མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲ་ཐོག་བགྲོ་གླེང་གི་གསལ་བསྒྲགས།

བོད་ཀྱི་དུས་བབ།
༢༠༠༩/༡༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

ད་ལོ་ནི་རྒྱ་དམར་པོའི་ཁྲིམས་འོག་ནས་བོད་འབངས་སྡུག་བསྔལ་ལས་སྐྱོབས་པའི་འབོད་སྒྲ་ཐོག་མར་སྒྲོགས་མཁན་གྱི་དཔའ་རྒོད་དམ་པ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཞིང་དུ་གཤེགས་ནས་ལོ་འཁོར་ཉི་ཤུ་འཁོར་བའི་དུས་དྲན་དམིགས་བསལ་བ་ཞིག་ཡིན། དེའི་རྐྱེན་གྱིས་ཁོང་གི་རྨད་དུ་བྱུང་བའི་དཔའ་ངར་གྱི་བྱུང་བ་ལ་ཕྱི་རབས་གངས་ཅན་པ་རྣམས་ཀྱིས་ཕྱིར་རྟོག་དང་རྗེས་དྲན་བྱ་རྒྱུ་ནི་ཧ་ཅང་གི་གལ་ཆེན་དུ་གྱུར་ཡོད།   དེའི་རྐྱེན་གྱིས་གཞོན་སྐྱེས་རྩོམ་པ་པོ་རས་པ་དང་། གཉན་པོ། ངེད་གསུམ་གྱིས་དྲ་ཐོག་བགྲོ་གླེང་ཞིག་ཟླ་འདིའི་སྤྱི་ཚེས་ ༢༦ ཉིན་བཀོད་སྒྲིག་ཞུ་རྒྱུ་ཡིན། ཐེངས་འདིའི་བགྲོ་གླེང་ནི་སྔར་གྱི་དྲ་ཐོག་རང་མོས་བགྲོ་གླེང་ཐེངས་དང་པོའི་ཉམས་མྱོང་གཞི་ལ་བཞག་སྟེ། ཅུང་ཚད་མཐོ་བོ་དང་ལྟ་རིན་ཉན་རིན་གཉིས་ཀ་ཡོད་པ་ཞིག་ལ་རེ་བ་དང་བསམ་གཞིགས་བྱས་ནས་བརྗོད་གཞི་ཁག་བགོས་བྱས་ཡོད་ལ་རྟིང་འཛིན་ཡང་ནན་མོ་བྱ་རྒྱུ་ཡིན། 

 
བརྗོད་གཞི་དང་པོ།      བོད་འབངས་སྡུག་བསྔལ་ལས་སྐྱོབས་པའི་འབོད་སྒྲ་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་དང་འབྲེལ་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གླེང་བ།
བརྗོད་གཞི་གཉིས་པ།   རྒྱ་ནག་རང་སྐྱོང་བཅའ་ཁྲིམས་བསྟུན་ནས་བོད་མི་རིགས་ཀྱི་སྐད་ཡིག་གོམས་སྲོལ་དང་བཅས་པ་རྒྱུན་འཛིན་དར་རྒྱས་གཏོང་ཐད་ལ་བཞག་པའི་བླ་མེད་མཛད་རྗེས་དང་འབྲེལ་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གླེང་བ།
བརྗོད་གཞི་གསུམ་པ།   ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གཤེགས་ནས་ལོ་འཁོར་ཉི་ཤུ་འཁོར་བར་སྒྱུ་རྩལ་རྩོམ་རིག་གི་ལམ་ནས་རྗེས་དྲན་ཞུ་བ། 
 

ས་གནས།                 རས་པའི ( ཁེར་རྐྱང་གི་འགྲུལ་བཞུད ) དང་།  གཉན་པོའི ( གཉན་པོའི་སེམས་ལྗོངས ) །  བདག་གི ( སྦྲ་རྒན་ནག་ལྡང་ ) བཅས་ཀྱི་ནང་དུ་བརྗོད་གཞི་རེ་རེ་ཁག་བགོས་བྱས་ནས་འཚོགས་འཆར་ཡོད།

གསལ་བཤད།  བརྗོད་གཞི་དང་པོ་དེ་དང་འབྲེལ་ནས་སྤྱི་ལོ༡༩༧༧ཡར་སྔོན་དུ་ཁོང་གིས་བོད་མི་རིགས་ཀྱི་ཆེད་དུ་བཞག་པའི་རླབས་ཆེན་གྱི་མཛད་རྣམ་དང་དཀའ་སྡུག་གི་བརྒྱུད་རིམ་གཙོ་བོར་གླེང་རྒྱུ་དང་། བརྗོད་གཞི་གཉིས་པའི་ནང་དུ་བཙོན་མུན་ཏུ་ལོ་དགུ་བསྡད་དེ་གློད་གྲོལ་ཐོབ་རྗེས།   བོད་ཀྱི་ཆོས་རིག་སྲོལ་རྒྱུན་དང་བཅས་པ་ཉམས་པ་སླར་གསོ་དང་།  དར་སྤེལ་ཐད་ལ་བཞག་པའི་རྨད་དུ་བྱུང་བའི་མཛད་རྣམ་དང་སྙིང་སྟོབས་སྐོར་གླེང་རྒྱུ་དང་།  བརྗོད་གཞི་གསུམ་པའི་ནང་དུ་ཁོང་གིས་བོད་མི་རིགས་ཆེད་དུ་ཡོད་ཚད་བཏངས་ཤིང་དོར་བའི་བྱ་དཀའ་བའི་མཛད་འཕྲིན་དག་བསྡུས་གཟུགས་ཡིད་འགུགས་རང་བཞིན་ཅན་གྱི་སྙན་ངག་སོགས་སྒྱུ་རྩལ་རྩོམ་རིག་གི་ལམ་ནས་གླེང་སྟེ་རྗེས་དྲན་ཞུ་རྒྱུ་བཅས་ཡིན་ལ།  བགྲོ་གླེང་དངོས་གཞིའི་སྐབས་ཇི་ལྟར་ཞུགས་པའི་རིམ་པ་སོགས་ཕྱིས་སུ་རྒྱས་པར་གསལ་བསྒྲགས་ཞུ་རྒྱུ་ཡིན། 

 
 
 
ཁོང་གི་མཛད་རྣམ་སྙིང་བསྡུས།   ཀུན་གཟིགས་མཆོག་ནི་སྤྱི་ལོ་༡༩༣༨ལོར་མདོ་སྨད་ཡ་རྫི་ས་ཆར་སྐུ་འཁྲུངས།༡༩༤༩ལོའི་ཟླ༨པའི་ཚེས་༡༠ཉིན་སྐུ་འབུམ་བྱམས་པ་གླིང་དུ་བཞུགས་ཁྲིར་འཁོད་པའི་མཛད་སྒོ་བསྐྱངས། ༡༩༥༢ལོའི་ཟླ༤བའི་ཚེས༢༨ཉིན་དབུས་འགྱུར་ལྷ་ལྡན་ཆོས་ཀྱི་གྲོང་དུ་ཕེབས། སྤྱི་ལོ༡༩༥༣ལོར་པེ་ཅིན་མོ་ཀྲུ་ཞུ་དང་མཇལ་ཕྲད་གནང་། སྤྱི་ལོ་༡༩༥༦ལོར་སྟོན་པ་ཐུགས་མྱ་ངན་ལས་འདས་ནས་ལོ་འཁོར་ཉིས་སྟོང་ལྔ་བརྒྱ་འཁོར་བའི་རྗེས་དྲན་ཚོགས་ཆེན་སྟེང་རྒྱ་གར་གཞུང་ནས་གདན་ཞུ་གནང་བ་ལྟར་ཕེབས། སྤྱི་ལོ་༡༩༥༧ཙམ་ཞིག་་ལ་བོད་ཀྱི་རིག་གཞུང་རྒྱུད་འཛིན་དང་དར་སྤེལ་ཡོང་ཆེད་བཀྲ་ཤིས་ལྷུན་པོ་དགོན་པར་རྩེ་སློབ་གྲྭ་དང་ཉི་འོད་སློབ་གྲྭ་གཉིས་གསར་འཛུགས་གནང༌།སྤྱིལོ༡༩༦༠དང་༡༩༦༡རྒྱལ་སྟོན་དུས་ཆེན་སྐབས་པེ་ཅིན་དུ་ཕེབས་ཏེ་གཏིང་ནག་པོའི་ཆབ་སྲིད་འོག་གི་བོད་ཀྱི་དངོས་ཡོིད་འཚོ་བའི་སྐོར་སྲིད་བློན་ཀྲོའུ་ཨན་ལེན་དང་ལིས་ཧྲོ་ཆི་སོགས་ལ་གསུངས།   སྤྱི་ལོ༡༩༦༡ལོའི་ཟླ་དགུ་བར་མཚོ་སྔོན་དང་ཟི་ཁྲོན་སོགས་ཀྱི་བོད་ཁུལ་ཀུན་ལ་གཟིགས་ཞིབ་ཏུ་ཕེབས་ཏེ་ཞིབ་འཇུག་མཐུལ་ཕྱིན་གནང་ནས་བོད་འབངས་སྡུག་བསྔལ་ལས་སྐྱོབས་པའི་འབོད་སྒྲ་སྟེ་གྲགས་ཆེ་བའི་ཡིག་འབྲུ་ཁྲི་བདུན་་གྱི་སྙན་ཞུ)འབྲི་བའི་མགོ་བཙུགས། སྤྱི་ལོ༡༩༦༢ལོའི་ལོ་འགོར་(ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ)བྲིས་ཚར་རྗེས་རྒྱ་ཡིག་ཏུ་བསྒྱུར། ལོ་དེའི་ཟླ་༥བའི་ཚེས་༡༨ཉིན་སྲིད་བློན་ཀྲོའུ་ཨན་ལེར་ཕུལ། སྤྱི་ལོ་༡༩༦༣ལོའི་ཟླ་བཅུ་བར་བོད་དོན་ཨུ་ཡོན་ལྷན་ཁང་ཟེར་བའི་མི་སྣས་ལྷ་སར་ཚོགས་འདུ་བསྡུས་ཏེ་ཀུན་གཟིགས་པཎ་ཆེན་མཆོག་ནས་སྲིད་གྲོས་ཚོགས་འདུའི་སྟེང་གི་གཏམ་བཤད་དང་ཀྲུང་དབྱང་ལ་ཕུལ་བའི་(ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ)ལ་ནོར་འཁྲུལ་དང་སྐྱོན་ཆ་ཡོད་པས་རང་སྐྱོན་ངོས་ལེན་དགོས་པའི་སྐོར་བཤད། སྤྱི་ལོ༡༩༦༤ལོ་ནས་པཎ་ཆེན་མཆོག་དུས་བཀག་བཙོན་འཇུག་ལྟ་བུ་བྱས་ཏེ་རང་གི་གཟིམ་ཁང་དུ་འཛུལ་ནས་བཞུགས་དགོས་བྱུང༌། སྤྱི་ལོ༡༩༦༤ལོའི་ཟླ༩བའི་ཚེས༡༨ནས་བཟུང་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ཟེར་བའི་ཚོགས་འདུ་ལྷན་རྒྱས་ལྷ་སར་ཟླ་བ་ཕྱེད་དང་གཉིས་ལྷག་ཙམ་ཚོགས་པའི་སྐབས།སླར་ཡང་དཔའ་ངར་ཞུམ་མེད་ཀྱིས་བོད་ཁུལ་གྱི་བཅོས་བསྒྱུར་ཁྲོད་ཀྱི་བརྒྱུད་རིམ་ནང་བྱུང་བའི་དངོས་ཡོད་ཀྱི་སྐྱོན་ཆ་དག་གི་གནས་ཚུལ་ཞིབ་རྒྱས་སྙན་སེང་ཞུས། སྤྱི་ལོ༡༩༦༤ལོའི་ལོ་མཇུག་ནས་པཎ་ཆེན་རིན་པོ་ཆེ་མཆོག་ལ་ཐོག་མར་མགོ་འཛིན་རིམ་པའི་འཐབ་རྩོད་དང༌། དེ་ནས་སྤྱི་ཚོགས་ཐོག་ཏུ་པཎ་ཆེན་རུ་ཚོགས་དང་པཎ་ཆེན་རྒྱལ་ཁབ་ངོ་རྒོལ་ཚོགས་པས་ཏང་ལ་ངོ་རྒོལ་དང༌།   རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ཉེས་སྤྱོད་འགྲེམས་སྟོན་གཞིས་ཀ་རྩེ་དང་ལྷ་སར་བྱས། ཞིང་བྲན་ཁྲི་སྟོང་མང་པོར་སྐུལ་སློང་གིས་རྔ་རྡུང་དར་འཕྱར་གྱི་སྒོ་ནས་ཉེས་རྡུང་དང་འཐབ་རྩོད་དྲག་པོ་བྱས།    སྤྱི་ལོ་༡༩༦༥ལོར་མེས་རྒྱལ་ལ་ངོ་རྒོལ་དང་། མི་དམངས་ལ་ངོ་རྒོལ།སྤྱི་ཚོགས་རིང་ལུགས་ལ་ངོ་རྒོལ་ཞེས་པའི་ངོ་རྒོལ་གསུམ་གྱི་ཞྭ་མོ་བསྐོན།   ད་དུང་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ལྷན་ཁང་གི་གཙོ་འཛིན་གྱི་གོ་གནས་མེད་པར་བཟོས། སྤྱི་ལོ་༡༩༦༥ལོའི་ལོ་མཇུག་ཏུ་སྲིད་བློན་ཀྲོའུ་ཨིན་ལེ་ནས་ཐབས་ཇུས་ཀྱི་བཀའ་བཀོད་འོག་པཎ་ཆེན་རིན་པོ་ཆེ་མཆོག་པེ་ཅིན་དུ་འབྱོར་ཏེ། སྲིད་བློན་ཀྲོའུ་ཨིན་ལེ་ཡིས་རང་གི་སྡོད་ཤག་ཏུ་བཞུགས་སུ་བཅུག    སྤྱི་ལོ༡༩༦༦ལོའི་ཟླ་བརྒྱད་པའི་མཚན་མོ་ཞིག་ལ་པཎ་ཆེན་རིན་པོ་ཆེ་དམག་མི་འགས་བསྡམས་བཀྱིགས་བྱས་ཏེ་པེ་ཅིན་མི་རིགས་སློབ་གླིང་དུ་མི་ཚོགས་སྟོང་ཕྲག་དུ་མ་འདུས་བའི་དབུས་སུ་བཙན་གྱིས་ཁྲིད་ནས་འཐབ་རྩོད་དང་རྡུང་རྡེག   སྐྱོན་བརྗོད་སོགས་ལོ་གཉིས་ཙམ་ཞིག་ལ་ཉིན་མཚན་བསྟུན་མར་བྱས། སྤྱི་ལོ༡༩༦༨ལོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་གཞོན་དང༌།བོད་རང་སྐྱོང་ལྗོངས་གྲ་སྒྲིག་ལྷན་ཁང་གི་གཙོ་འགན་འཁུར་བའི་པཎ་ཆེན་རིན་པོ་ཆེ་དེ་མེས་རྒྱལ་ལ་ངོ་རྒོལ་དང༌། མི་དམངས་དང་སྤྱི་ཚོགས་རིང་ལུཊ་ལ་ངོ་རྒོལ་བྱེད་པའི་དགྲ་བོ་ཡིན་པར་ཁྱབ་བསྒྲགས་བྱས་ཏེ་བཙོན་མུན་དུ་ལོ་ངོ་དགུ་དང་ཟླ་བ་བརྒྱད་ལྷག་གི་རིང་བཞུགས། སྤྱི་ལོ ༡༩༧༧ ལོའི་ཟླ ༡༠ བར་གཞི་ནས་བཙོན་གྲོལ་བཏང༌། ༡༩༧༩ལོའི་ཟླ༧པའི་ཚེས༢ཉིན་ཏིན་ཞོ་ཕུན་གྱིས་དཀར་འདོན་གནང་སྟེ་པཎ་ཆེན་རིན་པོ་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་གཙོ་འཛིན་གཞོན་པར་བསྐོས།༡༩༨༠ལོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཚོགས་གཞོན་དུ་བསྐོས། ༡༩༨༦ལོར་ཀུན་གཟིགས་པཎ་ཆེན་མཆོག་གི་གཟིགས་སྐྱོང་འོག་གངས་ཅན་དར་རྒྱས་ཚད་ཡོད་སྤྱི་གཉེར་ཁང་བཙུགས།  ༡༩༨༧ལོའི་ཟླ༤བའི་ཚེས༡༥ཉིན་ཀུན་གཟིགས་པཎ་ཆེན་མཆོག་ནས་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་བཙུགས།   ༡༩༨༧ལོའི་ཟླ༩པའི་ཚེས༡ཉིན་ཀུན་གཟིགས་པཎ་ཆེན་མཆོག་གིས་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གསར་འཛུགས་མཛད། སྤྱི་ལོ༡༩༨༩ ལོའི་ཟླ༡ ཚེས་༢༨ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༨།༣༠སྟེང་གཙང་བཀྲ་ཤིས་ལྷུན་པོ་རུ་སྐུ་གཤེགས།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༡ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 48

  1. རྨེ་རུ། says:
    ལོ་ 15 སྔོན།

    གུས་པར་འོས་པའི་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས།བསམ་ཆར་བྲིས་ས་ནོར་འདུག།ངོ་མ་བསམ་ཆར་བྲིས་ས་ནོར་འདུག།ཁྱེད་རང་གི་ལུང་ལྡན་འདི་ཁྱེད་རང་གིས་ངོ་མ་ཡིན་བསམ་ན་འགྲིགས་འདུག།
    གཞན་ལ་ཨུ་ཚུགས་བརྒྱབ་ན་དངོས་ཡོད་གནས་ཚུལ་གྱིས་བཤད་གསལ་བྱེད་ཀྱི་རེད།རྗེས་སུ་ཁྱེད་ཀྱིས་བསམ་ཆར་བྲིས་ས་མི་ནོར་བ་གནང་རོགས།ཁྱེད་རང་དང་ང་ཕོད་ངག་དབང་འཇིགས་མེད་གཉིས་སུས་བོད་མི་རིགས་ལ་ཕན་ཐོགས་ཆེ་བ་བྱས་ཡོད་དམ།

    Reply
  2. ཐོས་དགའ། says:
    ལོ་ 15 སྔོན།

    རག་རྟ་ཚུལ་འཆལ་མུན་ནག་ཟེར་བ་ཁྱོད་ཀྱིས་ང་ཕོད་བསྐོར་གྱི་བསམ་འཆར་འདོན་ཡུལ་རྦད་དེ་ནོར་འདུག སྤྱི་འཐུས་འཚོག་རྭའི་ནང་ཁྲིམས་མེད་ལུགས་མེད་བྱས་བྱེད་ཉིད་ཀྱི་སྡུག་ལངས་ཤོར་བ་རེད།

    Reply
  3. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 15 སྔོན།

    ཆེས་ཤིན་ཏུ་བཀུར་འོས་མཁྱེན་ལྡན་གཟུར་གནས་དྲ་གྲོགས་ལྷན་རྒྱས་ལགས།
    ཕྲན་ལ་བྲེལ་ཟིང་ཆེ་སྟབས་མི་ཁོམ་པ་སྣ་དགུས་འཁྱུག་རེ་ཙམ་ལས་བཅར་ཁོམ་མི་འདུག་ན་དགོངས་དག་ཞུ།
    གོང་དུ་ཕྲན་གྱིས་དེ་ཡང་རྒྱལ་བ་ཀརྨ་མ་པ་སྐུ་འཕྲེང་ལྔ་བ་ཀརྨ་དེ་བཞིན་གཤེགས་པའི་ལུང་བསྟན་དུ།
    བདུད་སྤུལ་བླུན་པོ་ཀོང་ནས་འབྱུང། །
    དབུས་དཀྲུགས་དབུས་ཀྱི་ཆབ་སྲིད་འཇིག།
    ཅེས་གསུངས་ཡོད་འདུག
    ཀོང་ཞེས་པ་དེ་ཀོང་པོའི་ཡུལ་ནས་འབྱུང་བར་ལུང་བསྟན་པ་རེད། ཟེར་ཞེས་བཀོད་ཡོད་པ་ལས་ང་ཕོད་སྐྱེས་ཡུལ་ཀོང་པོ་རེད། ཅེས་ཞུས་མེད།

    ༡ དྲ་གྲོགས་རེ་ཟུང་གིས་ང་ཕོད་ཀོང་ཡུལ་དུ་མ་སྐྱེས་པའི་ཕྱིར་ཕྲན་གྱིས་ལུང་རྫུན་བཟོས་པ་རེད། ཅེས་དང། ད་ཡིན་ན་ལུང་ཚིག་དེ་རྫུན་མ་རང་ཆགས་སོང་། ཞེས་དང།

    ༢ གལ་སྲིད་དེ་དག་ལུང་བསྟན་ངོ་མ་ཡིན་ན་ལུང་བསྟན་གསུང་མཁན་ཁོང་ཚོས་མཁྱེན་བཞིན་རྐྱེན་ངན་དེ་ཚོ་ཅིའི་ཕྱིར་སྔོན་དུ་འགོག་ཐབས་མ་གནང་བ་རེད་དམ། ཞེས་དང།
    ༣ ཡང་རེ་ཟུང་གིས་སྤྱིར་ལུང་བསྟན་ཟེར་བ་དེ་རྩ་བ་ནས་ངོས་ལེན་མེད། ཁྱེད་ཀྱིས་འདི་འདྲའི་ལུང་དྲངས་པ་དེ་དག་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་གི་འགན་ཁུར་མེད་པའི་གཏམ་གཤད་དང་གཅིག་མཚུངས་ཡིན་ཕྱིར་ཁྱོད་ངོ་ཚ་གིན་མི་འདུག་གམ། ང་ཚོ་ངོ་ཚ་བཞིན་ཡོད་སྐོར་དང།

    ༤ ཡང་རེ་ཟུང་གིས་རང་ཉིད་མདོ་སྨད་པ་ཡིན་ཁུལ་གྱིས་ཁྱོད་ཀྱིས་བླ་རྒན་རེས་བཤད་བསྡད་པ་དེ་ཚོར་ཁུངས་བཅོལ་བ་ཁྱོད་རང་གིས་ལྐུག་རྟགས་བླ་མེད་རེད། ཅེས་སོགས་སོ་སོའི་རང་འདོད་ཀྱི་བསམ་འཆར་རེ་ཟུང་བྱུང་བ་དེ་དག་ལ་ཕྲན་གྱིས་ལྟ་ཐུབ་སོང་བས་ཁྱེད་ཚོས་དགོངས་འཆར་གསལ་བོ་གསུངས་བར་ངས་བཀའ་དྲིན་ཆེ་ཞུ་བ་དང་འབྲེལ་ལན་སྙིང་བསྡུས་ཙམ་རེ་འབུལ་འཐུས།

    ༡ ལན། ལུང་དེ་ཀརྨ་དེ་བཞིན་གཤེགས་པའི་གསུང་ནང་བཞུགས་ཡོད་པ་རེད། རྗེ་ཀརྨ་པ་དེ་བཞིན་གཤེགས་པའི་སྐུ་དུས་སུ་ཁོང་གིས་ལུང་བསྟན་གནང་བ་ཞིག་ཡིན་པ་ལས་ཕྲན་གྱི་རྫུན་བཟོ་བྱས་པ་ཞིག་མིན།

    གོང་དུ་ཕྲན་གྱིས་༼༼དེ་ཡང་རྒྱལ་བ་ཀརྨ་མ་པ་སྐུ་འཕྲེང་ལྔ་བ་ཀརྨ་དེ་བཞིན་གཤེགས་པའི་ལུང་བསྟན་དུ།
    བདུད་སྤུལ་བླུན་པོ་ཀོང་ནས་འབྱུང། །
    དབུས་དཀྲུགས་དབུས་ཀྱི་ཆབ་སྲིད་འཇིག།
    ཅེས་གསུངས་ཡོད་འདུག
    ཀོང་ཞེས་པ་དེ་ཀོང་པོའི་ཡུལ་ནས་འབྱུང་བར་ལུང་བསྟན་པ་རེད། ཟེར།༽༽
    ཞེས་བཤད་པ་ཙམ་ལས་ང་ཕོད་ཀོང་ཡུལ་དུ་སྐྱེས་པ་རེད་ཅེས་བཤད་མེད། གལ་སྲིད་ཡོད་ན་འདི་རེད། ཅེས་སྟོན་རོགས་ཞུ། ང་ཕོད་རང་ཉིད་དང་པོ་ནས་ང་ཕོད་ཁྱིམ་རྒྱུད་དུ་སྐྱེས་པ་མིན་ཡང་ཀོང་ཡུལ་དུ་ང་ཕོད་ཁྱིམ་རྒྱུད་དུ་མག་པར་སོང་བ་ཡིན་པ་ངས་ཤེས་ཀྱིན་ཡོད་ལ་ཀོང་ཡུལ་གྱི་ང་ཕོད་ཁྱིམ་རྒྱུད་ཆེན་པོ་དེར་མག་པར་བསྡད་རྗེས་དེའི་མིང་གནས་རྗེས་འབྲེལ་གྱིས་གཞི་ནས་ས་དབང་ཆེན་མོ་ཆགས་པར་ཤེས་ཀྱིན་ཡོད། ང་ཕོད་ཀྱི་གཞིས་ཀ་ཆ་ཚང་ཀོང་ཡུལ་དུ་ཡོད་པ་ཀུན་ཀྱིས་ལོས་མཁྱེན།
    ཀོང་ཡུལ་གྱི་ང་ཕོད་ཟམ་ཆེན་ཟེར་བ་སོགས་སུས་བརྒྱབས་ཕྲན་གྱིས་ཀྱང་ཤེས་ཀྱིན་ཡོད། དེའི་ཕྱིར་གོང་གི་ལུང་དེས་ང་ཕོད་ལུང་གིས་བསྟན་པ་རེད། ཅེས་དབུས་ཕྱོགས་ཀྱི་གནའ་དེང་གཉིས་ལ་རྒྱུས་མངའ་ཆེ་བའི་རྒན་རིམ་པ་ཤེས་ལྡན་མི་སྣ་གང་མང་གིས་གསུང་གིན་འདུག
    དེའི་ཕྱིར་ད་དུང་ལུང་ཚིག་དེ་རྫུན་མ་ཆགས་སོང་བ་རེད། ཅེས་རང་འདོད་ཀྱི་ཕྱོགས་ལྷུང་ཅན་གྱི་བསམ་ཚུལ་ཉིན་གྲངས་བརྒྱ་ཕྲག་ལ་ཁྱབ་བསྒྲགས་བྱས་ཀྱང་དེ་ཙམ་གྱིས་ཅི་ཡང་ཕན་མ་སོང་བས་དབུས་ཕྱོགས་རྒན་རིམ་པས་གསུངས་པ་ལྟར་སོ་ན་གནས་མིན་ལ་ཕྲན་གྱིས་ཞིབ་སྐབས་བརྒྱ་ཆ་༩༨དེ་ག་རང་ཡིན་ས་རེད། སྙམ་པ་ཞིག་བྱུང་སོང་བས་ཁྱེད་ཀྱིས་ཀྱང་ད་དུང་ཞིབ་འཇུག་གནོངས་ཤིག་ཞུ་རྒྱུ་ཡིན།

    ༢ ལན།

    ལུང་བསྟན་གནང་མཁན་ཚོས་འབྱུང་འགྱུར་ཚབས་ཆེའི་ཉེན་ཁ་སྔོན་འགོགས་ཆེད་ལུང་གིས་བསྟན་གནང་བ་རེད། དཔེར་ན་སློབ་དཔོན་རིན་པོ་ཆེས། རང་གིས་རང་ཉིད་མ་བསླུ་རྗེ་འབངས་རྣམས། །ཞེས་བོད་ནས་ཕྱིར་ཁེབས་ཁར་བོད་རྗེ་འབངས་ལ་འབྱུང་འགྱུར་རྐྱེན་ངན་གོད་ཆགས་རིགས་སྔོན་འགོག་གི་ཐབས་ལམ་ཡག་ཤོས་དེ་བསྟན་པ་ལྟ་བུ་རེད།

    ༣ ལན།

    ལུང་བསྟན་དང་མཁྱེན་པ་སོགས་རྩ་བ་ནས་ཁས་མ་བླངས་ཀྱང་སོ་སོར་རང་དབང་ཆ་ཚང་ཡོད་རེད།
    འོན་ཀྱང་ལུང་བསྟན་ཚང་མ་རྫུན་མ་རང་ཨེ་འགྲུབ་སྙམ།
    དཔེར་ན། སློབ་དཔོན་ཆེན་པོས།

    སྤྱི་གཅེས་དཀོན་མཆོག་མི་རོ་བཞིན་ཏུ་བོར།།
    དགོས་གཅེས་ཕ་མ་གྲི་མདུང་རྩེ་ལ་བསྐྱོན།།
    སྤྱོད་ངན་རང་གིས་བྱས་ནས་དུས་ངན་ཟེར།།
    དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན། །
    ཞེས་དང།

    མི་ལོ་བཅོ་བརྒྱད་བར་དུ་བརྟན་པར་འགྱུར།།

    ཞེས་གསུངས་པ་སོགས་རང་རེས་མཐོང་བཞིན་པ་དེ་དག་ཚང་མ་རྫུན་མ་རེད། ཅེས་ཕྲན་གྱིས་ཞུ་ནུས་མ་སོང་ཡང་ཅིག་བྱས་ན་ཕྲན་རྨོངས་དད་ཆེ་བས་དེ་ཡང་ལྐུག་རྟགས་བསྟན་པ་ཡིན་ཤས་ཆེ།

    དེ་བཞིན་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་འགན་ཁུར་མེད་པའི་གཏམ་བཤད་སུ་ཞིག་གིས་གནང་གིན་འདུག་གམ། གལ་སྲིད་དེ་ལྟར་གནང་མཁན་ཤེས་ཀྱིན་ཡོད་ན་ངེས་པར་མི་མང་གིས་འགན་བཞེས་ནས་འཁྱོག་པོ་ཡོ་བསྲེངས་བྱེད་དགོས་ངེས་རེད། གྲོས་ཚོགས་ནི་མང་ཚོགས་ལ་བརྟེན་ནས་བྱུང་བ་རེད་ལ་དེ་གང་ཞིག་བྱེད་མིན་གྱི་དབང་ཚད་ཆ་ཚང་མི་མང་རང་ཉིད་ལ་ཡོད་ཕྱིར་བོད་སྣོད་བཅུད་ཆགས་འཇིག་གི་དུས་ཚོད་ཉག་ཕྲའི་སྐབས་འདིར་རང་རེའི་ཤེས་ལྡན་པ་ཚོས་ལས་འགུལ་གྱི་སྣེ་ཁྲིད་དེ། ངེས་པར་འགན་ལེན་དགོས་ངེས་རེད་ལ་དེ་ལྟར་གནང་རོགས་ཞུ། ཞེས་འབོད་སྐུལ་ཞུ་གིན་ཡོད་ལགས། དེ་མིན་ངོ་ཚ་བསྡད་པས་ཅི་ཕན།

    ༤ ལན།

    མཁས་གྲུབ་གསེར་རིའི་འཕྲེང་བ་ལྟ་བུའི་རྗེ་ཀརྨ་པ་རིམ་བྱོན་སྤྱི་དང། ལྷག་ཏུ་ཀརྨ་དེ་བཞིན་གཤེགས་པ་ལྟ་བུའི་སྐྱེས་ཆེན་ཚོའི་རྡོ་རྗེའི་བཀའི་ལུང་བསྟན་ལ་ཁུངས་གཏུག གནའ་དེང་གཉིས་ཀྱི་ལོ་རྒྱུས་ལ་རྒྱུས་མངའ་ཆེ་བའི་ཤེས་ལྡན་རྒན་རིམ་པའི་ཉམས་སུ་མྱོང་སྟོབས་ཀྱི་འཇིག་རྟེན་གྲགས་ཚོད་ཀྱི་ཀུན་རྫོབ་ཀྱི་རྣམ་བཞག་མ་བརླགས་པར་རང་ཉིད་ཀྱི་བསམ་ཚུལ་བཤད་རྒྱུ་བྱུང་བ་འདི་ཕྲན་གྱིས་རང་ཉིད་སྐལ་བ་བཟང་པོ་ཡིན་པར་ངོས་འཛིན་བཞིན་ཡོད་པ་ལས་རང་གི་ལྐུག་རྟགས་སུ་ངོས་འཛིན་ཞུ་དགོས་མ་མཆིས་པས་འབྲེལ་ཡོད་ཚོ་ངོ་ཚ་དགོས་དོན་གང་ཡང་མེད་ལགས། ང་ཕོད་ཀྱིས་བོད་དུ་ཛ་དྲག་ཚབ་ཆེའི་སྐབས་ལྷ་ཀླུ་དང་མཉམ་ལས་མ་གནང་བར་མི་འཇོན་འཇོན་མདོག་བྱས་པ་དེས་གང་ཞིག་མཚོན་ཡོད་དམ།

    ང་ཕོད་ཀྱིས་མགོ་ཚེས་གཅིག་ནས་མཇུག་གནམ་གང་བར་དུ་འཆུག་ས་གཙོ་བོ་དེ་ཕྱི་ལོ་༡༩༥༠ལོར་མདོ་སྤྱི་གནང་སྐབས་ནས་མ་བྱུང་བ་ཡིན་པར་ཕྲན་གྱིས་ངོས་འཛིན་ཞུ་རྒྱུ་ཡིན།
    དེ་ཡང་དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་བཀའ་འབྲེལ་བཞིན་བོད་གཞུང་ཤེས་རིག་པར་ཁང་གིས་ཕྱི་ལོ་༢༠༠༤ལོར་དཔར་བའི་༧གོང་ས་མཆོག་གི་མཛད་རྣམ་ལེའུ་ལྔ་པ། བཙན་འཛུལ། ཞེས་པའི་སྐབས་ཀྱི་ཤོག་གྲངས་༡༠༥བའི་སྒང་ནས་མར་བརྩིས་པའི་ཐིག་འཕྲེང་༩པར།

    ༡༩༥༠ལོར་ཞབས་པད་ལྷ་ཀླུ་བ་བོད་ཤར་ཕྱོགས་སྤྱི་ཁྱབ་པའི་ལོ་དུས་རྫོགས་ཤིང་། གནས་ཚུལ་ཛ་དྲག་ཅན་དེ་འདྲའི་སྐབས་ལྷ་ཀླུའི་ཚབ་ཏུ་ཞབས་པད་ང་ཕོད་ངག་དབང་འཇིགས་མེད་བཏང་སྟེ་ང་ཕོད་ལྷ་ས་ནས་བོད་ཤར་ཕྱོགས་སུ་ཐོན་པ་དང། བཀའ་ཤག་ནས་གནས་ཚུལ་ཛ་དྲག་ཅན་ལ་བརྟེན་ལྷ་ཀླུ་ཡང་ང་ཕོད་དང་ཁུར་མཉམ་ལེན་གྱིས་སྡོད་དགོས་གནས་ཚུལ་བཏང་ཞིང། རིང་པོར་མ་སོང་བར་ང་ཕོད་ནས་འགན་འཁུར་ཚང་མ་ཐུབ་ཚུལ་བརྗོད་པར་བརྟེན་ལྷ་ཀླུ་ཕྱིར་ལོག་བྱས། དེ་རྗེས་ང་ཚོར་བརྡ་སྤྲོད་གང་ཡང་མ་བྱས་པར་གློ་བུར་ཞིག་ལ་རྒྱ་དམར་གྱི་དཔུང་དམག་བོད་དུ་བཙན་འཛུལ་བྱས་པ་རེད། ཅེས་གསུངས་འདུག་པས་དོན་གྱི་བདག་པོས་བསྡོམས་ཆ་ཚང་བརྒྱབ་མི་འདུག་གམ།

    ཤེས་ལྡན་དྲ་གྲོགས་ཚོས་གཟིགས་དང་ད་དུང་རང་རེ་རྣམས་ཆེས་བློ་ཕམ་སྐྱེ་གཞི་མདོ་སྤྱི་ལྷ་ཀླུས་སྐབས་རྒྱ་དམག་འགོག་ཆེད་ལས་འཆར་གང་ཞིག་བཀོད་བསྒྲིགས་ཀྱིས་བོད་གཞུང་ལ་སྙན་ཞུ་ཕུལ་མིན་དང། གལ་ཆེའི་དུས་སྐབས་དེར་བོད་གཞུང་བཀའ་ཤག་གིས་གཡས་ཁག་གཡོན་དཀྲིའི་བཀའ་ལན་གང་ཞིག་བསྩལ་འབྱོར་གནང་མིན་དང། དེར་བརྟེན་ཞབས་པད་ལྷ་ཀླུས་གཡུལ་འཁྲུགས་ཀྱི་འཆར་འགོད་ཕྱིར་འཐེན་བྱེད་དགོས་བྱུང་རབས་དང། དེ་རྗེས་ང་ཕོད་མདོ་སྤྱིར་ཕེབས་ནས་གང་ཞིག་བྱས་རབས་སོགས་བོད་ཀྱི་སྲིད་དོན་རྒྱལ་རབས་སྨད་ཆའི་ཤོག་ངོས་༤༣༠ཐམ་པའི་སྒང་ནས་མར་བརྩིས་པའི་ཐིག་ཕྲེང་༡༡པ་ནས་མར་རིམ་བཞིན་ཤོག་ངོས་གཉིས་ཙམ་གཟིགས་དང་དབུས་པ་ཚོས་གོང་གི་ལུང་བསྟན་དེས་ང་ཕོད་བསྟན་པ་རེད། ཅེས་དང། སྐབས་དེའི་དབུས་པའི་དམངས་གཞས་སུ་ཡོངས་གྲགས་ལ། ང་ཕོད་ངར་ནས་ཕྱིན་སོང་།། ཆབ་མདོ་བསྐྱལ་ནས་སླེབས་བྱུང།། ཆབ་མདོའི་གོ་མཛོད་ནང་ལ།། སྐྱག་པའི་དྲི་མ་ཁ་སོང།།
    ཞེས་པ་དེ་ཚོའི་ཚིག་རེ་རེ་བཞིན་དངོས་ཡོད་དོན་དག་གལ་ཆེན་རེ་ཡོད་ཚོད་འདུག་པ་ལས་དེ་དག་རྒྱུ་མཚན་རྩ་ནས་མེད་པ་ཞིག་ཨེ་ཡིན་སྙམ་པ་མི་འདུག་གམ། འོན་ཀྱང་གོང་ཞུས་ལྟར་ཕྲན་རང་ཉིད་ལ་ང་ཕོད་ལྷ་འདྲེ་གང་ཡིན་ཁྱད་པར་གང་ཡང་མེད། ལྷག་ཏུ་བོད་སྤྱི་དོན་ལ་ཕན་ཐོགས་མཁན་ཞིག་ཡིན་ཚེ་བདུད་ཡིན་ཡང་ང་ཚོས་ལྷ་བཞིན་བཀུར་བར་འོས་པར་སྙམ།།དེའི་ཕྱིར་ང་ཕོད་གྲོངས་པར་ཕྲན་གྱིས་མྱ་ངན་ཞུ་ཐུབ་མ་སོང་ལ་ཁོང་གི་མཛད་རྗེས་ལ་རྗེས་དྲན་ཞུས་པ་ནི་གོང་གསལ་ལྟར་ཡིན་ནོ།།

    Reply
  4. འདན་ཕྲུག་བློ་བཟང་ says:
    ལོ་ 15 སྔོན།

    ཚེ་བརྟན་རྡོ་རྗེ་ལགས།
    ངས་གོང་དུ་བྲིས་པའི་ཡིག་ནོར་འཛུམ་སྟོན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་རྗེས་སུ་ཡང་འཛུམ་སྟོན་གནང་བར་རེ་འབོད་ཤུགས་ཆེ་ཡོད་

    Reply
  5. གླིང་བསོད་ནམས་ཚེ་རིང་། says:
    ལོ་ 15 སྔོན།

    དེ་ནི་ཕལ་ཆེར་སང་གི་ཉིན་གང་པོར་ཡིན་རྒྱུ་རེད།

    Reply
  6. ཚེ་བརྟན་རྡོ་རྗེ། says:
    ལོ་ 15 སྔོན།

    དང་པོ། གཙོ་སྐྱོང་བ་གསུམ་གྱིས་འདི་ལྟ་བུའི་བགྲོ་གླེང་ཞིག་བཀོད་སྒྲིག་གནང་བ་ཐུགས་རྗེ་ཆེ་གྲངས་མེད་ཞུ།
    དེ་ནས་འདན་ཕྲུག་བློ་བཟང་ལགསལ་ཞུ་རྒྱུ། དྲ་ལམ་ཟེར་བ་ལས་ལེན་ཞེས་མ་བརྗོད་ན་ལེགས།

    Reply
  7. གཉན་པོ། says:
    ལོ་ 15 སྔོན།

    བརྩེ་བའི་དྲ་གྲོགས་དག་གི་བསམ་ཚུལ་ལམ་སྟོན་དུ་རུང་བ་ཁ་ཤས་གསུང་འདུག་པར་ང་ཚོས་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་བ་དང་མཉམ་དུ་སང་ཉིན་ཕེབས་པར་བསྒུག་གི་ཡིན།

    Reply
  8. འདན་ཕྲུག་བློ་བཟང་ says:
    ལོ་ 15 སྔོན།

    ཨོ་ཧོ་ངས་དྲ་གྲོགས་ཚོར་དགོངས་དག་སྙིང་དབུས་ནས་ཞུ་རྒྱུ་ཡིན་
    རང་ཤག་ལ་ལེན་ཡག་པོ་མེད་པས་འདི་ལྟར་ཆགས་སོང་།
    རྗེས་སུ་གཟབ་ཡོང་།

    Reply
  9. འདན་ཕྲུག་བློ་བཟང་ says:
    ལོ་ 15 སྔོན།

    དང་ཐོག་ངས་བརྗོད་གཞི་ཁག་གསུམ་ལ་བགྲོ་གླེང་བྱེད་དེ་པཎ་ཆེན་རིན་པོ་ཆེ་མཆོག་རྗེས་དྲན་གནང་བར་དགའ་བསུ་དང་འཚམས་འདྲི་སླད་མེད་ཡོད།
    དེ་དང་དྲ་གྲོགས་འགས་བགྲོ་གླེང་བྱེད་ཡུལ་གྱི་ས་གནས་སྐོར་བསམ་ཚུལ་མང་པོ་བྲིས་འདུག་ རེད་དེ་ ངས་བལྟས་ན་ས་གནས་གང་དུ་གྲ་སྒྲིགས་བྱེད་ཀྱང་གཙོ་བོ་གོང་བཀོད་ཀྱི་བརྗོད་གཞི་གསུམ་ལ་དཔྱད་ཞིབ་དང་གོ་བསྡུ་ནན་ཏན་བྱེད་དེ་སྤྱན་མིག་ཆུང་བ་ཚོས་སྔར་ཤེས་རྟོགས་མེད་པའི་རླབས་ཆེའི་མཛད་འཕྲིན་ཇི་ཡོད་རིམ་བཞིན་ཁ་བརྡ་དང་འཛུབ་སྟོན་ལམ་ནས་གོ་སྟོབས་སྤེལ་དགོས་རྒྱུ་དང་།
    བཀུར་འོས་པཎ་ཆེན་རིན་པོ་ཆེས་ཤུལ་བཞག་གི་མཛད་རྗེས་དག་ ད་ལྟར་ང་ཚོས་གཅེས་སྐྱོང་སྤེལ་གསུམ་གང་དགོས་དང་ མ་འོངས་མི་རབས་རྗེས་མ་ཚོའི་ཕྱག་ཏུ་ཉམས་མེད་ཇི་ལྟར་འབུལ་ཚུལ་སྐོར་ཁ་གསལ་གོ་བདེའི་ལམ་སྟོན་རེ་གནང་དགོས་པ་ནི་ སྐབས་འདིའི་ལས་འགན་གཙོ་ཆེ་ཞིག་ཡིན་པ་སེམས།
    དེས་ན་ང་ཚོས་འདིའི་གནད་དོན་ཇི་ཡིན་སྐོར་བསམ་ཞིབ་ཡང་ཡང་གནང་རོགས་
    བདེ་མོ་བྱས་
    སང་ཉིན་མཇལ་ཡོང་།

    Reply
  10. འདན་ཕྲུག་བློ་བཟང་ says:
    ལོ་ 15 སྔོན།

    དང་ཐོག་ངས་བརྗོད་གཞི་ཁག་གསུམ་ལ་བགྲོ་གླེང་བྱེད་དེ་པཎ་ཆེན་རིན་པོ་ཆེ་མཆོག་རྗེས་དྲན་གནང་བར་དགའ་བསུ་དང་འཚམས་འདྲི་སླད་མེད་ཡོད།
    དེ་དང་དྲ་གྲོགས་འགས་བགྲོ་གླེང་བྱེད་ཡུལ་གྱི་ས་གནས་སྐོར་བསམ་ཚུལ་མང་པོ་བྲིས་འདུག་ རེད་དེ་ ངས་བལྟས་ན་ས་གནས་གང་དུ་གྲ་སྒྲིགས་བྱེད་ཀྱང་གཙོ་བོ་གོང་བཀོད་ཀྱི་བརྗོད་གཞི་གསུམ་ལ་དཔྱད་ཞིབ་དང་གོ་བསྡུ་ནན་ཏན་བྱེད་དེ་སྤྱན་མིག་ཆུང་བ་ཚོས་སྔར་ཤེས་རྟོགས་མེད་པའི་རླབས་ཆེའི་མཛད་འཕྲིན་ཇི་ཡོད་རིམ་བཞིན་ཁ་བརྡ་དང་འཛུབ་སྟོན་ལམ་ནས་གོ་སྟོབས་སྤེལ་དགོས་རྒྱུ་དང་།
    བཀུར་འོས་པཎ་ཆེན་རིན་པོ་ཆེས་ཤུལ་བཞག་གི་མཛད་རྗེས་དག་ ད་ལྟར་ང་ཚོས་གཅེས་སྐྱོང་སྤེལ་གསུམ་གང་དགོས་དང་ མ་འོངས་མི་རབས་རྗེས་མ་ཚོའི་ཕྱག་ཏུ་ཉམས་མེད་ཇི་ལྟར་འབུལ་ཚུལ་སྐོར་ཁ་གསལ་གོ་བདེའི་ལམ་སྟོན་རེ་གནང་དགོས་པ་ནི་ སྐབས་འདིའི་ལས་འགན་གཙོ་ཆེ་ཞིག་ཡིན་པ་སེམས།
    དེས་ན་ང་ཚོས་འདིའི་གནད་དོན་ཇི་ཡིན་སྐོར་བསམ་ཞིབ་ཡང་ཡང་གནང་རོགས་
    བདེ་མོ་བྱས་
    སང་ཉིན་མཇལ་ཡོང་།

    Reply
  11. འདན་ཕྲུག་བློ་བཟང་ says:
    ལོ་ 15 སྔོན།

    དང་ཐོག་ངས་བརྗོད་གཞི་ཁག་གསུམ་ལ་བགྲོ་གླེང་བྱེད་དེ་པཎ་ཆེན་རིན་པོ་ཆེ་མཆོག་རྗེས་དྲན་གནང་བར་དགའ་བསུ་དང་འཚམས་འདྲི་སླད་མེད་ཡོད།
    དེ་དང་དྲ་གྲོགས་འགས་བགྲོ་གླེང་བྱེད་ཡུལ་གྱི་ས་གནས་སྐོར་བསམ་ཚུལ་མང་པོ་བྲིས་འདུག་ རེད་དེ་ ངས་བལྟས་ན་ས་གནས་གང་དུ་གྲ་སྒྲིགས་བྱེད་ཀྱང་གཙོ་བོ་གོང་བཀོད་ཀྱི་བརྗོད་གཞི་གསུམ་ལ་དཔྱད་ཞིབ་དང་གོ་བསྡུ་ནན་ཏན་བྱེད་དེ་སྤྱན་མིག་ཆུང་བ་ཚོས་སྔར་ཤེས་རྟོགས་མེད་པའི་རླབས་ཆེའི་མཛད་འཕྲིན་ཇི་ཡོད་རིམ་བཞིན་ཁ་བརྡ་དང་འཛུབ་སྟོན་ལམ་ནས་གོ་སྟོབས་སྤེལ་དགོས་རྒྱུ་དང་།
    བཀུར་འོས་པཎ་ཆེན་རིན་པོ་ཆེས་ཤུལ་བཞག་གི་མཛད་རྗེས་དག་ ད་ལྟར་ང་ཚོས་གཅེས་སྐྱོང་སྤེལ་གསུམ་གང་དགོས་དང་ མ་འོངས་མི་རབས་རྗེས་མ་ཚོའི་ཕྱག་ཏུ་ཉམས་མེད་ཇི་ལྟར་འབུལ་ཚུལ་སྐོར་ཁ་གསལ་གོ་བདེའི་ལམ་སྟོན་རེ་གནང་དགོས་པ་ནི་ སྐབས་འདིའི་ལས་འགན་གཙོ་ཆེ་ཞིག་ཡིན་པ་སེམས།
    དེས་ན་ང་ཚོས་འདིའི་གནད་དོན་ཇི་ཡིན་སྐོར་བསམ་ཞིབ་ཡང་ཡང་གནང་རོགས་
    བདེ་མོ་བྱས་
    སང་ཉིན་མཇལ་ཡོང་།

    Reply
  12. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    དྲ་གྲོགས་ཚེ་རིང་སྐྱིད་ལགས ཁྱོད་ཀྱི་བསམ་ཚུལ་གསུངས་པ་གོ་སོང་། ཡིན་ནའང། ང་ཚོས་འདི་ལྟར་ཁག་བགོས་བྱ་དོན་ནི་བགྲོ་གླེང་སྐབས་ཅུང་ཀུ་ཡངས་པོ་དང་བསམ་ཚུལ་ལྷོད་ལྷོད་ཀྱིས་ཀློག་ཐུབ་པ་སོགས་ཀྱི་དགེ་མཚན་ལ་བསམ་བློ་བཏང་བའི་ཁུལ་ཡིན། ཁ་སང་གསེར་གྱི་གཟེངས་རྟགས་སྐབས་ང་གཅིག་པོའི་ཟིན་བྲིས་ནང་འཚོགས་དུས་འཚང་ཁ་ཆེ་དྲག་ནས་འཕྲལ་དུ་ཀློག་ཐུབ་ཀྱི་མི་འདུག་དང་བརྗོད་གཞི་ཁག་བགོས་མི་འདུག ཅེས་བཤད་མཁན་མང་པོ་འདུག་པས་ང་ཚོས་དེ་ལྟར་ཐག་གཅོད་ཅིག་བྱས་པ་ཡིན། ཁྱེད་ཀྱིས་བགྲོ་གླེང་འདི་ལ་ད་ལྟ་ནས་སྒུག་རྒྱུ་ཡིན་ཞེས་པ་གོ་དུས་ཧ་ཅང་དགའ་ཡོད། ཡིན་ནའང། ད་དུང་ཆུ་ཚོད་བཅུ་བཞི་ཙམ་ཡོད་པས་ཅུང་ངལ་གསོས་ནས་བགྲོ་གླེང་དབུ་ཚུགས་པ་དང་འགན་གཙོ་ལེན་གྱིས་ཕེབས་པའི་རེ་བ་ཞུ།

    Reply
  13. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    དྲ་གྲོགས་སྟོབས་ལགས་ཀྱིས་བསམ་ཚུལ་ལྷུག་པོ་བཤད་པ་དྲ་གྲོགས་ཚང་མས་གོ་སོང་ངམ། སང་ཉིན་ཁོང་ལ་མཛད་བྲེལ་མང་བ་དང་ང་ཚོའི་བཀོད་སྒྲིག་འཆར་གཞིས་འདོད་པ་ཚིམས་ནས་བགྲོ་གླེང་འཚོགས་ཡུལ་སྔར་མུས་བཞག་ན་འགྲིག་པར་གསུངས་འདུག ཡིན་ནའང། མཉམ་ཞུགས་ཀྱི་འདོད་པ་ཆེན་པོ་ཡོད་པར་ཁས་བླངས་པ་ལ་བཀོད་སྒྲིག་པ་ང་ཚོ་དགའ་ཡོད།

    Reply
  14. རྨེའུ་དཀོན་རྒྱམ། says:
    ལོ་ 15 སྔོན།

    ཁམས་བཟང་། ཚེ་རིང་སྐྱིད། ང་ཚོར་ཁྱེད་ཀྱིས་རྒྱབ་སྐྱོར་རྣམ་དག་བགྱིས་པའི་དྲིན་དྲན་དུ། ང་ཚོའི་ངོས་ནས་ཀྱང་སྦྲགས་ལམ་བརྒྱུད་ནས་ཁྱོད་ལ་དེབ་གཅིག་བསྐུར་ཡོད་པས། རྗེས་ཕྱོགས་འབྱོར་ཡོད་མེད་ཀྱི་བརྡ་ལན་གསལ་བོ་ཞིག་བསྐུར་རོགས་ཞུ།

    Reply
  15. རྨེའུ་དཀོན་རྒྱམ། says:
    ལོ་ 15 སྔོན།

    ཚེ་རིང་སྐྱིེད་ཀྱི་བསམ་ཕྱོགས་ལ་རྒྱབ་སྐྱོར་ཡོད་ལ། དེ་མིན་དང་ཐོག་ནས་གཙོ་སྐྱོང་བ་རྣམ་པའི་ཐུགས་སྣང་ཆེན་པོའི་སྒོ་ནས། བཏང་འཛིན་དང་མཐའ་སྡོམ་གནད་ལ་འཁེལ་བ་རེ་རྒྱག་རྒྱུའི་རེ་འདུན་ཞུ། གཞན་ཡང་མཉམ་ཞུགས་གནང་མཁན་རྣམ་པའི་ངོས་ནས་ཀྱང་། བརྗོད་གཞི་དང་འབྲེལ་བ་ཡོད་པའི་སྒོ་ནས་དཔྱད་གཞིགས་ཀྱིས། དགོངས་ཚུལ་དང་བསམ་སྟངས་ཅི་བས་ཀྱང་མང་པོ་སྤེལ་ཕྱོགས་ལ་ཐུགས་ཉམས་བཞེས་རྒྱུ། ལྷག་པར་དུ་ང་རང་ལ་ཆུ་ཚོད་ཀྱིས་འཁོམ་ལོངས་བྱུང་ན། འགན་ལེན་མཉམ་འཁུར་བྱེད་རྒྱུའི་འདུན་པ་ཆེའོ།།

    Reply
  16. ཚེ་རིང་སྐྱིད། says:
    ལོ་ 15 སྔོན།

    སྤྱིར་ཡིན་ན་དེ་དགོང་ཁྱིམ་ཚང་གཞན་དུ་འཛོམས་རྒྱུ་ཡིན་པ་ཟླ་གཅིག་གི་སྔོན་ནས་ཁས་བླངས་ཡོད་ལ། ཕལ་ཆེར་ང་ལྟ་བུའི་ཁེར་རྐྱང་གཅིག་མ་གཏོགས་དེ་དགོང་ཡིན་ན་གཅིག་པུ་བསྡད་ཡོད་མཁན་ཡོད་མི་སྲིད། མི་ཚང་མ་ཡུ་ཤུའི་འཁྲུངས་སྐར་ལ་བྲེལ་འདུག་པ་མ་ཟད༌། ནམ་རྒཡ྄ན་ང་ཆོས་པ་མིན་ཟེར་མཁན་དེ་ཚོ་ཡིན་ཡང་དེ་རིང་ཆོས་པ་མིན་པ་བརྗེ་སོང་བར་སྣང༌།
    ཡིན་ཡང་དྲ་ཐོག་གི་བགྲོ་གླེང་མཉམ་ཞུགས་བྱ་ཆེད་གང་ལ་ཡང་བསམ་བློ་མི་གཏོང་བར་རང་གཅིག་པུ་བསྡད་ནས་དྲ་གྲོགས་ཚོས་བགྲོ་གླེང་མགོ་འཛུམས་པར་སྒུག་རྒྱུ་ཡིན།
    ངས་ནི་ཆེར་ཞིག་གླེང་མི་ཤེས་ཀྱང་ཉན་རྒྱུར་དགའ་བོ་ཡོད། མ་ཟད་ཁྱེད་ཚཽ་ཉོབ་སྣང་མེད་པར་བཟོ་བ་ངའི་ལས་འགན་ལ་བཞག་ཆོག

    Reply
  17. ཚེ་རིང་སྐྱིད། says:
    ལོ་ 15 སྔོན།

    ཟིན་བྲིས་ཁག་གསུན་གྱི་ནང་དུ་བརྗོད་གཞི་སྤེལ་ན་སྐོར་སོ་སོར་ཆགས་འགྲོ་གིན་མ་རེད་དམ། འཚོགས་ཡུལ་གཅིག་བྱེད་ན་གང་འདྲ་འདུག

    Reply
  18. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    དྲ་ཐོག་བགྲོ་གླེང་ཐེངས་གཉིས་པའི་སྐབས་ཀྱི་མཛད་རིམ་གཤམ་གསལ།

    ༡། ཆུ་ཚོད་བཅུ་བའི་སྟེང་བགྲོ་གླེང་གཙོ་སྐྱོང་བ་སོ་སོས་རང་རང་གི་ཟིན་བྲིས་ནང་བགྲོ་གླེང་དབུ་འཛུགས་ཀྱི་གཏམ་བཤད་རྩོམ་ཡིག་སྤེལ་རྒྱུ།
    ༢། ཆུ་ཚོད་བཅུ་གཅིག་ཕྱེད་ཀ་ནས་ཆུ་ཚོད་བཅུ་གཅིག་དང་སྐར་མ་བཞི་བཅུ་ཞེ་ལྔའི་བར་དུ་སྔ་དྲོའི་ངལ་གསོའི་བར་གསེང་གཏོང་རྒྱུ།
    ༣། ཆུ་ཚོད་བཅུ་གཅིག་དང་སྐར་མ་བཞི་བཅུ་ཞེ་ལྔའི་སྟེང་ཡང་བསྐྱར་བགྲོ་གླེང་གཙོ་སྐྱོང་བ་དག་གིས་མཆན་སྔ་མ་དག་སྤྱི་བསྡོམས་བྱས་ཏེ་སྙིང་དོན་གཙོ་བོ་དག་ཟིན་བྲིས་སུ་སྤེལ་ཏེ་བགྲོ་གླེང་བསྐྱར་ཏུ་དབུ་འཛུགས་བྱ་རྒྱུ།
    ༤། ཆུ་ཚོད་གཅིག་དང་ཕྱེད་ཀ་ནས་ཆུ་ཚོད་གཉིས་དང་ཕྱེད་ཀའི་བར་དུ་ཉིན་གུང་གི་གསོལ་ཚིགས་བར་གསེང་གཏོང་རྒྱུ།
    ༥། ཆུ་ཚོད་གཉིས་དང་ཕྱེད་ཀ་ནས་བགྲོ་གླེང་གཙོ་སྐྱོང་བ་དག་གིས་བགྲོ་གླེང་འཚོགས་ཐེངས་གཉིས་ཀྱི་གྲུབ་འབྲས་ལ་སྤྱི་བསྡོམས་བྱས་ཏེ་ཕྱི་དྲོའི་བགྲོ་གླེང་དབུ་འཛུགས་ཀྱི་གཏམ་བཤད་རྩོམ་ཡིག་སྤེལ་རྒྱུ།
    ༦། ཆུ་ཚོད་ལྔ་བ་ནས་ལྔ་དང་སྐར་མ་བཅོ་ལྔའི་བར་དུ་ཕྱི་དྲོའི་ངལ་གསོའི་བར་གསེང་གཏོང་རྒྱུ།
    ༧། ཆུ་ཚོད་ལྔ་དང་སྐར་མ་བཅོ་ལྔའི་སྟེང་བསྐྱར་ཏུ་བགྲོ་གླེང་གཙོ་སྐྱོང་བ་དག་གིས་མཆན་བུ་སྔ་མ་རྣམས་ལ་སྤྱི་བསྡོམས་བྱས་ནས་སྙིང་དོན་ཟིན་བྲིས་སུ་སྤེལ་རྒྱུ།
    ༨། ཆུ་ཚོད་བདུན་པའི་སྟེང་གཙོ་སྐྱོང་བ་ཚོས་བགྲོ་གླེང་མཇུག་བསྡོམས་ཀྱི་མཆན་བུ་སྤེལ་ཏེ་བརྩེ་བའི་དྲ་གྲོགས་བགྲོ་གླེང་བ་རྣམས་དང་ཐག་ཉེ་རིང་གི་ཀློག་མཁན་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས་བགྲོ་གླེང་མཇུག་བསྡུ་རྒྱུ།

    Reply
  19. འབྲོག་ཁྱི། says:
    ལོ་ 15 སྔོན།

    ཨ་ཁ་དེ་རིང་མ་ཏོག་མཐོང་མ་སོང་ཡིན་ན་ཡང་སང་ཉིན་ངེས་པར་དུ་ང་རང་ཡང་འཛུལ་ཞུག་ཐུབ་ན་ཇི་འདྲའི་སྐལ་བ་བཟང་།

    Reply
  20. ཚེ་རིང་བཀྲ་ཤིས། says:
    ལོ་ 15 སྔོན།

    གྲོགས་པོ་བོན་རྒྱ་མཆོག་གི་དབུས་གོ་སྒྲིག་པ་གསུམ་ལ་བཀྲ་ཤིས་བདེ་ལེགས་ཞུ།
    འདིར་ཆེད་དུ་བཀའ་འདི་ཞུ་རྒྱུར་བགྲོ་གླེང་འདི་སང་ཉིན་ཆུ་ཚོད་ག་དུས་ནས་ཡིན་པའི་ལན་ཞལ་གསལ་ཞིག་མཁྱེན་མཁྱེན།

    Reply
  21. གཙང་ཕྲུག་སྟོབས་ལགས། says:
    ལོ་ 15 སྔོན།

    དྲ་གྲོགས་ལྷན་རྒྱས་ལགས།
    འདི་གར་མཚམས་སྦྱོར་གྱི་ཚུལ་དུ་ཞུ་རྒྱུ་ལ།
    གདན་ས་བཀྲ་ཤིས་ལྷུན་པོའི་༸པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ཁང་གིས་འདི་ལོ་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་སྐུ་གཤེགས
    ནས་མི་ལོ་ཉི་ཤུ་བའི་རྗེས་དྲན་ཆེད
    ༸གོང་ས་མཆོག་དབུ་བཞུགས་ཀྱིས་རྗེས་དྲན་མཛད་སྒོ་དང།་གནང་རྒྱུ་དང།
    ༸པཎ་ཆེན་ཨེར་ཏེ་ནི་གླེང་བ་ཞེས་པའི་ཆེད་རྩོམ་དང།
    ༸པཎ་ཆེན་སྐུ་ཕྲེང་བཅུ་པའི་རྟོགས་བརྗོད་
    ༸པཎ་ཆེན་སྐུ་ཕྲེང་བཅུ་པའི་མཛད་རྣམ་དབུ་འབྱེད་གནང་རྒྱུ་རེད།
    ཚེས་ཉེར་བདུན་ཉིོན་ནས་ཉིན་ལྔའི་རིང་༸པཎ་ཆེན་རིན་པོ་ཆེ་དང་འབྲེལ་བའི་གོས་ཐང་རྙིང་པ་དང།་
    ༸པཎ་ཆེན་བཅུ་པ་ཆེན་པོའི་སྐུ་པར་འདྲ་མིན་གྲངས་ཉིས་བརྒྱ་ལྷག་གི་འགྲམེ་སྟོན་ཞིག་ཐེག་ཆེན་གཙུག་ལག་ཁང
    གི་ཉེ་འགྲམ་དུ་གནང་རྒྱུ་རེད།
    དོན་གཉེར་ཅན་ཚོས་ངེས་པར་དུ་གཟིགས་པ་ཕེབས་དང་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་སྐུ་པར་འགའ་ཞིག་ནི་ཁྱེད་རྣམ་པས་རྩ་བ་ནས་
    མཐོང་མྱོང་མེད་པའི་་ཁ་ཚོན་བཅོད་ཐུབ།
    དངོས་གནས་ལོ་རྒྱུས་ཀྱི་རིན་ཐང་ཆེན་པོ་ལྡན་འདུག

    Reply
  22. གཙང་ཕྲུག་སྟོབས་ལགས། says:
    ལོ་ 15 སྔོན།

    བདག་གིས་ཀྱང་དེ་འདྲ་ཞིག་བསམ་ནས་ཟླ་འདིའི་ཚེས་བཅུ་བཞི་ཉིན་༸པཎ་ཆེན་སྐུ་ཕྲེང་བཅུ་པ་སྐུ་མྱ་ངན་ལས་འདས་ཏེ་མི་ལོ་
    ཉི་ཤུ་འཁོར་བའརྗེས་དྲན་དང་དང།་རང་ངོས་ནས་རྩོམ་འབྲི་བྱེད་བཞིན་པའི་༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ཅེས་པ་ལས་ལེ་ཚན་ཞིག
    བསམ་ཚུལ་ལེན་པའི་ཆེད་སྤེལ་ཡོད་ཀྱང་བསམ་ཚུལ་གནང་མཁན་དེ་ཙམ་བྱུང་མི་འདུག

    Reply
  23. གཙང་ཕྲུག་སྟོབས་ལགས། says:
    ལོ་ 15 སྔོན།

    དྲ་གྲོགས་རྣམ་པ་དགོངས་དག
    ༸པཎ་ཆེན་སྐུ་ཕྲེང་བཅུ་པ་སྐུ་མྱ་ངན་ལས་འདས་ེ་མི་ལོ་ཉི་ཤུ་འཁོར་བའི་རྗེས་དྲན་གྲ་སྒྲིག་དང་༸གོང་ས་མཆོག་ལ་བརྟན་བཞུགས་
    འབུལ་རྒྱུའི་ལས་འབྲེལ་གྱི་རྐྱེན་པས་ཉིན་ཤས་ཟིན་བྲིས་ནང་ཞུགས་ཐུབ་མ་སོང།་
    དེ་རིང་གཞུང་དོན་གྱི་བཀའ་ཤག་ལ་བཅར་སྐབས་ཀྱི་ལམ་ཞོར་དུ་དྲ་གྲོགས་བོན་རྒྱ་ལགས་ནས་ཞལ་པར་འབྱོར་བ་དང་
    གནས་ཚུལ་དེའི་སྐོར་གསུང་བྱུང།
    ལས་འབྲེལ་གྱི་རྐྱེན་པས་རྗེས་སུ་ཞལ་པར་ཕུལ་ཆོག་ཞུས་པ་ཡིན།
    ཞིབ་ཕྲའི་བཀའ་མོལ་སྐབས་ངེས་པར་དུ་དྲ་ཚིགས་ལ་བལྟ་དགོས་པའི་སྐུལ་མ་གནང་བ་ལྟར་ལྟ་སྐབས་ཁྱེད་རྣམ་པས་དོ་
    ཁུར་ཆེ་བཞེས་ཀྱི་བསམ་ཚུལ་ཇི་སྙེད་གནང་འདུག་པ་ཐུགས་རྗེ་ཆེ།
    སང་ཉིན་ལས་འབྲེལ་ཆེ་ཡང་ངེས་པར་དུ་མཉམ་ཞུགས་ཐུབ་པའི་འབད་བརྩོན་ཞུ་རྒྱུ་ཡིན།
    བོན་རྒྱ་ལ་རྗེས་སུ་ཞལ་པར་ཐོག་འའབྲེལ་བ་ཞུས་ཆོག་པ།

    Reply
  24. འདན་ཕྲུག་བློ་བཟང་ says:
    ལོ་ 15 སྔོན།

    གསེར་རྟ་བ་ཚུལ་ཁྲིམས་འོད་ཟེར་ལགས།
    སྤྱི་མཐུན་ཚོ་གྲོས་ཚོགས་ཕྱི་ནང་གང་ལ་སྥེབས་ན་སྒྲིགས་འགལ་གྱི་ནག་ཉེས་རྐྱང་རྐྱང་བསགས་ནས་
    མི་མང་གི་འགོ་ཁྲིད་གང་འདྲ་ཞིག་བྱེད་འཆར་ཡོད།
    དངོས་གནས་ཡིན་ འདི་ལ་སྐྱན་ཆེ་ཙམ་གྱིས་གཟིགས་དང་བསམ་འཆར་འདོན་ས་ནོར་འདུག་
    རྗེས་སུ་གཟབ་གཟབ་གནང་རོགས་ཁྲིམས་འགལ་རེད་ད་ཨེ་གོ་ཐལ་

    Reply
  25. གཉན་པོ། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོའི་བསམ་ཚུལ་ལ་དགའ་བསུ་ཡོད་མོད། སྟོབས་ལགས་སུ་སྔ་ཕྱིར་འབྲེལ་བ་ཐེངས་ཁ་ཤས་བྱས་ན་ཡང་ཁོང་ལ་དམིགས་བསལ་གྱི་གྲ་སྒྲིག་གང་ཡང་མི་འདུག ཁོང་གིས་ང་ཚོའི་གསལ་བསྒྲགས་འདི་དག་མཐོང་ཡང་མི་འདུག་ལ་གལ་སྲིད་ཁོང་གིས་ལོ་མང་རིང་ཞིབ་འཇུག་གནང་བའི་རྩོམ་གསར་དང་གཏམ་གསར་ཅི་ཡོད་ལ་ང་ཚོས་རེ་བས་བསྒུག་ཡོད། སང་ཉིན་ང་ཚོར་འདི་འདྲའི་ཉམས་ཞིབ་པ་མང་བོ་ཞིག་ཡོད་ན་ཅི་མ་རུང་། སྟོབས་ལགས་གཙོས་པའི་དྲ་གྲོགས་ཚོ་སང་ཉིན་གྱི་བགྲོ་གླེང་དུ་ཕེབས་པར་དགའ་བསུ་ཞུ།

    Reply
  26. བཤད་སྒྲུབ says:
    ལོ་ 15 སྔོན།

    དྲ་གྲོགས་གསུམ་ནས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་མཛད་འཕྲིན་སྐོར་ལ་བགྲོ་གླེང་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཨ་ཁུ་བོན་རྒྱ་ལགས། དྲ་གྲོགས་དབུས་ཕྲུག་ཚེ་རིང་གིས་གསུངས་པ་བཞིན་པཎ་ཆེན་ཞབས་ཞུ་ལས་དོན་བསྟེ་ཁང་གི་ཉམས་ཞིབ་པ་གཙང་ཕྲུག་སྟོབས་ལགས་ཀྱི་ཟིན་བྲིས་སུ་གོ་སྒྲིག་གནང་བདེ་ཡོད་ན་ཡག་པོ་འདུག་སྙམ།

    Reply
  27. རྨེ་རུ། says:
    ལོ་ 15 སྔོན།

    གུས་པར་འོས་པའི་དྲ་གྲོགས་གསུམ་གྱིས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་མཛད་འཕྲིན་སྐོར་ལ་བགྲོ་གླེང་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
    བརྗོད་གཞི་ཁག་བགོད་བྱས་པ་འདི་དག་ཀྱང་ཧ་ཅང་གི་ལེགས་པོ་གནང་འདུག།གོང་དུ་དྲ་གྲོགས་དབུ་ཕྲུག་ལགས་ཀྱིས་གསུངས་པ་བཞིན་དུ་པཎ་ཆེན་ཞབས་ཞུ་ལས་དོན་བསྟེ་ཁང་གི་ཉམས་ཞིབ་པ་གཙང་ཕྲུག་སྟོབས་ལགས་ཀྱི་ཟིན་བྲིས་སུ་གོ་སྒྲིག་གནང་བདེ་ཡོད་ན་ཡག་པོ་འདུག་སྙམ།
    གང་ཡིན་བརྗོད་ན་གཙང་ཕྲུག་སྟོབས་ལགས་ནི་དམིགས་བསལ་གྱི་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་མཛད་འཕྲིན་སྐོར་ལ་ཉམས་ཞིབ་གནང་ནས་མི་ལོ་ལྔ་དྲུག་ཞིག་འདས་ཡོད།ཁངོ་གི་་ལས་ཁུངས་འདི་ནས་ཀུན་གཟིགས་མཆོག་གི་མཛད་འཕྲིན་སྐོར་གྱི་ཡིག་ཆ་དང་པར་རིས་གཟུགས་མཐོང་བརྙན་འཕྲིན་སོགས་མང་པོ་འཚོ་བསྡུ་གནང་བཞིན་ཡོད།
    དེར་བརྟེན་ང་ཚོས་མ་ཐོས་པ་དང་མ་མཐོང་པ་མང་པོ་ཞིག་ཁངོ་ལ་ཡོད་ངེས།ལྷག་པར་དུ་གཙང་ཕྲུག་སྟོབས་ལགས་སྒེར་ངོས་ནས་ཀུན་གཟིགས་བཅུ་པ་མཆོག་གི་སྐོར་ལ་དེབ་གཅིག་ཀྱང་བྲིས་ཡོད་པ་གོ་་ཐོས་བྱུང།གཙང་ཕྲུག་ལགས་དེང་སང་བརྟན་བཞུགས་ཀྱི་གོ་སྒྲིག་བྱེད་ཀྱི་ཡོད་སྟབས་ལས་བྲེལ་ཡང་ཡོད་སྲིད།གལ་ཏེ་ཁངོ་ཁོམ་པ་མེད་ན་ཐབས་ཤེས་ཅི་ཡོད།
    ཁྱེད་རྣམས་ཀྱིས་ཁོང་འབྲེལ་ཞུ་ཡོད་སྲིད་གལ་ཏེ་ཁོང་གི་ཟིན་བྲིས་ནང་བྱུང་ན་ཡག་པོ་འདུག་སྙམ།བགྲོ་གླེང་ཕྱག་ཚོད་ག་དུས་དབུ་བཙུགས་ཞུ་ཡི་ཡོད་དམ།

    Reply
  28. རྒྱལ་ཐང་ཡོན་ཏན says:
    ལོ་ 15 སྔོན།

    གཙོ་སྐྱོངས་བ་བོན་རྒྱ་ཡིས་སྟོབས་ལགས་དང་འབྲེལ་བ་གནང་རྒྱུའི་འཆར་གཞི་ལྟར་ད་དུང་ཡང་དེ་ལྟར་གནང་བཞིན་ཡོད་པར་བཀའ་དྲིན་ཆེ།
    སང་ཉིན་དངོས་གཞིའི་སྐབས་སྟོབས་ལགས་འདིར་འཛོམས་ཐུབ་ན་དངོས་གནས་གླེང་མོལ་དོན་སྙིང་ལྡན་པ་ཡོང་རྒྱར་དགེ་ཕན་ཆེ།

    Reply
  29. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    དྲ་ཐོག་བགྲོ་གླེང་ཐེངས་གཉིས་པའི་བརྗོད་གཞི་རྣམས་འདི་ལྟར་ཁག་བགོས་བྱས་ཡོད།
    བརྗོད་གཞི་དང་པོ། (བོད་འབངས་སྡུག་བསྔལ་ལས་སྐྱོབས་པའི་འབོད་སྒྲ་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་དང་འབྲེལ་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གླེང་བ་)ཞེས་པ་བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱི་<< གྲྭ་སྨྱོན་བསྟན་རབ་ཀྱི་སྦྲ་རྒན་ནག་ལྡང་>>ཞེས་པའི་བོད་ཀྱི་དུས་བབ་ཟིན་བྲིས་ནང་བགྲོ་གླེང་བྱེད་རྒྱུ།
    བརྗོད་གཞི་གཉིས་པ། (རྒྱ་ནག་རང་སྐྱོང་བཅའ་ཁྲིམས་བསྟུན་ནས་བོད་མི་རིགས་ཀྱི་སྐད་ཡིག་གོམས་སྲོལ་དང་བཅས་པ་རྒྱུན་འཛིན་དར་རྒྱས་གཏོང་ཐད་ལ་བཞག་པའི་བླ་མེད་མཛད་རྗེས་དང་འབྲེལ་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གླེང་བ་)ཞེས་པ་རས་པའི་<<ཁེར་རྐྱང་གི་འགྲུལ་བཞུད་>>ཅེས་པའི་བོད་ཀྱི་དུས་བབ་ཟིན་བྲིས་ནང་བགྲོ་གླེང་བྱེད་རྒྱུ།
    བརྗོད་གཞི་གསུམ་པ། (ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གཤེགས་ནས་ལོ་འཁོར་ཉི་ཤུ་འཁོར་བར་སྒྱུ་རྩལ་རྩོམ་རིག་གི་ལམ་ནས་རྗེས་དྲན་ཞུ་བ་)ཞེས་པ་གཉན་པོའི<<གཉན་པོའི་སེམས་ལྗོངས་>>ཞེས་པའི་བོད་ཀྱི་དུས་བབ་དྲ་བའི་ཟིན་བྲིས་ནང་བགྲོ་གླེང་བྱེད་རྒྱུ།

    Reply
  30. གཉན་པོ། says:
    ལོ་ 15 སྔོན།

    སང་ཉིན་བགྲོ་གླེང་སྐབས་ཀྱི་སྒྲིག་ལམ་འདི་ལྟར་ཡིན།

    ཟུར་ཞུ། དྲ་ཐོག་བགྲོ་གླེང་ཐེངས་གཉིས་པའི་བགྲོ་གླེང་བ་རྣམས་ཀྱིས་བགྲོ་གླེང་དངོས་གཞིའི་སྐབས་སུ་བརྗོད་གཞི་དང་འབྲེལ་བའམ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་མཛད་རྗེས་དང་འབྲེལ་བ་ཤ་སྟག་ལས་དགོས་མེད་ཀྱི་ངོ་མཚང་འབྲུ་རེས་དང་ལབ་རྒྱག་རེས་སོགས་བྱུང་ན་ཁ་ཐུག་ནག་བསུབ་གཏོང་རྒྱུ་ཡིན་ལ། ཐ་ན་བཀོད་སྒྲིག་པ་དང་གཙོ་སྐྱོང་བ་ཚོ་བཟང་རབས་ཀྱི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་གཙོ་སྐྱོང་བ་ཚོར་དགོས་མེད་བཀོད་འདོམས་ཀྱི་མཆན་བུ་བྱུང་ནའང་ཤོག་ངོས་ཚད་བཀག་དང་དུས་ཚོད་དམ་འཛིན། བརྗོད་གཞི་གཙུགས་འཛིན་སོགས་ཀྱི་དབང་གིས་བགྲོ་གླེང་ལ་བར་ཆད་གཏོང་མཁན་གྱི་གྲས་སུ་བཏང་ནས་མཇུག་བསྡོམས་སྐབས་མིང་འདོན་ཞུ་རྒྱུ་ཡིན། ངེས་པར་ཏུ་བསྟོད་བསྔགས་དང་བཀྲ་ཤིས་བདེ་ལེགས་རེ་ཞུ་འདོད་ན་བར་གསེང་སྐབས་དག་ལ་མཆན་དུ་སྤེལ་ན་དགའ་བསུ་ཞུ་རྒྱུ་ཡིན། ད་དུང་གཙོ་སྐྱོང་བས་རྟིང་འཛིན་བྱེད་སྟངས་སྐོར་ལ་བསམ་ཚུལ་གསར་བ་ཡོད་མཁན་དག་གིས་ད་ལྟའི་གསལ་བསྒྲགས་སྔ་ཕྱི་གཉིས་ཀྱི་མཆན་དུ་སྤེལ་ན་བགྲོ་གླེང་དངོས་གཞིའི་སྐབས་སུ་ལག་བསྟར་བྱེད་རྒྱུ་ཡིན།
    བགྲོ་གླེང་ལ་ཞུགས་པའི་སྐབས་སུ་རང་གིས་བཤད་འདོད་པའི་སྐད་ཆ་རྣམས་གཞན་གྱིས་ཨེ་འདྲི་ལ་བསྒུག་ནས་མི་འདུག་པར་དུམ་ཚན་དུམ་ཚན་གྱིས་མུ་མཐུད་དེ་མཆན་དུ་སྤེལ་རྒྱུ་དང་། དྲ་གྲོགས་བགྲོ་གླེང་བ་རང་ཉིད་ཀྱིས་མཆན་དུ་སྤེལ་བའི་བསམ་ཚུལ་ལ་དྲི་བ་ཐོན་ན་ཐད་ཀར་རང་ཉིད་ཀྱིས་ལན་འདེབས་བྱེད་དགོས། ལན་དེ་ཙམ་ཁ་གསལ་མ་ཆགས་ན་དྲ་གྲོགས་གཞན་གྱིས་ལན་སྤེལ་ཆོག དྲི་བ་འདྲི་མཁན་དག་གིས་དྲི་བ་འདྲི་ཡུལ་གྱི་དྲ་པའི་མིང་གསལ་འདོན་ཞུ་དགོས་པ་མ་ཟད་ཡིག་ནོར་ལ་དོ་སྣང་དང་གཏགས་ནོར་ལ་གཟབ་ནན་གནང་རོགས་ཞུ།

    Reply
  31. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    ཨོ་ཡ། དབུས་ཕྲུག་ལགས་ཐུགས་རྗེ་ཆེ།

    Reply
  32. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    འཆར་གཞི་འདི་ངེད་ཚོས་ཟླ་གཅིག་གི་གོང་ནས་བསམ་བློ་བཏང་བ་ཞིག་ཡིན་ལ། ་སྤྱིར་བཏང་དྲ་ཐོག་མ་ཡིན་པར་ས་ཐོག་ནས་འཚོགས་ཐུབ་ན་ཅི་མ་རུང་བསམ་ཡང་ངེད་གསུམ་ག་དཔལ་འབྱོར་གྱི་འཁོས་ཀ་ཞན་པ་ཤ་སྟག་ཡིན་པས་འཇོན་མ་སོང་། དེ་ནས་བོད་ནང་ན་དྲ་ཐོག་ནས་འདིའི་སྐོར་གླེང་སློང་ཆེན་པོ་རེད། བཙན་བྱོལ་ནང་དུ་གྲགས་མེད་འགུལ་མེད་རེད ། དེ་ནས་སེམས་ཀྱིས་མ་བཟོད་དེ་འདི་འདྲ་ཞིག་བཀོད་སྒྲིག་བྱས་པ་ཡིན། སང་ཉིན་རྒྱ་ནག་ལ་ངོ་ཚ་མི་དགོས་པར་ངོམས་ཆོག་པ་དང་། ཚིག་དོན་གཉིས་ཐད་ནས་གླེང་རན་ཅན་རེ་བྱུང་ན་ཕྱོགས་བསྒྲིགས་ཀྱིས་པཎ་ཆེན་ཨེར་ཏི་ནི་ལས་ཁུངས་ནང་ལ་འབྲེལ་བ་བྱས་ནས་དེབ་གཟུགས་སུ་འདོན་འཆར་ཡང་དྲན་ཡོད། དབུས་ཕྲུག་ལགས་ཀྱིས་གླེང་སློང་བྱུང་བར་དགའ་ཡོད། སུ་སྟོབས་ལགས་ལ་ཐུག་ན་སང་ཉིན་ལོ་མང་རིང་གི་ཉམས་ཞིབ་ཀྱི་འབྲས་བུ་དག་ངེད་ཅག་ལ་མཁོ་སྤྲོད་གནོངས་དང་ངེད་ཚོས་གཙོ་བོ་བྱས་ནས་བཀོད་དེ་བགྲོ་གླེང་བྱས་ཆོག གལ་སྲིད་བགྲོ་གླེང་ར་བའི་ཟིན་བྲིས་བརྗེ་དགོས་ནའང་ང་ཚོ་ལ་ལགས་སོ་མ་གཏོགས་ཅི་ཡང་ཞུ་རྒྱུ་མེད། དེ་ལྟར་ཐུགས་འཇགས་འཚལ།

    Reply
  33. དབུས་ཕྲུག་ཚེ་རིང་། says:
    ལོ་ 15 སྔོན།

    ༩༨༡༦༢༢༦༥༧༧ ཨ་ཁུ་བོན་རྒྱ་ལགས། ཁོང་གི་འབྲེལ་གཏུགས་ཁ་པར་ཨང་འདི་རེད། ཕལ་ཆེར་ཁོང་གཅིག་བྱས་ན་གཏན་བཞུགས་ཀྱི་ལས་བྲེལ་ངེས་རེད། གང་ལྟར་འབྲེལ་གཏུགས་ཤིག་བྱེད་ཐུབ་ན་ཡག་པོ་འདུག

    Reply
  34. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    བརྩེ་བའི་དྲ་གྲོགས་ཚོ། ་ཕེབས་ནས་བསམ་ཚུལ་ལྷུག་པོ་གསུངས་བཞིན་པར་སྙིང་ནས་དགའ་ཡོད། གཙང་ཕྲུག་སྟོབས་ལགས་ཀྱི་ཟིན་བྲིས་དྲ་བ་འདིར་ཡོད་པ་དེ་རིང་བར་དུ་དོ་སྣང་བྱུང་མ་སོང་། ཁ་སང་ངེད་ཚོས་ཀྱང་བགྲོ་གླེང་གི་གྲུབ་དོན་ཆ་ཚང་བསྡོམས་ནས་པཎ་ཆེན་ཨེར་ཏི་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་ལ་འབུལ་རྒྱུ་གཏན་འཁེལ་བྱས་ཡོད། དེ་མ་ཟད་དབུས་ཕྲུག་གི་མཆན་འདི་འབྱོར་འཕྲལ་གཉན་པོ་ལགས་ཆེད་དུ་སྟོབས་ལགས་ཀྱི་ཟིན་བྲིས་ནང་སོང་ནས་མགྲོན་འབོད་བྱས་ཡོད། ད་ལྟ་ཁོང་གི་ཁ་པར་ཨང་གྲངས་རེ་རེག་ན་འདིར་ཁོད་དང་ང་ཚོས་འབྲེལ་བ་བྱས་ཆཽག

    Reply
  35. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    སྔོན་ལ་༼ བྱང་བདག་རིག་ལྡན། ༽ ཟིན་བྲིས་ཀྱི་བདག་པོ་གཙང་ཕྲུག་སྟོབས་ལགས་ལ་བཀའ་འདྲི་ཞིག་ཞུས་དང་། གོང་གི་དྲ་གྲོགས་ཚོའི་རྩོད་གླེང་རང་འགགས་སུ་བུད་འགྲོ་བ་རེད།

    Reply
  36. ལྷ་ཆབ་སྦྱིན་པ། says:
    ལོ་ 15 སྔོན།

    ཨོ་ན་གཙང་ཕྲུག་ཁོང་ལ་གྲག་འགུལ་མེད་པ་ཅི་རེད།དེས་ན་ད་རེར་ཁོང་སྔོན་ལ་ཐོན་དགོས་པ་མ་རེད་དམ།

    གྲོགས་པོ་དབུས་ཕྲུག་ལགས་ཀྱི་ལྷག་བསམ་རྣམ་དག་ཡིན་པ་ཧ་གོ་ཡོད།ཡིན་ནའང་ཁྱེད་ཀྱིས་ཡིད་ཆེས་གནང་སའི་ཞབས་ཞུ་ཁང་དེ་ཅི་འདྲ་ཞིག་ཡིན་མིན་ང་ལ་དོགས་པ་ཡོད།དེ་ནི་ངས་གོང་དུ་སྐུ་ཉིད་བསམ་ཚུལ་འདོད་པ་མེད་པའི་རྣམ་པ་བསྟན་པའི་རྩ་བ་ཡིན།ངའི་སྐད་ཆ་འདི་ལའང་རྒྱུ་མཚན་ཡོད།

    Reply
  37. དབུས་ཕྲུག་ཚེ་རིང་། says:
    ལོ་ 15 སྔོན།

    གནས་ཚུལ་ལ་གོ་འཛོལ་ཤོར་མི་ཉན། ཐེངས་འདིའི་བགྲོ་གླེང་གནང་ཡུལ། མ་འདྲིས་པའི་མཛའ་བཤེས་སྙན་ངག་པ་རས་པ་དང་གཉན་པོ། ཨ་ཁུ་བོན་རྒྱ་གསུམ་ལ་ཡིད་ཆེས་མེད་པ་མ་རེད། ཡིན་ནའང་མི་ཞིག་ཆེད་དུ་གཉེར་ནས་ལོ་ནས་ལོ་བསྟུན་ཉམས་ཞིབ་བྱས་ནས་བསྡད་ཡོད་དུས། བགྲོ་གླེང་བ་མང་པོས་གསན་མ་མྱོང་བའི་གནས་ཚུལ་དམིགས་བསལ་བ་འགའ་བཤད་རྒྱུ་ཡོད་པར་ཡིད་ཆེས་ཀྱང་ལོས་ཡོད། དེའི་ཤེས་བྱེད་ཀྱང་། ཁོ་པས་ཆེད་གཉེར་གྱིས་དེ་རིང་བར་བོད་མདོ་དབུས་ཁམས་གསུམ་ནང་གི་ཀུན་གཟིགས་མཆོག་གི་གསུང་ཅི་མཆིས། འཚོལ་ཞིབ་དང་ལས་ཁུར་ཞུ་མྱོང་བས་རེད།

    Reply
  38. ལྷ་ཆབ་སྦྱིན་པ། says:
    ལོ་ 15 སྔོན།

    སྤྱིར་བཏང་གིས་དབུས་ཕྲུག་ལགས་ཀྱི་བསམ་ཚུལ་འདི་བཟང་མོད།འོན་ཀྱང་ཞབས་ཞུ་ཁང་ཁོང་ཚང་གིས་ཚུར་བདག་པོ་མ་བརྒྱབ་ན་ཕར་ཁྱེད་ཀྱིས་གོ་སྒྲིག་གནང་རོགས་ཟེར་ཁག་པོ་མ་རེ་དམ།ད་དུང་ཞུ་རྒྱུ་ཞིག་ལ་ད་རེའི་གོ་སྒྲིག་འདི་ཕལ་ཆེར་ཟླ་བ་གཅིག་ཙམ་གྱི་སྔོན་ནས་གནང་ཚར་བ་ཞིག་རེད།དྲ་ཐོག་ནས་ཁྱབ་བསྒྲགས་བྱས་ནས་ཀྱང་ཉིན་འགའ་སོང་བ་རེད།ད་སང་ཉིན་བགྲོ་གླེང་ཉིན་མོ་རེད།བོད་མིའི་ཁ་དཔེ་ལྟར་སྒོ་ང་རྐུབ་ལ་ཐོན་ནས་ཚང་བཅའ་རྒྱུ་ཞིག་མེད་པར་མཐོང་སོང་།དེ་ལྟ་ཡིན་ནའང་ཞབས་ཞུ་ཁང་དེ་གྲག་མེད་མ་རེད་དམ།

    Reply
  39. ནད་པ says:
    ལོ་ 15 སྔོན།

    ཁམས་བཟང་། ༸ པཎ་ཆེན་སྐུ་ཕྲེང་བཅུ་པ་ཨི་ཏི་ནི་ཆོས་ཀྱི་རྒྱལ་མཚན་མཆོག་གི་མཛད་འཕྲིན་སྐོར་ལ་དྲ་ཐོག་བགྲོ་གླེང་ཞིག་གནང་བར་སྙིང་དབུས་ནས་རྗེས་སུ་ཡི་རངས་ཞུ།

    དབུས་ཕྲུག་ལགས་ནས་གསུངས་པ་ལྟར་༸ པཎ་ཆེན་ཨི་ཏི་ནི་ཞབས་ཞུ་ལས་ཁང་ལྟེ་གནས་ཞིག་ཡོད་སྟབས་ལས་ཁུངས་འདི་ནང་བགྲོ་གླེང་ཞིག་གནང་དགོས་རྒྱུ་དེ་གལ་ཆེན་པོ་རེད།

    ང་ཚོ་ཚང་མར་བོད་རྒྱལ་ཁབ་དང་། བོད་མི་རིགས། བོད་ཀྱི་ཆོས་དང་རིག་གཞུང་། བོད་མིའི་བདེ་སྡུག་བཅས་ཀྱི་ལས་དབང་ལ་བོད་མི་མི་རེ་ངོ་རེར་ལས་འགན་དང་འགན་འཁྲི་ལྕི་མོ་ཞིག་ཡོད་སྟབས་ད་ལྟའི་ཆར་ང་ཚོས་བློ་རྒྱ་ཡངས་བའི་སྒོ་ནས་ཕན་ཚུན་མཉམ་ལས་གནང་ཏེ་བོད་སྤྱི་ལ་ཕན་པའི་བྱ་བ་ཞིག་ངེས་པར་དུ་བསྒྲུབ་ཐུབ་ཞིག་དགོས།
    ལྷན་རྒྱས་ཚང་མར་ཐུགས་རྗེ་ཆེ་ཞུ།

    Reply
  40. བདེ་བ་ཅན། says:
    ལོ་ 15 སྔོན།

    སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས། རང་ཉིད་དཀར་པོར་གནས་སྡོད་ན་ཐོག་མ་ནས་དཀར་རྐྱང་ཞིག་དགོས་པ་ལས། ནག་རྩི་བྱུག་པའི་གྱང་རོ་་དེར་ཆར་རླུང་གི་ནམ་ཞིག་དེད་པའི་དུས་གྱང་རོའི་མདོག་སྐྱ་དེ་མུ་མཐུད་གྱང་རོར་གནས་སྲིད་པས། ཁྱེད་ཉིད་དོན་དངོས་ཀྱི་གནས་ཚུལ་ལ་ཞིབ་འཇུག་རྩ་བ་ནས་མ་བྱས་པར་རྨོངས་དད་དང་གཞན་ཟེར་གཡམ་རྒྱུགས་ཀྱི་བགྲོད་ལམ་སྟེང་བཞུད་བཞུད་པར་གནས་པར་བརྟེན་ད་ལྟ་ལོག་བཤད་ཟིན་པའི་རྫུན་གཏམ་བཀབ་ཐབས་བྱས་ཀྱང་བཀབ་ཐུབ་ཐབས་མེད་པས་ལུང་བསྟན་རྫུན་བཟོ་བྱེད་པའི་ནག་ཉེས་འདི་ནི་མི་སྐྱ་ཞིག་ལ་མཚོན་ན་སྡིག་ལས་ཚབས་ཆེ་ཞིག་ཡིན་ལ། དེ་བས་ཀྱང་དགེ་འདུན་པ་ཞིག་ནས་ཡང་དག་པའི་དམ་པའི་ཆོས་ཀྱི་དགོངས་དོན་བདེན་པའི་ལམ་ལ་མ་ཞུགས་པར་ལུང་ལོག་དེ་འདྲ་ཞིག་གདེངས་ཚོད་ཡོད་མདོག་གི་འབྲིས་ཏེ་ད་ལྟ་ཁུངས་སྐྱེལ་རྒྱུ་མེད་པའི་སྡིག་ཉེས་འདི་ནི་ལུས་་ལ་མཆོད་པའི་སངས་རྒྱས་ཀྱི་ན་བཟའ་དེ་ལའང་ངོ་ཚ་དགོས་པ་ ཞིག་མི་འདུག་གམ༎

    Reply
  41. ལྷ་ཆབ་སྦྱིན་པ། says:
    ལོ་ 15 སྔོན།

    ད་ཐེངས་ཀྱི་བགྲོ་གླེང་འདི་དོན་སྙིང་ལྡན་པ་ཞིག་ཡོང་བར་ཡིད་ཆེས་ཡོད།རྒྱུ་མཚན་ནི་བགྲོ་གླེང་འདི་ལ་གྲ་སྒྲིག་དང་སྔོན་དཔག་གི་ལས་འཆར་མང་དུ་བཀོལ་ཡོད་པ་ཁོ་བོར་གསལ།དེའི་སྟབས་ཀྱིས་དྲ་གྲོགས་ལྷན་རྒྱས་སང་ཉིན་ཐུགས་བློ་བདེ་བོས་ཕེབས་པར་ཞུ།

    གོ་སྒྲིག་པ་རྣམས་ལ་ཡིད་ཆེས་ཞུ་ཆོག་པ་ཞིག་ལ།ཁོང་ཚོའི་མི་གསུམ་སུ་ཡིན་ཡང་པཎ་ཆེན་རིན་པོ་ཆེར་རྒྱུས་མངའ་མེད་པ་དང་ཅལ་འདྲོགས་ཀྱི་རྣམ་པས་སླེབས་པ་གང་ཡང་མ་ཡིན་པ་ང་རང་གིས་ཁས་ལེན་ཆོག

    ད་རེའི་བགྲོ་གླེང་འདི་རྒྱབ་སྐྱོར་བྱེད་རྒྱུ་ཡིན།

    Reply
  42. བདེ་བ་ཅན། says:
    ལོ་ 15 སྔོན།

    དྲ་གྲོགས་ལྷན་རྒྱས་གཟིགས་དང༌། སྤྱི་འཐུས་ཀྱི་མིང་འཁུར་བའི་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་ནས། སྤྱི་འཐུས་ཚོགས་རའི་ནང་འགན་འཁུར་མེད་པའི་གཏམ་གླེང་སྤེལ་བ་ལྟར། ད་ལྟ་བོད་ཀྱི་དུས་བབས་ཀྱི་གླེང་སྟེགས་སྟེང་དུའང་འགན་འཁུར་མེད་པར་གང་བྱུང་དུ་ལོག་འདྲེན་གྱི་མཆན་འགོད་བྱ་གི་འདུག གཞས་རར་གཞས་དང་ཆོས་རར་ཆོས་ཞེས་བོད་ཀྱི་གཏམ་དཔེ་ཡོད་པ་བཞིན། སྡིངས་ཆ་འདི་ནི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་རྗེས་དྲན་ཆེད་དུ་བགྲོ་གླེང་ཇི་ལྟར་བྱེད་མིན་གླེང་གཞི་ཞིག་ཡིན་པ་ཤེས་བཞིན་དུ་དེའི་སྟེང་དུའང་ང་ས་དབང་ང་ཕོད་ལ་ནག་བསུབ་གཏོང་རྒྱུའི་ལོག་འདྲེན་དེ་ཚོ་བེད་སྤྱོད་གཏོང་གི་འདུག དེ་འདྲ་ཡིན་ན། དང་པོ་ཁྱེད་ནས་ཀརྨ་པའི་ལུང་བསྟན་ཡིན་ཟེར་བའི་ལུང་བསྟན་དེ་ག་ནས་རག་བྱུང༌། ལོ་རབས་གང་གི་ནང་དུ་བསྐྱོན་པའི་ལུང་བསྟན་རེད་དམ། ང་ཕོད་ཀྱི་སྐྱེས་ཁུངས་ཀྱང་ནོར་བའི་ལུང་བསྟན་དེ་ལྷ་དང་བླ་མ་སུ་ཡིན་ཡང་ཡིད་ཆེས་བྱེད་དཀའ་བ་མི་འདུུག་གམ། ད་ཆ་དེས་ཁུངས་མ་འཁྱོལ་སྟབས་ཡང་མཛད་རྣམ་ལས་དྲངས་ཏེ་ནག་བསུབ་གཏོང་བསམ་པའི་ལོག་བཤད་དེ་ཚོ་ནི་ཁུངས་ལུང་མེད་པའི་གཏམ་འཆལ་ཞིག་མ་རེད་དམ༎

    Reply
  43. བཀྲ་ཤིས། says:
    ལོ་ 15 སྔོན།

    གོང་དུ་བསམ་ཚུལ་འགའ་ལ་གཞིགས་ན་དེ་རིང་གི་བགྲོ་གླེང་འདི་ཆར་གཞི་དང་མི་ལྡན་པ་ལྟ་བུ་རེད་ཟེར། ཡིནའང་། སོ་སོས་ཆར་གཞི་དང་ལྡན་པའི་སྤྱི་ཚོགས་ཀྱི་ཞབས་ཞུ་གང་ཞིག་ཞུས་ཡོད་པ་གསུང་རོགས་གནང་ཞུ་ཡ་དང་། ང་རང་གིས་ལས་རིམ་འདི་ལ་རྒྱབ་སྐྱོར་བླ་མེད་ཞུ་རྒྱུ་མ་ཟད། རང་གིས་བསམ་ཚུལ་ཀྱང་གང་མང་འབུལ་ཐུབ་པར་འབད་བརྩོན་བྱེད་བྱེ་བཞིན་ཡོད། ཐུགས་རྗེ་ཆེ།

    Reply
  44. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 15 སྔོན།

    བཀུར་འོས་དྲ་གྲོགས་ལྷན་རྒྱས་ལགས།

    གང་ལྟར་ས་དབང་ང་ཕོད་ཀྱིས་མགོ་ཚེས་གཅིག་ནས་མཇུག་གནམ་གང་བར་དུ་འཆུག་ས་གཙོ་བོ་དེ་ཕྱི་ལོ་༡༩༥༠ལོར་མདོ་སྤྱི་གནང་སྐབས་ནས་མ་བྱུང་བ་ཡིན་པར་ཕྲན་གྱིས་ངོས་འཛིན་ཞུ་རྒྱུ་ཡིན།
    དེ་ཡང་སྐུ་སྒེར་ཡིག་ཚང་གི་བཀའ་འབྲེལ་བཞིན་བོད་གཞུང་ཤེས་རིག་པར་ཁང་གིས་ཕྱི་ལོ་༢༠༠༤ལོར་དཔར་བའི་༧གོང་ས་མཆོག་གི་མཛད་རྣམ་ཤོག་གྲངས་༡༠༥བའི་སྒང་ནས་མར་བརྩིས་པའི་ཐིག་འཕྲེང་༩པར། ༡༩༥༠ལོར་ཞབས་པད་ལྷ་ཀླུ་བ་བོད་ཤར་ཕྱོགས་སྤྱི་ཁྱབ་པའི་ལོ་དུས་རྫོགས་ཤིང་། གནས་ཚུལ་ཛ་དྲག་ཅན་དེ་འདྲའི་སྐབས་ལྷ་ཀླུའི་ཚབ་ཏུ་ཞབས་པད་ང་ཕོད་ངག་དབང་འཇིགས་མེད་བཏང་སྟེ་ང་ཕོད་ལྷ་ས་ནས་བོད་ཤར་ཕྱོགས་སུ་ཐོན་པ་དང། བཀའ་ཤག་ནས་གནས་ཚུལ་ཛ་དྲག་ཅན་ལ་བརྟེན་ལྷ་ཀླུ་ཡང་ང་ཕོད་དང་ཁུར་མཉམ་ལེན་གྱིས་སྡོད་དགོས་གནས་ཚུལ་བཏང་ཞིང། རིང་པོར་མ་སོང་བར་ང་ཕོད་ནས་འགན་འཁུར་ཚང་མ་ཐུབ་ཚུལ་བརྗོད་པར་བརྟེན་ལྷ་ཀླུ་ཕྱིར་ལོག་བྱས། དེ་རྗེས་ང་ཚོར་བརྡ་སྤྲོད་གང་ཡང་མ་བྱས་པར་གློ་བུར་ཞིག་ལ་རྒྱ་དམར་གྱི་དཔུང་དམག་བོད་དུ་བཙན་འཛུལ་བྱས་པ་རེད། ཅེས་གསུངས་འདུག་པས་དོན་གྱི་བདག་པོས་བསྡོམས་ཆ་ཚང་བརྒྱབ་མི་འདུག་གམ་ཤེས་ལྡན་དྲ་གྲོགས་ཚོས་གཟིགས་དང། གོང་གསལ་མཛད་རྣམ་གྱི་ལུང་ཚིག་དུམ་བུ་འདི་གཅིག་པས་ས་དབང་ང་ཕོད་ཀྱིས་མི་འཇོན་འཇོན་མདོག་གིས་བྱས་རྗེས་ཕྲན་གྱིས་ཤེས་སོང། རྩ་བའི་ལྷ་འདྲེ་གང་ཡིན་ང་ལ་དེ་ཙམ་གྱི་ཁྱད་པར་གང་ཡང་མེད། འོན་གྱང་དྲ་གྲོགས་གཞན་ཚོས་ཁོང་ལ་ཆེ་བསྟོད་དང། རྗེས་དྲན།བསྟོད་བསྔགས་ག་ཚོད་བྱས་ཀྱང་དེར་ང་ལ་མི་དགའ་དགོས་དོན་རྩ་བ་ནས་མེད་པར་མ་ཟད་ཅུས་གཏོགས་མི་བྱེད་ཐག་ཆོད་ཡིན། དེ་ནི་རང་སོ་སོའི་ཐོབ་ཐང་རེད།
    རྒྱ་མིས་ང་ཕོད་ལ་བསྔགས་བསྔགས་གཏང་བཞིན་པའི་སྐབས་འདིར་ཆབ་སྲིད་རྐྱང་པའི་ཐོག་ནས་བསམ་བློ་བཏང་ན་ང་ཚོའི་ཕྱོགས་ནས་ཀྱང་དེ་ལས་ལྷག་གི་བསྔགས་བརྗོད་བྱས་ཀྱང་དེར་དགོས་པ་ཡོད་སྲིད།་

    Reply
  45. དབུས་ཕྲུག་ཚེ་རིང་། says:
    ལོ་ 15 སྔོན།

    ཕྲན་གྱི་བསམ་ཚུལ་འདི་གླེང་དགོས་དོན་ནི། ལོ་མང་རིང་བཙང་ཕྲུག་སྟོབས་ཀྱིས་ལས་ཁང་དེའི་ནང་ཀུན་གཟིགས་མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་ཉམས་ཞིབ་བྱས་ཡོད་རྐྱེན། གནས་ཚུལ་འདིའི་ཐོག་དམིགས་བསལ་གྱི་གླེང་སློང་དང་། བགྲོ་གླེང་བ་ཡོངས་ལ་ཕན་པའི་རེ་བ་ཞིག་གིས་བསྐུལ་སོང་བ་རེད།

    Reply
  46. ལྷ་ཆབ་སྦྱིན་པ། says:
    ལོ་ 15 སྔོན།

    བགྲོ་གླེང་གནང་ན་ལེགས།ཡིན་ནའང་འདིའི་སྐོར་ནས་དོན་མེད་ཀྱི་ལོ་རྒྱུས་སྐྱུག་བྲོ་བོ་དེ་འདྲ་གཏན་ནས་འཁུར་མ་ཡོང་ན་བཟང་།

    Reply
  47. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    དང་པོ། བྱ་འགུལ་འདི་འདྲའི་རིགས་ལ་རྒྱབ་སྐྱོར་ཡོད་པའི་བསམ་པ་སྟོན་རྒྱུ་ཡིན་ལ།
    གཉིས་པ། གོང་གི་དབུས་ཕྲུག་ཚེ་རིང་ལགས་ཀྱི་བསམ་འཆར་དེ་ལ་མོས་མཐུན་བྱ་རྒྱུ་ཡིན། གསུམ་པ། བགྲོ་གླེང་སྐབས་སྟངས་འཛིན་ནན་ཏན་བྱ་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན།

    Reply
  48. དབུས་ཕྲུག་ཚེ་རིང་། says:
    ལོ་ 15 སྔོན།

    སྐབས་འདིའི་དྲ་ཐོག་བགྲོ་གླེང་གི་ས་གནས་གཙོ་བོ་ཞིག་ནི། ང་ཚོས་ངེས་པར་དུ་པཎ་ཆེན་ཨེ་ཏི་ལི་ཞབས་ཞུ་ལས་ཁང་ལྟེ་གནས་ཀྱི། ཉམས་ཞིབ་པ་དང་སྲིད་ཞུ་བ་གཙང་ཕྲུག་སྟོབས་ལགས་ཀྱི། བྱང་བདག་རིག་ལྡན། ཞེས་པའི་ཟིན་བྲིས་ནང་འཚོག་དགོས་ཀྱང་། སྐབས་འདིའི་བགྲོ་གླེང་གཙོ་སྐྱོང་བ་ཚོས་ཐུགས་མཉམ་པར་མ་བཞག་པ་འདྲ། ལས་ཁུངས་འདི་འདྲ་ཞིག་ཡོད་བཞིན་དུ་ཅི་ཡང་རྒྱུས་མེད་པའི་ཟོལ་བྱས་ན་མི་འགྲིགས་སྙམ། ལྷག་དོན་རིང་མིན་བྱེས་ཀྱི་བཀྲས་ལྷུན་དགོན་དང་། ཞབས་ཞུ་ལས་ཁངས་མཉམ་གཅིག་ཏུ་༸གོང་ས་མཆོག་ལ་གཏན་བཞུགས་ཤིག་ཀྱང་འབུལ་འཆར་ཡོད། ང་ཚོས་མིག་ཆེས་ཆེར་བགྲད་ནས་ལྟ་དགོས། ང་མི་ཆུང་གི་བསམ་ཚུལ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese