ་བོ་ལྟ་བུ་རེད། དེ་ཡང་སྔོན་ཆད་ཀྱི་རིག་གནས་ཀྱི་ད་ལྟའི་ཚབ་བྱེད་མི་རུང་ལ། དུས་(རིག་གསར་དང་དེའི་རྗེས་དུས་)དང་མཐུན་པའི་རིག་གནས་མ་སློབ་ན་ཡར་རྒྱས་འགྲོ་མི་སྲིད། སྔོན་ཐོན་ཆགས་མི་ཐུབ། ང་ཚོ་(1949་ལོའི་རྗེས་སུ་སྐྱེས་བའི་མི) སྟེ་བོད་གངས་ཅན་གྱི་མི་རབས་གསར་བའི་ནང་སྲོལ་རྒྱུན་རྙིང་ཞེན་པ་ཅན་དང་ཆོས་ལུགས་ལ་དད་པ་(ཁོ་ཚོས་དད་པ་ལ་རྨོངས་དད་ཟེར་)བྱེད་མཁན་ཚོ་འཇུག་ཡུལ་གཏན་ནས་མེད་ཟེར་ནས་བོད་པ་བྱིངས་ཁོ་ཚོ་དང་ལོགས་སུ་བཀར་ཏེ་རིག་གསར་གྱི་ལྷ་འདྲེ་གདོན་བཀག་ཟེར་བ་བསྐྱར་བསྒྲག་བྱས་འདུག
    ལྷག་པར་ཏུ་ལག་དམར་བཙན་འཛུལ་བས་ང་ཚོའི་མགོར་བཙན་གྱིས་བཞག་པའི་བོད་པ་ཚོ་ནི་ཆེས་རྗེས་ལུས་དང་། ཆེས་ཀླ་ཀློ ཆེས་མུན་ནག ཆེས་ལོག་སྤྱོད་པ་ཡིན་པར་བོད་པའི་མ་ཎི་འདོན་པ་ལས་ཀྱང་གྲངས་མང་བ་བཤད་དང་བཤད་བཞིན་པ་དེ་དོན་གྲུབ་རྒྱལ་གྱིས་འདིར་དྲངས་ནས་ཁོ་ཚོའི་སྐུ་ཚབ་གནང་འདུག
    ༤ འདི་ནི་རྦབ་ཆུའི་དབྱེན་དཀྲུག་དང་དབྱངས་རྟའི་དྲངས་བའི་མིག་ཆུ་རེད་ཡ།
    རྦབ་ཆུའི་ནང་དོན་རྒྱལ་གྱིས་གུང་ཇག་ཚང་གིས་བོད་སྤྱི་ཚོགས་ལ་གསར་རྙིང་གི་དབྱེ་བ་བཀར་ནས་ཁྲག་དཀྲུག་དཀྲུག་བྱས་པ་ནང་བཞིན་བོད་ནང་ལ་དུས་རབས་དང་མི་རབས་ལ་གསར་རྙིང་གི་དབྱེ་བ་བྱས་ནས་གསར་བ་ལ་་འུར་བསྟོད་དང་རྙིང་པ་་ལ་ཁ་རྡུང་བཏང་སྟེ་དབྱེན་དཀྲུག་བརྒྱབས་ཡོད།དེའི་ག་ལ་ཚད།ལང་ཚོའི་རྦབ་ཆུ་ནུབ་ཕྱོགས་ནས་ཨུ་རུ་སུ་བརྒྱུད་རྒྱའི་དམར་དམག་གིས་ཁྱེར་ཡོང་བའི་དྲག་རྩུབ་ཀྱི་དབྱིངས་རྟ་དེ་ལ་དྲངས་བའི་གྱེར་འདོན་ལ་ཉན་ནས་ཤ་འདར་སྤུ་འདར་བརྒྱབས་ཏེ་ཧ་ལས་ཧང་སང་མཁན་ཡང་བོད་གངས་ཅན་ན་ཉུང་ཉུང་མིན།དེ་ནི་དེ་སྔོན་མའོ་ཡི་འདྲ་དཔར་གྱི་སྔོན་དུ་ཤ་འདར་སྤུ་འདར་བརྒྱབས་ཏེ་མིག་ཆུ་གཏོང་མཁན་ཚོ་དང་གཅིག་པ་རེད།
    མཇུག་མཐར།
    དོན་གྲུབ་རྒྱལ་ནི་ནམ་ཡང་ཤེས་ཡོན་པ་དང་ལ་རྒྱ་ཅན་གྱི་དོན་གྲུབ་རྒྱལ་ཡིན་ན་ཡང་།ཁོའི་རིག་གསར་གྱི་དུག་དང་འདྲེས་བའི་ལྟ་བ་དེ་ང་ཚོའི་མི་རིགས་འདིའི་ནང་འཇུག་ཡུལ་གཏན་ནས་མེད།

    Reply
  9. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    སྙན་ངག་གྱེར་འདོན་གྱི་ཚོགས་འདུ་ཚོགས་པར་ཡིད་རངས་བྱེད། འོན་ཀྱང་ཞིབ་ཏུ་ཀློག་ཁོམ་མི་འདུག

    Reply
  10. ཚེ་རིང་སྐྱིད། says:
    ལོ་ 17 སྔོན།

    རྨོག་རུ་ཤེས་རབ་རྡོ་རྗེ་བཙན་བྱོལ་ལ་འབྱོར་ཡོད་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ལ། ཡང་ཐེངས་འདིར་བཙན་བྱོལ་སྙན་ངག་པ་ཚོ་མཉམ་འཛོམས་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
    ཡང་བུད་མེད་སྙན་ངག་འབྲི་མཁན་མི་འདུག་གཱ་ ང་མེད་ན་སྐལ་ཆད་འགྲོ་བ་ག་རེ་རེད་དམ། ཨ་ལ་ཀུ་རེ་ཡིན།
    སྔར་ལོ་ཚེས་གཅིག་གི་ཉིན་དེར་ང་ཚོས་ཆེད་དུ་མི་རྐྱང་ཐུག་པ་འཐུང་དང་ཆུ་རྐྱང་འཐུང་ནས་རང་རང་གི་ངོས་ནས་མྱ་ངན་གྱི་རྣམ་པ་མཚོན་བྱེད་དང༌། ཡང་རང་རང་གི་དགའ་ཕྱོགས་གཅིག་པའི་སྙན་ངག་ལ་དགའ་མཁན་ཁ་ཤས་ལྷན་ཏུ་འཛོམས་ཏེ་བསམ་ཚུལ་གླེང་ཁུལ་བྱས་པའི་ཉིན་དེར་དུས་ནམ་ཡང་བརྗེད་པ་མེད་ལ། ད་དུང་གནམ་གཤིས་གྲང་ལ་ལམ་ཀ་རྫོབ་པའི་རྡ་སའི་གཡས་གཡོན་ནས་ང་ཚོ་མཉམ་དུ་འཛོམས་ཐེངས་དེ་དག་གིས་རང་སེམས་བག་ལྷོད་དང་ཞི་བདེ། འཚོ་བར་བཟུང་བའི་ལྟ་བ། སུན་སྣང་ལས་གྲོལ་བ་སོགས་གཞི་ནས་རང་ཉིད་ཀྱང་འཚོ་བར་སྤྲོ་དགའ་ཡིས་མཇུག་ཆོག་པ་ར་སྤྲོད་བྱས་མྱོང༌།
    སྤྱི་ཚོགས་འདྲ་མིན་ཐོག་ནས་བྱ་འགུལ་གང་མང་ནང་ཞུགས་མྱོང་ཡོད་ཀྱང༌། རྒྱས་སྤྲོས་མེད་པའི་སྙན་ངག་ལ་དགའ་མཁན་ཚོ་མཉམ་དུ་འཛོམས་པའི་དུས་སྐབས་དེ་ནི་བརྗེད་ཐབས་མེད་པ་ཞིག་རེད། དེ་ལྟ་བུའི་རང་ཉིད་ཀྱི་འདོད་མོས་གླེང་སའི་གར་སྟེགས་ཆུང་ཆུང་ཞིག་བྱུང་བར་འཚོ་བར་བཟུང་བའི་བརྩེ་སེམས་ཀྱང་ཇེ་ཆེར་བུད་སོང༌།
    དེ་བས་རངར་རང་ལ་དེ་ལྟ་བུའི་ཁོར་ཡུག་རེ་བསྐྲུན་རྒྱུ་ནི་གང་ལས་ཀྱང་གལ་ཆེ་བས། ངས་རྣམ་པ་ཚོས་འདི་ལྟ་བུའི་ལས་འགུལ་རེ་སྤེལ་བར་ཡི་རངས་དང་རྗེས་ཕྱོགས་ཡིན་ཡང་རང་ཚོད་ཀྱིས་གང་ཕྱོགས་ནས་རྒྱབ་སྐྱོར་བྱ་རྒྱུ་ཡིན། ལོ་རེར་སྙན་ངག་གི་འདུ་འཛོམས་ཆེན་པོ་རེ་འཚོགས་རྒྱུའམ་ཡང་ན་ག་རེ་བྱ་འཆར་ཡོད་ན་འགྲོ་སོན་སོགས་ཀྱི་ཐད་ནས་རོགས་རམ་བྱ་འདོད་ཡོད།
    འཇིག་རྟེན་ནས་སྙན་ངག་རྒྱལ་གྱུར་ཅིག སྙན་ངག་པ་རྒྱལ་གྱུར་ཅིག

    Reply
  11. ཅོ་རི་ཉི་མ། says:
    ལོ་ 17 སྔོན།

    ངས་རྩོམ་དང་སྙན་ངག་གང་ཡང་མི་ཤེས་ཏེ་ཕྱི་ནང་གི་མཁས་དབང་མང་པོ་མཇལ་མྱོང་ལ་གསུངས་མང་པོ་ཐོས་མྱོང་ཡོད་རྩོམ་བྲིས་པའི་དོན་དག་ནི་རང་ཉིད་ཀྱི་བསམ་ཚུལ་སྤྱི་ཚོགས་ཤིག་ལ་བཤད་པ་རེད།
    བཤད་སྟངས་དེར་ཁ་སྙན་པོའི་ཐོག་ནས་བཤད་ན་ཡང་འདྲ་ཚིག་རྩུབ་པོའི་ཐོག་ནས་བཤད་ན་ཡང་འདྲ་དོན་ངོ་མ་སྤྱི་ཚོགས་ཀྱིས་གོ་ཐུབ་པ་ཤིག་དགོས་འདུག་སྙམ།༔
    སྔོན་མ་འབྲས་བློ་གླིང་གི་དགེ་བྱ་ཞ་ཡིས་ཁ་མཚར་དང་འདྲེས་ནས་ང་ཚོ་བོད་ཀྱི་མཁས་དབང་ཚོས་རྩོམ་འབྲི་དུས་མི་གཞན་གྱིས་མི་གོ་བ་ཚིག་མཁྲེགས་པོ་དང་དངོན་བརྗོད་སོགས་བེད་སྤྱོད་བྱེད་ནས་འབྲི་བ་དང་ཕྱི་རྒྱལ་ཁབ་ཀྱི་རྩོམ་པ་པོས་རྩོམ་འབྲི་དུས་མི་ཚང་མས་གོ་ཐུབ་པའི་མིང་ཚིག་བེད་སྤྱོད་བྱེད་ནས་འབྲི་གི་རེད་གསུངས་པ་དང།
    མ་ཟད་ཁོང་གིས་གསུངས་དོན་བོད་པའི་རྩོམ་པ་པོས་རང་ཉིད་ཀྱི་ཡོན་ཏན་ངོམ་ཐབས་དང་ཕྱི་རྒྱལ་གྱི་རྩོམ་པ་པོས་རང་ཉིད་ཀྱིས་བསལ་ཚུལ་དེ་སྤྱི་ཚོགས་ཀྱིས་ཤེས་ཐབས་བྱེད་ཀྱི་རེད་གསུངས་པ་ལྟར་མཁས་དབང་ཁ་ཅིག་གིས་མ་གཏོགས་མི་གོ་བའི་རྩོམ་ཞིག་བྲིས་ན་དེས་སྤྱི་ཚོགས་ལ་ཤུགས་རྐྱེན་ཐོན་གྱི་ཕར་ཞོར་ང་ཅོ་རི་ལྟ་བུའི་བོད་མི་རྣམས་ཀྱིས་ཀློག་ཡང་མི་ཤེས་པ་བྱས་ནས་ཅི་ཕན།
    ངས་བསམ་ཚུལ་རྩོམ་འབྲི་དུས་གོ་དགོས་མཁན་གྱི་སྤྱི་ཚོགས་ཀྱི་ཤེས་ཚད་དང་བརྟེན་ནས་འབྲི་ན་ཡག་པོ་མེད་འགྲོ་སྙམ།

    Reply
  12. ཅོ་རི་ཉི་མ། says:
    ལོ་ 17 སྔོན།

    བཀྲ་ཤིས་བདེ་ལེགས་མཁས་དབང་ཚོ།

    Reply
  13. ཁ་བ་ནག་པོ། says:
    ལོ་ 17 སྔོན།

    ཁྱོད་ཚོས་ཚིག་གི་གཅོད་མཚམས་ལ་བསམ་བློ་རེ་གཏོང་གིན་མེད་དམ། ངས་མི་སུས་སྐད་ཆ་གང་ཞིག་བཤད་ཡོད་མེད་ཤེས་རྒྱུར་དཀའ་ངལ་འདུག མྱི་ལོ་ལོན་ལ་ཐུབ་ཚོད་མ་བཏང་ན་བཟང་གི་ཡ།

    Reply
  14. བཀྲ་ཤིས་རྒྱ་མཚོ says:
    ལོ་ 17 སྔོན།

    རྦབ་ཆུ་་་ལང་ཚོའི་རྦབ་ཆུ་་་་་
    གངས་ལྗོངས་ན་ཚ་རླབས་བཞིན་འཕྱུར་བའི་རྦབ་ཆུ་ལགས།
    དེ་རིང་ཁྱོད་བཙན་བྱོལ་ལ་སླེབས་དུས་རྐ་ཆུ་ཞིག་ཏུ་འགྱུར་དོན་ཅི།
    གངས་ཅན་པ་རེ་རེའི་སེམས་ཁམས་ཡང་ཁྱོད་ཀྱི་རླབས་སྒྲ་བཞིན་འཕྱོ་བས།
    དེ་རིང་འདི་ལྟར་རྐ་ཆུ་ཞིག་ཏུ་གྱུར་དོན་ཅི།
    བོད་མི་རིགས་ཀྱི་མདུན་བསྐྱོད་ཀྱི་གོམ་ཁ་་་་་་་་་་་་་་་་་་ཆེ་བས།
    དེ་རིང་ཁྱོད་ཀྱི་བཞུར་རྒྱུན་འཕགས་ཡུལ་དུ་སླེབས་དུས་རྐ་ཆུ་ཞིག་ཏུ་འགྱུར་དོན་ཅི།

    Reply
  15. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    བཙན་བྱོལ་ནང་གི་སྙན་ངག་པ་དང་རྩོམ་པ་པོ་དག་གི་སེམས་ཤུགས་དང་ལྷག་བསམ། འདུ་འཛོམ་གྱི་རྣམ་པ་འདི་ལ་དགའ་བསུ་ཡོད་ལ། རང་རང་གི་གང་གསུངས་པ་དེ་ལྟར་དུ་འགན་འཁྲི་ཡོད་མཁན་གྱི་མི་སྣ་ཞིག་ལ་སྙེགས་རྒྱུར་འབོད་སྐུལ་དང་། རྗེས་སོར་ཡང་ཡང་འདི་འདྲ་ཚོགས་ནས་གོ་བསྡུར་ལྷུག་པོ་ཡོང་བར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese