ང་དང་ང་འདྲ་བའི་འབྲེལ་ཡོད་སྲི་ཞུ་བ་རྣམས་ཀྱིས་ད་ལྟའང་ལག་བསྟར་མ་ཐུབ་པ་དེ་ནི་ངོ་གནོང་དགོས་པ་ཞིག་དང་། རང་སྐྱོན་ངོས་ལེན་བྱེད་དགོས་པ་ཞིག་ཡིན་སྟབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། བོད་རིགས་མང་ཚོགས་ལ་བཟོད་གསོལ་ཞུ་རྒྱུ་ཙམ་ལས་བྱ་ཐབས་བྲལ་ཅེས་བཀའ་ཁྲི་མཆོག་གིས་ཤེས་རིག་ཚོགས་ཆེན་སྟེང་གསུངས།
ཕྱི་ཚེས་ ༢༧ ཉིན་གྱི་ཤེས་རིག་ཚོགས་ཆེན་སྟེང་བཀའ་ཁྲི་མཆོག་གིས་བཀའ་ཤག་གི་གསུང་བཤད་སྒྲོག་སྦྱོང་གནང་སྐབས་ཤེས་ཡོན་སྲིད་བྱུས་ཀྱི་ཐོག་ལ་སྔ་མོ་ནས་༧གོང་ས་མཆོག་གིས་ལམ་སྟོན་བཀའ་སློམ་རིམ་པར་གནང་ཡོད་ཀྱང་སྲི་ཞུ་བ་རྣམས་ཀྱིས་དེ་དག་ལག་བསྟར་མ་ཐུབ་པའི་ཐད་ཐུགས་འགྱོད་ཀྱི་གསུང་བཤད་ཀྱང་གནང་ཡོད། བཀའ་ཁྲི་མཆོག་གིས། ༡༩༦༤ ལོར་ཤེས་རིག་ཚོགས་ཆེན་ཐེངས་དང་པོ་འཚོགས་པ་ནས་བཟུང་ད་བར་དུ་ཤེས་ཡོན་སློབ་གསོའི་ཐོག་བཀའ་སློབ་ཡང་ཡང་རྒྱུན་མར་ཕེབས་ཡོད་ཀྱང་། ང་དང་ང་འདྲ་བའི་འབྲེལ་ཡོད་སྲི་ཞུ་བ་རྣམས་ཀྱིས་ད་ལྟའང་ལག་བསྟར་མ་ཐུབ་པ་དེ་ནི་ངོ་གནོང་དགོས་པ་ཞིག་དང་། རང་སྐྱོན་ངོས་ལེན་བྱེད་དགོས་པ་ཞིག་ཡིན་སྟབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། བོད་རིགས་མང་ཚོགས་ལ་བཟོད་གསོལ་ཞུ་རྒྱུ་ཙམ་ལས་བྱ་ཐབས་བྲལ་ཅེས་གསུངས་ཡོད།
བཀའ་ཁྲི་མཆོག་གིས་གསུངས་དོན། ཚང་མས་མཁྱེན་གསལ་ལྟར་བཙན་བྱོལ་གཞུང་མང་གཉིས་ཀའི་བསྒྲུབ་བྱའི་ལས་འགན་གལ་ཆེ་ཤོས་གཅིག་ནི་བཙན་བྱོལ་དུ་ཡོད་པའི་བོད་རིགས་ན་གཞོན་རྣམས་ལ་ཤེས་ཡོན་སློབ་སྦྱོང་ཚད་ལྡན་སྤྲོད་རྒྱུ་དེ་ཡིན་པ་དང་། དེ་ནི་བོད་མི་རིགས་ཀྱི་ཕུགས་དམིགས་སྒྲུབ་པའི་ཐབས་ལམ་གཅིག་པུ་ཡིན་པར་མ་ཟད། ཕན་བདེའི་འབྱུང་གནས་ཚང་ལ་མ་ནོར་བའི་བོད་བརྒྱུད་ནང་བསྟན་དང་། དེའི་ལེགས་བྱང་སྲུང་སྐྱོབ་རྒྱུན་འཛིན་ཁྱབ་སྤེལ་བྱ་རྒྱུ་བཅས་ཀྱི་བརྒྱུད་ལམ་ཡང་ཡིན་ཁར། བྱ་བ་དེ་མཐའ་གཅིག་ཏུ་གཞན་དབང་སྟབས་བསྟུན་མ་དགོས་པར་ང་ཚོས་སྒྲུབ་ནུས་པ་ཞིག་ཀྱང་ཡིན། དོན་གྱི་དབང་འདི་ལ་གཟིགས་ནས་༧གོང་ས་མཆོག་གིས་བཙན་བྱོལ་དུ་ཞབས་སོར་འཁོད་མ་ཐག་བོད་རིགས་ན་གཞོན་རྣམས་ལ་སྲོལ་རྒྱུན་དང་། དེང་རབས་གཉིས་འཛོམས་ཀྱི་སློབ་སྦྱོང་བྱ་ཡུལ་བོད་མིའི་གཞི་རིམ་སློབ་གྲྭ་ཟུར་འཛུགས་གནང་རྒྱུའི་མཛད་འཕྲིན་རླབས་ཆེན་བསྐྱངས་པ་མ་ཟད། སྐབས་དེའི་མཛད་གཙོ་རྣམ་པས་ཀྱང་༧གོང་ས་མཆོག་གི་བླ་ན་མེད་པའི་ལམ་སྟོན་གཞིར་བཟུང་སྟེ། དུས་ཡུན་ཐུང་ངུའི་ནང་བོད་སློབ་ཁག་མང་པོ་གསར་འཛུགས་དང་བོད་རིགས་དགེ་རྒན་རྣམས་ལ་དེང་རབས་དང་མཐུན་པའི་འོས་སྦྱོང་། སློབ་ཁག་ཡོངས་ལ་ཆོས་དགེ་ཚད་ལྡན་བསྐོ་འཛུགས་གནང་བ་སོགས་འབོད་བརྩོན་ཤུགས་བསྐྱེད་གནང་འབྲས་སུ། ༡༩༦༤ ལོའི་ཤེས་རིག་ཚོགས་ཆེན་ཐེངས་དང་པོའི་ཐོག་བཙན་བྱོལ་དུ་འབྱོར་མ་ཐག་པའི་ལོ་ལྔའི་རིང་བོད་མིའི་ཤེས་ཡོན་སློབ་སྦྱོང་གི་ལས་དོན་ཐོག་གསར་གཏོོད་དང་ཡར་རྒྱས་ཀྱི་གྲུབ་འབྲས་རླབས་ཆེན་གཟིགས་ལམ་དུ་གྱུར་པ་མ་ཟད། འབྱུར་འགྱུར་གྱི་འཆར་གཞི་ཕུགས་དམིགས་ལྡན་པའང་མང་པོ་སྒྲིག་གཤོམ་གནང་ཐུབ་པ་བྱུང་ཡོད། སྐབས་དེར་གྲོས་གཞི་དོན་ཚན་ལྔའི་ཐོག་འཇོག་གནང་མཛད་པའི་གྲོས་ཆོད་ཀྱི་འབྲུ་དོན་ཇི་སྙེད་ཅིག་ད་ལྟའང་འབྲེལ་ཆགས་མ་ཟད། འགའ་ཤས་ད་དུང་ལག་བསྟར་མ་ཐུབ་པའང་འདུག སྐབས་དེར་༧གོང་ས་མཆོག་གིས་སོ་སོ་རང་གི་མི་རིགས་ཀྱི་ཁྱད་ཆོས་དང་གཟི་བརྗིད་མ་ཉམས་པ་ཞིག་ངེས་པར་བྱ་དགོས། ཞེས་སོགས་ལམ་སྟོན་བཀའ་སློབ་ཞིབ་གསལ་གནང་བ་མ་ཟད། རྗེས་སུའང་ཕྱོགས་མཚུངས་ཀྱི་བཀའ་སློབ་རྒྱུན་མར་ཕེབས་ཡོད་ཀྱང། ང་དང་ང་འདྲ་བའི་འབྲེལ་ཡོད་སྲི་ཞུ་བ་རྣམས་ཀྱིས་ད་ལྟའང་ལག་བསྟར་མ་ཐུབ་དེ་ནི་ངོ་གནོང་དགོས་པ་ཞིག་དང་། རང་སྐྱོན་ངོས་ལན་བྱེད་དགོས་པ་ཞིག་ཡིན་སྟབས། ༧གོང་ས་མཆོག་དང་བོད་རིགས་མང་ཚོགས་ལ་གཟོད་གསོལ་ཞུ་རྒྱུ་ཙམ་ལས་བྱ་ཐབས་བྲལ། ཅེས་གསུང་བྱུང་ལ། ཡང་ཁོང་གིས། བཙན་བྱོལ་དུ་འབྱོར་ཏེ་དང་ཐོག་ལོ་གྲངས་བཅུ་ཕྲག་ཙམ་གྱི་རིང་ཤེས་ཡོན་གྱི་ལས་དོན་གང་ཅིར་ཚ་ཚ་འུར་འུར་ལྟ་བུའི་གྲུབ་འབྲས་མི་དམན་པ་ཙམ་བྱུང་ཡོད་ཀྱང། རིམ་བཞིན་ལས་ཀྱི་སྣེ་མོ་བ་དང་། སློབ་ཕྲུག། ཕ་མ་བཅས་སོ་སོའི་འཚོ་ཐབས་ཀྱི་མདུན་ལམ་འགྲིགས་ཙམ་བྱུང་སྐབས་བོད་མི་རིགས་ཀྱི་ཕུགས་རྒྱང་རིང་པོའི་དམིགས་ཡུལ་རྣམས་རིམ་བཞིན་བརྗེད་པ་དང་། ཤེས་ཡོན་སློབ་སྟོན་གྱི་ལས་དོན་རྣམས་ཀྱང་འཆར་ཅན་ཆོ་ག་ཕྱག་ལེན་གྱི་རྣམ་པར་གྱུར་ནས་ཕྱི་ལོ་ ༡༩༧༠ དཀྱིལ་ཙམ་ནས་འཐུས་ཤོར་འགྲོ་མགོ་ཚུགས་ཏེ་བར་སྐབས་གཞི་རིམ་ཤེས་ཡོན་གྱི་གནས་ཚད་དང་། ཡ་རབས་བཟང་སྤྱོད་ཆེས་ཉམས་དམས་སུ་གྱུར་སྟབས། བརྒྱད་ཅུ་གྱ་གྲངས་ནས་བཟུང་དཀའ་ངལ་འདིའི་སྐོར་དབུ་ཁྲིད་རྣམ་པ་དང་། སྲི་ཞུ་ལས་བྱེད། དགེ་རྒན། སློབ་ཕྲུག ཕ་མ་ཡོངས་ལ་ཚོར་སྣང་གསལ་བོར་བྱུང་ཡོད་པར་མ་ཟད། གང་དགའ་ཅི་ལེགས་ཀྱི་གྲོས་བསྡུར་བགྲོ་གླེང་སྔ་རྗེས་སུ་གནང་འདུག་ཀྱང་དོན་ཕན་ལྡན་པའི་ཐབས་བྱུས་ལག་བསྟར་ཐུབ་པ་དམིགས་བསལ་མ་བྱུང་ཅེས་གསུངས།
དེ་བཞིན་བཀའ་ཁྲི་མཆོག་གིས་ཐེངས་འདིའི་ཚོགས་ཆེན་དང་འབྲེལ་ནས་གསུངས་དོན། ད་ལྟའི་གནས་སྐབས་འདིར་བཙན་བྱོལ་བོད་གཞུང་གིས་འབད་བརྩོན་བྱ་དགོས་པ་ནི་བོད་མིའི་ཤེས་ཡོན་སྲིད་བྱུས་ཆ་ཚང་ལག་བསྟར་ཐུབ་ཐབས་དང་། དེ་དག་ལག་བསྟར་གནང་མཁན་གྱི་དགེ་རྒན་ཚད་ལྡན་འདང་ངེས་ཡོང་ཐབས་བྱ་རྒྱུ་དེ་ཡིན། དེའི་ཆེད་བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་བསྒྲུབ་དགོས་པ་དང་བསྒྲུབ་ཐུབ་པའི་རིགས་ད་བར་གང་ཐུབ་འབད་རྩོན་ཞུ་མུས་མ་ཟད། འབྱུང་འགྱུར་ཡང་མུ་མཐུད་ཞུ་རྒྱུའི་གྲ་སྒྲིག་དང་ཆོད་སེམས་བརྟན་པོ་ཡོད། ང་ཚོའི་ཤེས་ཡོན་གྱི་ལམ་སྲོལ་ནི་དགེ་རྒན་དབུས་སུ་བཞག་པ་ཞིག་ཡིན་སྟབས། སློབ་གྲྭའི་འཛིན་སྐྱོང་དང་སྒྲིག་འཛུགས། ཕྲུ་གུ་དང་ཕ་མ་བཅས་ལས་ཀྱང་དགེ་རྒན་རྣམ་པ་གལ་གནད་ཆེ་བ་ཡིན་ཞིང་། དགེ་རྒན་ཚོར་ཤེས་ཡོན་སྲིད་བྱུས་ཀྱི་གོ་རྟོགས་དང་ཡིད་ཆེས་ཡོད་ན་འཛིན་སྐྱོང་གིས་ཤེས་ཡོན་སྲིད་བྱུས་ལག་སྟར་བྱས་པའི་ངོས་ལེན་མེད་ཀྱང་། སྲིད་བྱུས་ཀྱི་སྙིང་དོན་ལག་བསྟར་ཐུབ་རྒྱུ་ཞིག་ཡིན། ད་རེབ་ཚོགས་ཆེན་འདིའི་ཐོག་ནས་བཀའ་ཤག་གིས། ༡༽ བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་གྱི་སྲིད་བྱུས་ལ་སློབ་སྤྱི་དང་། དགེ་ཆེ། དགེ་རྒན་རྣམ་པའི་གཟིགས་ཚུལ་དང་གོ་རྟོགས། ཡིད་ཆེས་ཇི་ཙམ་ཡོད་མེད་ཤེས་རྟོགས་ཐུབ་པ་བྱ་རྒྱུ་དང་། ༢༽ ཤེས་ཡོན་སྲིད་བྱུས་སྐོར། བཙན་བྱོལ་བོད་མིའི་ཁྲོད་དང་། ལྷག་པར་ཤེས་ཡོན་གྱི་ལམ་སྲོལ་ལ་མཁྱེན་མྱོང་ཡོད་པའི་མཁས་དབང་འགའ་ཞིག་གིས་སྐྱོན་བརྗོད་དྲིལ་བསྒྲགས་ཇི་སྙེད་ཅིག་གནང་གི་ཡོད་པ་དེ་དག་གི་དགོངས་གཞི་དང་། རྒྱུ་མཚན་གཙོ་བོ་གང་ཡིན་ཤེས་རྟོགས་ཐུབ་པ་བྱ་རྒྱུ། ༣༽ ད་ལྟའི་ཤེས་ཡོན་སྲིད་བྱུས་འདི་བཞིན་ཡོངས་གྲགས་ཕྱག་བསྟར་གནང་སྐབས་དང་། ཡང་ན་འཛིན་སྐྱོང་གི་ངོས་ནས་ཡོངས་གྲགས་ཕྱག་བསྟར་མ་གནང་ཡང་དགེ་རྒན་སོ་སོས་སྲིད་བྱུས་ཀྱི་སྙིང་དོན་ཕྱག་བསྟར་གནང་སྐབས་དངོས་ཡོད་དཀའ་ངལ་དང་། འགལ་རྐྱེན་གང་དང་གང་གཟིགས་པ་རྣམས་གསལ་རྟོགས་ཐུབ་པ་བྱ་རྒྱུ། ༤༽ འབྱུང་འགྱུར་བོད་རིགས་ན་གཞོན་ནང་རིག་གཅིག་རྐང་འཛིན་དང་ཆེད་ལས་པ་ཚད་ལྡན་གང་མང་འཐོན་ཐབས་བྱེད་ཕྱོགས་ཇི་དགེའི་སྐོར་སློབ་སྤྱི་དང་དགེ་རྒན་རྣམ་པའི་དགོངས་འཆར་ཇི་ཡོད་ཤེས་རྟོགས་ཐུབ་པ་བྱ་རྒྱུ་བཅས་ཀྱི་གྲུབ་འབྲས་ཁག་འཐོན་པའི་རེ་བ་བྱེད་ཀྱིན་ཡོད་ཅེས་གསུངས་སོང་།
blackman ལགས་ཁྱེད་ཀྱི་མཆན་བུ་ནང་དུ་འདི་འདྲ་ཞིག་བཀོད་འདུག་༼དངོས་གནས་ང་ཚོའི་ང་ཚོའི་ཤེས་ཡོན་དེ་ཡར་རྒྱས་ལ་གཏོང་དགོས་ན། ཁྱེད་ཀྱིས་བྲིས་པ་འདི་ནི་ང་ཅོ་རི་བོད་ཡིག་སྐྱོ་དྲག་ནས་དོན་གོ་མ་སོང། ཧཧཧཧཧཧཧཧཧཧཧཧཧ
མི་ནག་པོ་ལགས།
ཡིག་ནོར་མང་པོ་ཡོད་པ་བདེན་པ་རེད། ཁྱེད་ཀྱིས་ངའི་ཡིག་ནོར་དེ་ཚོ་བཅོས་རོགས་བྱེད་ན་ག་འདྲ་འདུག
དེ་འདྲ་མི་ནུས་ན་ཁ་སྟོང་ཚིག་སྟོང་རེ་བཤད་ཁུལ་འདིར་འབྲས་བུ་ཡོང་མི་སྲིད་ཧཧཧཧ
ཨ་ལ་ལ། ཅོ་རི་ལགས། ཡིག་ནོར་མང་གི་ཡ། ནམ་རྒྱུན་བསམ་ཚུལ་བཤད་པ་དང་གནད་དོན་ཞིག་གླེང་བ་དངོས་གནས་ཡག་པོ་རེད།
ཤེས་ཡོན་སྲིད་བྱུས་ལག་སྟར་མ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི་རང་གི་སྐད་ཡིག་ཐོག་ནས་འཚོ་བ་བསྐྱལ་མི་ཐུབ་པ་དང་ཡག་རབས་སྤྱོད་བཟང་ཐོག་ནས་དངུལ་ཡོང་འབབ་མེད་པས་རེད།
ག་སྲིད་ཡག་རབས་སྤྱོད་བཟང་དང་བོད་ཀྱི་སྐད་ཡིག་ཐོག་ནས་དཔལ་འབྱོར་ཞིག་ཡོང་ཁུངས་ཡོད་ན་བཙན་བྱོས་བོད་མི་རྣམས་ཀྱིས་ཉིན་མཚན་མེད་པ་སློབ་སྦྱོང་བྱེད་ངེས་རེད།
དཔེ་ན་བཙན་བྱོལ་བོད་མི་རྒས་རབ་རྣམས་ཀྱིས་ཀྱང་བོད་ཡིག་མི་སྦྱངས་པ་དབྱིན་ཡིག་སྦྱངས་ནས་རང་གི་འཚོ་བ་སྒྲུབ་ཐབས་བྱས་ནས་མི་ལོ་ལྔ་བཅུ་སོང་ཟིན། མ་འོང་པ་ཡང་བོད་ཀྱི་སྐད་ཡིག་ཐོག་ནས་དཔལ་འབྱོར་ཡོང་ཁུངས་ཀྱི་ཁོར་གཡུ་ཞིག་བསྐྲུན་མ་ཐུབ་ན་བོད་ཕྲུག་སུ་ཀྱང་ཨུ་ཚུགས་ཐོག་ནས་བོད་ཡིག་སློབ་སྦྱང་བྱེད་མི་འདོད།
བོད་ཀྱི་སྐད་ཡིག་འདི་བོད་མིར་མཁོ་ན་བོད་ཀྱི་སྐད་ཡིག་ཐོག་ནས་དཔལ་འབྱོར་ཡོང་སའི་ཁོར་ཡུག་ཞིག་བསྐྲུན་ཐུབ་པ་བྱེད་དགོས་པ་འདྲ། མ་རེད་དམ།
འཐུས་ཤོར་དང་ཉམས་རྒུད་གཉིས་མ་ནོར་བ་གནང་རོགས།
དག་ཡིག་ལྟར་ན།
༡། འཐུས་ཤོར། ཕར་ཁག་ཚུར་དཀྲིའི་ཟ་ཟི་ཁོ་ན་བྱས་ན་ལས་ཀ་འཐུས་ཤོར་བ་ལས་ཡོང་རྒྱུ་མེད། ཅེས་དང་།
༢། ཉམས་རྒུད། སྟོབས་ཤུགས་དང་འཁོས་ཀ་ཉམས་པའམ་ཞན་དུ་ཕྱིན་པ།
ང་ཚོས་ཤེས་ཡོན་འཐུས་ཤོར་ལ་བཏང་འདུག་ལབ་པ་མ་གཏོགས། ཉམས་རྒུད་དུ་ཕྱིན་འདུག་ལབ་གི་ཡོད་པ་མ་རེད། ཚིག་ཇི་མ་ཇི་བཞིན་གོ་བ་བླངས་ན་རྗེས་ཕྱོགས་དོན་ལ་འཁྲུལ་བ་ཡོང་གི་མ་རེད། ཆབ་སྲིད་ཀྱི་གཏམ་བཤད་རྣམས་ཀྱང་ཇི་བཞིན་ཞིག་གོ་ཐུབ་པའི་དགེ་མཚན་ཆེན་པོ་ཡོད་པ་རེད།
བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་གནས་བབ་དེ་ཉམས་རྒུད་དུ་སོང་འདུག་ཟེར་ན་གོ་རྒྱུ་ཅང་མེད་ཀི ང་རང་གི་ངོས་ནས་བཤད་ན། ང་ཚོ་དང་ཐོག་སྐྱབས་བཅོལ་ལ་ཡོང་དུས་ཤེས་ཡོན་ཅན་ག་ཚོད་ཡོད་དམ། ད་ལྟ་ག་ཚོད་ཅིག་འདུག ད་ལྟ་ཡོད་པ་ཚང་མ་སྔོན་ཆད་མེད་པྰ། གང་ལྟར། ཤེས་ཡོན་གྱི་གནས་བབ་ཐད་ནས་བཤད་ན་སྔར་ལས་དེང་གཞི་རྒྱ་ཆེ་བ་ཡོད་པ་རེད། དེ་ཡང་ཡར་རྒྱས་ཤིག་རེད་འདོད།
བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་བཀའ་ཁྲིར་སླེབས་པ་ནས་བཟུང་བོད་ཀྱི་སྐད་ཡིག་གི་སྤྱོད་སྒོའི་ཁོར་ཡུག་རྒྱ་ཇེ་ཆེར་བུད་སོང་བ་དང་། གཞི་རིམ་མི་མང་གི་ངོས་ནས་ཀྱང་འདི་ལ་གལ་གནད་ཆེན་པོར་བལྟ་བའི་འདུ་ཤེས་མཐོར་འདེགས་བྱུང་སོང་སྙམ་པ་ཞིག་བྱུང་སོང་།
སྐད་ཆ་འདི་ལྟར་བཤད་ན་ཡང་ཁ་ཤས་ཀྱིས་སྤྲེལ་ལད་འཁྲབ་ཀྱིན་འདུག་ཟེར་ན་ཐང་མོད། རང་གི་མཐོང་ཚུལ་དྲང་བོར་བརྗོད་པ་ཡིན།
གཞི་རྩའི་ཆ་ནས། ང་ཚོ་རྒྱ་གར་ལུང་པར་བསྡད་ནས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་ཟེར་བ་དེ་་་་་། བྱེ་ཐང་ནས་གྲོ་བཏབ་པ་ལྟ་བུར་དཔེ་བཞག་ན་ཡང་མི་ཆོག་པ་མེད་པ་འདྲ། རིག་གཞུང་ཟེར་བ་དེར་ཁོར་ཡུག་ཅིག་དགོས་པ་རེད། ཁོར་ཡུག་དེ་འདྲ་ཞིག་བསྐྲུན་པ་ལ་དཔལ་འབྱོར་དང་ཆབ་སྲིད་ཀྱི་དབང་ཚད་ཅིག་དགོས་པ་རེད། ང་ཚོར་རང་ཁྱིམ་ནས་རང་གི་བརྙན་འཕྲིན་གྱི་ཁ་ཕྱེས་ན་ཡང་རང་གི་རིག་གཞུང་ཞིག་བསྔོགས་འདོན་བྱེད་ས་མེད་ལ། རང་གི་ཁ་པར་ནས་རང་གི་ཆུང་མར་ཁ་པར་ཞིག་གཏང་ན་ཡང་བརྒྱུད་ལམ་དེར་རང་གི་སྐད་ཡིག་ཅིག་མེད་པ་རེད། ཡིན་ན་ཡང་། དེ་རིང་བར་དུ་ང་ཚོས་ད་དུང་ཤུགས་སྣོན་གང་ཡོང་བརྒྱབ་ནས་ཡོང་བ་རེད། འདི་ཡང་ང་ཚོའི་བྱས་རྗེས་ཤིག་རེད། ད་དངོས་ནས་བོད་ཀྱི་རིག་གནས་སྲུང་སྐྱོབ་དང་དར་སྤེལ་གཏོང་དགོས་ན། ང་ཚོས་རང་ཡུལ་ལ་ཕྱིར་གང་མྱུར་ལོག་རྒྱུར་ཐུགས་སྣང་གནང་དགོས་རྒྱུ་རེད་འདོད།
བཙན་བྱོལ་ནང་གི་སློབ་གྲྭ་རྣམས་ལ་བོད་མིའི་རིག་གཞུང་གི་ཤེས་ཚད་ཡག་པོ་མ་བྱུང་བ་ནི་བདེན་པར་སེམས།
རྒྱུ་རྐྱེན་གཙོ་བོ་ནི་དགེ་རྒན་ཡག་པོ་མེད་པའི་རྐྱེན་གྱིས་རེད། གལ་སྲིད་ད་ལྟའི་གནས་སྟངས་འདི་འགྱུར་བ་གཏང་དགོས་ན། འགོ་དགེ་རྒན་ནས་འགྱུར་བ་གཏང་རྒྱུ་རེད།
ད་ལྷག་བསམ་དང་ཤེས་ཡོན་གཉིས་ལྡན་གྱི་དགེ་རྒན་ཞིག་ག་ནས་རག་གི་རེད།
ཕལ་ཆེརབོད་ནང་ནས་མ་གཏོགས་གཞན་ས་ཆ་ཨེ་ཡོད། གཅིག་བྱེད་ན་དགོན་སྡེ་ནས་རག་སྲིད། དེ་ཡང་ལེན་པོ་ཞིག་མི་འདུག་། རབ་བྱུང་བ་རྣམས་ནི་བཙན་བྱོལ་སྤྱི་ཚོགས་ནས་བག་ལ་ཉལ་འགོ་ཚུགས་ཟིན་པ་འདྲ།
བོད་རང་བཙན་དང་རང་སྲིད་རང་སྐྱོང་གི་གནས་བབ་གང་འདྲ་ཞིག་ཡོང་ཐུབ་མིན་ནི་ང་ཚོའི་ལག་པར་མེད། ང་ཚོའི་ལག་ཏུ་ཡོད་པ་ནི་བོད་རིགས་གཞོན་སྐྱེས་ཚོར་ཤེས་ཡོན་སྤྲོད་ཕྱོགས་སྐོར་དེ་རེད།
ད་ལྟའི་གཞོན་སྐྱེས་ཚོའི་ཀླད་པར་སྐྱོན་ཤོར་བ་ཞིག་མ་ཡིན་དེ་ནི་བོད་པའི་སྤྱི་ཚོགས་ཀྱི་ཆ་ཤས་ཁྱོན་ཡོངས་ལ་སྐྱོན་ཤོར་བ་ཞིག་རེད། སྐྱོན་ཆ་དེ་དག་ལ་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱེད་ཐུབ་དགོས་ལ་མ་འོངས་བོད་གསར་པའི་མི་རིགས་འདི་དག་ཀླད་རྩ་ཉམ་པའི་རྐང་ལག་ཞ་རེངས་ཅན་ཞིག་ཏུ་མི་འགྱུར་བར་ཀླད་རྩ་ཚད་ལྡན་གྱི་བོད་མི་ཤ་སྟག་ཡོང་བར་ཡོ་འཁྲུལ་ལ་ཡོ་བསྲང་བྱེད་དགོས།
ང་ཚོ་ཕུང་ན་ཤེས་ཡོན་གྱིས་ཕུང་འགྲོ་ལ་ང་ཚོ་རྒྱས་ནའང་ཤེས་ཡོན་གྱིས་རྒྱས་འགྲོ་བས་ང་ཚོས་ང་ཚོ་སྐྱོབ་ཐུབ་པ་དགོས་ལ་གཞན་གྱིས་ང་ཚོ་གཏན་ནས་སྐྱོབ་མི་ཐུབ།
དེ་ན་འདིར་ང་ཚོ་ཟེར་བའི་མི་ཚིག་འདི་བོད་རིགས་མི་དམངས་ཡོངས་ལ་གོ་དགོས་པས་ཤེས་ཡོན་གྱིས་མི་དམངས་ཡར་སྐྱོབ་ཐུབ་ན་མི་དམངས་ཀྱིས་བོད་རྒྱལ་ཁབ་སྐྱོབ་ཐུབ་པ་ཞིག་རེད།
བཙན་བྱོལ་བོད་མིའི་ཤེས་ཡོན་ཉམས་ཆགས་སུ་ཕྱིན་པ་མངོན་གསལ་དོད་པོ་ཡིན་ཞིང་། བཀའ་ཁྲི་མཆོག་ནས་གཙོས་པའི་མཛད་གཙོ་རྣམ་པས་སྲིད་ཇུས་ལག་བསྟར་མ་ཐུབ་ནི་ངོ་གནོང་དགོས་པ་ཞིག་ཡིན་པ་མགྲིན་གཅིག་ཏུ་ངོས་ལེན་ཡང་གནང་སོང་། ད་ཕྱིན་ཆད་ཡར་རྒྱས་གཏོང་ཕྱོགས་ལ་ནུས་ཤུགས་འདོན་རྒྱུ་ལས་གཞུང་ལ་ཁ་བརྡུང་གཏོང་བས་ཅི་ལ་ཕན། བཙན་བྱོལ་བོད་མིའི་ཤེས་ཡོན་ཡར་རྒྱས་གཏོང་དགོས་ན། དེར་གཙོ་བོ་བཙན་བྱོལ་གཞུང་དང་། སྤྱི་ཚོགས་། ཕ་མ། སློབ་ཕྲུག་སྒེར་གེ་སོ་སོ་བཅས་ནས་འགན་འཁྲི་འཁུར་ན་ལེགས། དེས་ན་འདི་འདྲའི་འགན་འཁྲི་ཞིག་ཇི་ལྟར་འཁུར་དགོས་མིན་ཐད་གང་དགའ་ཅི་ལེགས་ཀྱི་ཐབས་ལམ་འདོན་པའི་རེ་སྨོན་དང་། གུས་རང་ཉིད་ནས་ཀྱང་བསམ་བློ་རྒྱ་ཆེ་ནས་གཏང་སྟེ་ལག་བསྟར་ས་གནས་སུ་བྱེད་རྒྱུ་ཡིན།
ཤེས་ཡོན་སྲིད་བྱུས་ཀྱི་ལམ་སྟོན་གནང་སྟེ་ད་བར་དུས་ཚོད་གང་མཚམས་སོང་ཡོད་ཀྱང་། སློབ་གྲྭ་མང་ཆེ་བའི་ལག་ལེན་ཇི་བཞིན་བསྟར་ཐུབ་ཀྱི་མེད་པའི་རྣམ་པ་འདུག གནད་དགག་གཏུགས་ས་དེ་གང་དུ་ཡིན་མིན་ང་ཚོས་ཞུ་ཚོད་མི་ཐེགས་ཀྱང་། བོད་ཁྱིམ་ཁྱབ་ཁོངས་སློབ་གྲྭ་ཁག་ཅིག་གིས་དེའི་ཐད་བསམ་ཚུལ་འཛིན་ཏེ་རང་ཉིད་ཁེར་རྐྱང་དུ་ལས་གཞི་གཏོད་རྒྱུའི་དམིགས་ཡུལ་འཛིན་གྱི་མིན་ནམ་སྙམ་པའི་མཐོང་ཚུལ་བྱུང༌། བཙན་བྱོལ་བོད་གཞུང་གི་ཤེས་ཡོན་སྲིད་བྱུས་དེར་བཙན་བྱོལ་ནང་ཡོད་པའི་གཞི་རིམ་སློབ་གྲྭ་ཁག་ཚང་མས་འཕྱར་གྲུ་མཉམ་འདེགས་བྱ་དགོས་པ་དང༌། མི་ལྡེང་བའི་ཆ་དང་སྐྱོན་གནད་ཡོད་རིགས་ལ་མུ་མཐུད་དོགས་གཅོད་ཀྱིས་ལག་ལེན་ཡོང་ཐབས་ལ་འབད་བརྩོན་བྱ་རྒྱུ་་འདི་ཧ་ཅང་གལ་ཆེན་པོ་འདུག ད་ལན་ཤེས་རིག་གི་ཚོགས་ཆེན་ཐེངས་ལྔ་པ་འདི་བརྒྱུད་བོད་ཀྱི་སྐད་ཡིག་རིག་གཞུང་མི་ཉམས་པའི་ཆེད་སློབ་གྲྭ་ཁག་གི་ནང་ཤེས་ཡོན་སྲིད་བྱུས་ལག་ལེན་གནད་དུ་འཁེལ་བ་གཏོང་ཐུབ་པའི་སྨོན་ལམ་ཡོད༎
བཀའ་ཁྲི་མཆོག་གིས་འདས་པའི་བྱ་བ་ལ་དགོངས་གསོལ་ཞུ་བ་ཙམ་གྱི་ཨེ་འགྲིག་ན།འདས་པའི་བོད་ཕྲུག་མང་པོ་ཀླད་པ་སྟོང་པ་བཟོས་པར་བསྐྱར་དུ་ལོག་རྒྱུ་ཨེ་ཡོད་དམ།ད་ལྟ་བཟོ་བཞིན་པ་དེ་ལ་སྒྱུར་བཅོས་བྱ་ཐུབ་ཨེ་ཡོང་ངམ།ང་ཚོས་རྒྱ་གཞུངས་ལ་སྐྱོན་བརྗེད་ཇི་ཙམ་བྱེད་ཀྱིན་ཡོད་དེ་ཙམ་གྱི་སོ་སོ་ལ་དགོས་ཀྱང་ག་ལ་ཡོད།གོང་དུ་དྲ་གྲོགས་blackmanཞེས་པའི་གསུངས་པ་ངོ་མ་རེད་དྲན།སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་རྒན་མང་པོས་སོ་སོ་འི་རྐུབ་རྐྱག་ཟིན་ཨེ་ཐུབ་ལྟ་བ་ཙམ་ལས་མི་རིགས་ལ་ཕན་པའི་བྱ་བ་རྩ་ནས་སྒྲུབས་ཀྱིན་མེད་པ་མ་ཟད།ད་དུང་ཕྱོགས་ཞེན་གྱི་མེ་ལྕེ་དམར་པོས་སློབ་ཕྲུག་མང་པོའི་སེམས་པ་སྲེག་བཞིན་ཡོད།
བཀའ་ཁྲི་ཁྱེད་ཀྱི་མི་ངན་དེ་རྣམས་མེད་པར་མ་བཟོ་ན་ད་ལྟ་ཡང་གྲོས་གཞི་ཙམ་ལས་བྱ་བ་རྩ་ནས་བསྒྲུབ་མི་ཐུབ།ངོ་མ་ཁྱེད་ཀྱིས་ཕྱག་ལས་གནང་འདོད་ཡོད་ན་ཁྱེད་ཀྱི་དྲ་རྒྱ་ཁ་བྱུང་དྲ་ལམ་ངོས་སུ་བཀོད་དང་ང་རང་གཙོ་བྱེད་པའི་དྲ་རོགས་མང་པོའི་ཁྱེད་ལ་མི་ངན་རྣམས་ཀྱི་མིང་ཐོ་ཕུལ་ཆོག།ཁོང་ཚོ་ལས་སྣེ་ནས་མེད་པ་བཟོ་དགོས།དེ་མིན་ན་ཁྱོད་ཀྱི་གསུངས་པ་ཐམས་ཅད་སྔར་ལྟར་ཚིག་སྟོང་ཙམ་ཡིན།།
ཡང་བསྐྱར་ཤེས་རིག་ཚོགས་ཆེན་འཚོགས་པར་བཀྲ་ཤིས་བདེ་ལེགས་ཞུ།
ཡང་ན་ཡང་དེ་ལ་དམིགས་བསལ་གྱི་གྲུབ་འབྲས་ཐོན་མི་སྲིད་ལ་མ་འོངས་་་
པའང་དེ་ལས་མ་འདས། རྒྱུ་མཚན་ནི་ཤེས་ཡོན་སྲིད་བྱུས་ལག་ལྟར་བྱ་འདོད་་
མཁན་༸གོང་ས་མཆོག་དང་བཀའ་ཁྲི་དག་ལས་མེད་པས་ཡིན། སྐུ་ངོ་དང་་་་
གནད་ཡོད་མི་སྣ་མང་དག་ཅིག་གིས་དམིགས་ཡུལ་ནི་<<གང་ཟག་སྒེར་བ་ ཤེས་ཡོན་པར་བཟོ་རྒྱུ>>མ་ཡིན་པས་སོ།།
གོང་གསལ་དོན་ཚན་བཞི་རེའི་བཀའ་ཁྲི་དང་ཤེས་རིག་བཀའ་བློན་རྣམ་གཉིས་ཀྱི་གསུང་བཤད་ནང་ཡོད་ཚུལ་བོད་ཀྱི་དུས་བབ་ཀྱི་དྲ་རྒྱ་འདིའི་ནང་བཀོད་འདུག་པ་རྣམ་པ་ཚོས་གཟིགས་ན་མཁྱེན་རྟོགས་ཡོང་ངེས་རེད། ངས་ནི་ཚོགས་ཆེན་འདིའི་དམིགས་ཡུལ་ངོ་མ་དེ་ཅི་ཡིན་གསལ་བོ་ཞིག་ཧ་གོ་ཐུབ་མ་སོང་། ཚིག་དོན་ཙམ་ལས་དོན་གྱི་འབབ་ས་གཅིག་པ་ཡིན་ན་ནི་རྩོད་པ་བརྒྱབ་འདོད་མེད།
ཤེས་རིག་ཚོགས་ཆེན་སྟེང་བཀའ་ཁྲི་དང་ཤེས་རིག་བཀའ་བློན་གཉིས་ཀྱི་ཐུགས་རེ་བསྡུར་བ།
ཚོགས་ཆེན་འདིའི་དམིགས་ཡུལ་ནི།
བཀའ་ཁྲི། ༡༽ བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་གྱི་སྲིད་བྱུས་ལ་སློབ་སྤྱི་དང་། དགེ་ཆེ། དགེ་རྒན་རྣམ་པའི་གཟིགས་ཚུལ་དང་གོ་རྟོགས། ཡིད་ཆེས་ཇི་ཙམ་ཡོད་མེད་ཤེས་རྟོགས་ཐུབ་པ་བྱ་རྒྱུ་དང་།
ཤེས་རིག་བཀའ་བློན། ༡༽ སློབ་གྲྭ་ཁག་གི་ཤེས་ཡོན་གནས་ཚད་ཉམས་ཆགས་སུ་ཕྱིན་པའི་རྒྱུ་རྐྱེན་དང་སླད་ཡར་རྒྱས་གཏོང་ཕྱོགས།
བཀའ་ཁྲི། ༢༽ ཤེས་ཡོན་སྲིད་བྱུས་སྐོར། བཙན་བྱོལ་བོད་མིའི་ཁྲོད་དང་། ལྷག་པར་ཤེས་ཡོན་གྱི་ལམ་སྲོལ་ལ་མཁྱེན་མྱོང་ཡོད་པའི་མཁས་དབང་འགའ་ཞིག་གིས་སྐྱོན་བརྗོད་དྲིལ་བསྒྲགས་ཇི་སྙེད་ཅིག་གནང་གི་ཡོད་པ་དེ་དག་གི་དགོངས་གཞི་དང་། རྒྱུ་མཚན་གཙོ་བོ་གང་ཡིན་ཤེས་རྟོགས་ཐུབ་པ་བྱ་རྒྱུ།
ཤེས་རིག་བཀའ་བློན། ༢༽བོད་ཀྱི་སྐད་ཡིག་དང་རིག་གནས་ཤེས་ཚད་ཉམས་ཆགས་སུ་ཕྱིན་ཡོད་པ་དེའི་རྒྱུ་རྐྱེན་དང་སླད་ཡར་རྒྱས་གཏོང་ཐབས།
བཀའ་ཁྲི། ༣༽ ད་ལྟའི་ཤེས་ཡོན་སྲིད་བྱུས་འདི་བཞིན་ཡོངས་གྲགས་ཕྱག་བསྟར་གནང་སྐབས་དང་། ཡང་ན་འཛིན་སྐྱོང་གི་ངོས་ནས་ཡོངས་གྲགས་ཕྱག་བསྟར་མ་གནང་ཡང་དགེ་རྒན་སོ་སོས་སྲིད་བྱུས་ཀྱི་སྙིང་དོན་ཕྱག་བསྟར་གནང་སྐབས་དངོས་ཡོད་དཀའ་ངལ་དང་། འགལ་རྐྱེན་གང་དང་གང་གཟིགས་པ་རྣམས་གསལ་རྟོགས་ཐུབ་པ་བྱ་རྒྱུ།
ཤེས་རིག་བཀའ་བློན། ༣༽ སློབ་གྲྭ་ཁག་གི་ཡ་རབས་བཟང་སྤྱོད་ཡར་རྒྱས་གཏོང་ཐབས།
བཀའ་ཁྲི། ༤༽ འབྱུང་འགྱུར་བོད་རིགས་ན་གཞོན་ནང་རིག་གཅིག་རྐང་འཛིན་དང་ཆེད་ལས་པ་ཚད་ལྡན་གང་མང་འཐོན་ཐབས་བྱེད་ཕྱོགས་ཇི་དགེའི་སྐོར་སློབ་སྤྱི་དང་དགེ་རྒན་རྣམ་པའི་དགོངས་འཆར་ཇི་ཡོད་ཤེས་རྟོགས་ཐུབ་པ་བྱ་རྒྱུ་བཅས་ཀྱི་གྲུབ་འབྲས་ཁག་འཐོན་པའི་རེ་བ་བྱེད་ཀྱིན་ཡོད།
ཤེས་རིག་བཀའ་བློན། ༤༽ དགེ་རྒན་གྱི་ལས་འགན་དང་ཁྱད་ཆོས་ཀྱི་གནད་དོན་བཅས་ཀྱི་ཐོག་བསྐྱངས་པ་ཞིག་ཡིན།
ཁྱེད་ཚོས་བསམ་ན་ཚོགས་ཆེན་འདིའི་དམིགས་ཡུལ་ངོ་མ་དེ་གང་འདྲ་ཞིག་ཡིན་རྒྱུ་རེད། རྣམ་པ་ཚོས་ཅིག་གསུངས་དང་།
མཛད་རིམ་དང་ཡིག་ཆ་ཀློག་པའི་མི་རབས།
ང་ལ་ནམ་རྒྱུན་ཚོར་སྣང་འདི་འདྲ་ཞིག་འདུག མི་རབས་འདི་མཛད་རིམ་དང་ཡིག་ཆ་ཙམ་ཀློག་མཁན་ཞིག་ཡིན་པ་དང། མཛད་རིམ་གྱི་རྗེས་ལ་ཡིག་ཆ་ཞིག་ཀློག་རྒྱུ་རག་གི་རེད། དེ་ནས་ལག་ལེན་གྱི་ཉི་མ་ཞིག་འཆར་རྒྱུ་མེད་འགྲོ། སློབ་གྲྭ་ཁག་གི་སློབ་ཚན་དང་དགེ་རྒན་ནི་སྔར་བཞིན་རླུང་རྩེ་ན་འདར་ཞིང་རིམ་གྱིས་འཁྱག་ལ་འབྱར་འགྲོ་བའི་གནས་བབ་ན་ལྷག་འདུག
ཁ་སང་དེ་རིང་ཤེས་རིག་ཚོགས་ཆེན་ཐེངས་ལྔ་བ་འཚོགས་བཞིན་ཡོད། ཚོགས་བཞུགས་པ་ཚོས་བསམ་བློ་ཅི་ཞིག་གི་འོག་ནས་འཆར་གཞི་གང་ཞིག་ཁུར་ཡོད་དམ་ངས་གསལ་བོ་མི་ཤེས། མཛད་རིམ་དང་གྲོས་གཞི་ཁག་མཐོང་སོང། ཚོགས་ཆེན་གྱི་རྗེས་ལ་ཡིག་ཆ་ཁ་ཤས་ཁུར་ནས་ཚོགས་ཞུགས་པ་ཚོ་རང་རང་གི་ས་ལ་སོང་ནས་སྐད་ཆ་སྙན་པོ་རེ་བཤད་ཀི་རེད། གཙོ་བོ་༸གོང་ས་མཆོག་གི་གསུང་དངོས་སུ་ཐོས་པ་དང་ཞལ་དངོས་སུ་མཇལ་བ་དེ་ཁོང་ཚོའི་ཚོགས་ཆེན་ལ་ཞུགས་པའི་ཁེ་ཕན་དང་གཟི་བརྗིད། མཛད་གཙོ་རྣམ་པ་དང་ཚོགས་ཞུགས་ལྷན་རྒྱས་ཀྱི་འདྲ་པར་དེ་ནི་ལོ་རྒྱུས་ཤིག་དང་རིན་ཐང་ཞིག་ལ་བརྩི་ངེས་རེད། དེ་ནས་ཡིག་ཆ་དེ་ཚོ་ཡིག་སྣོད་ཅིག་གི་ནང་ལ་བཅུགས་ནས་གཉིད་འཇུག་གི་རེད་ལ། ཚོགས་ཆེན་ཟེར་བའི་སྒྲ་དབྱངས་དེ་ཡང་རིམ་གྱིས་འཇག་འགྲོ་གི་རེད། འདི་ནི་གློ་བུར་དུ་གཉིད་སད་དེ་གློ་བུར་དུ་གཉིད་འགྲོ་བའི་འགྲོས་ཤིག་རེད།
གྲོས་གཞི་ཁག་སྔོན་མ་ནས་ཡོད་བསྡད་པ་དེ་འདྲ་རེད། དམིགས་བསལ་གྱི་གྲོས་གཞི་གང་ཡང་མི་འདུག ཤེས་རིག་གིས་འཆར་གཞི་ཞིག་བཟོས་ནས་ལག་ལེན་ལ་བསྟར་རྒྱུ་བཞག་པའི་ལས་དོན་གང་ཡང་མེད་ན། གྲོས་བསྡུར་ཞིག་བྱས་པའི་རྗེས་ལ་ལོ་འགའ་ཤས་ཀྱི་རྗེས་སུ་ཡང་གྲོས་བསྡུར་ཞིག་བསྐྱར་དུ་བྱེད་རྒྱུ་རེད། གོ་རིམ་འདི་ནས་འགྱུར་བ་ཞིག་མཐོང་རྒྱུ་ཡོད་དམ། འཕེལ་རྒྱས་ཤིག་འགྲོ་རྒྱུ་ཡོད་དམ།
ལག་འཁྱེར་མཐོན་པོ་ཡོད་པའི་དགེ་རྒན་དང་སློབ་སྤྱི་རྣམ་པ་ཚོ་དེ་རིང་གི་ཚོགས་ཆེན་ལ་ཞུགས་ཡོད་རྒྱུ་རེད། ང་ཚོའི་སློབ་གྲྭའི་སློབ་སྤྱི་ཡང་ཚོགས་ཆེན་ལ་ཕེབས་སོང། སྒམ་ཚུགས་ཀྱིས་འགྲོ་སོང། ཡིན་ནའང་ཁོ་ལ་ལག་འཁྱེར་ཙམ་ལས་ཅི་ཡང་ཡོད་ནི་མ་རེད། དུས་རབས་ཀྱི་འགྱུར་འགྲོས་དང་མཐུན་པའི་སློབ་གསོའི་གོ་རྟོགས་དང་ཤེས་ཚད་ནི་ཀླད་ཀོར་གྱི་མན་ན་ཡོད། ང་ཚོའི་སློབ་སྤྱི་འདྲ་བ་མང་པོ་ཞིག་ཚོགས་ཆེན་འདི་ལ་ཞུགས་ཡོད་ཚད་དོན་སྙིང་མེད་པ་ཐག་གིས་བཅད་ནས་བཤད་ན་ཆོག་གི
ཚོགས་ཆེན་ལ་སྙིང་པོ་ཡོད་མེད་ནི་དེ་རིང་གི་ངའི་བརྗོད་དོན་གཙོ་བོ་མ་རེད། དངོས་གནས་ང་ཚོའི་ང་ཚོའི་ཤེས་ཡོན་དེ་ཡར་རྒྱས་ལ་གཏོང་དགོས་ན། ཐོག་མར་སློབ་གྲྭ་ཁག་ན་ཤེས་ཚད་ཀྱིས་མི་འདང་བཞིན་དུ་ཨུ་ཚུགས་ཀྱིས་དགེ་རྒན་དང་སློབ་སྤྱི་སོགས་ཀྱི་རྐུབ་བཀྱགས་སྲུང་ནས་འདུག་མཁན་ཚོ་དང། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་སློབ་གསོའི་སྐོར་ལ་ཕྱག་ལས་གནང་མཁན་གྱི་ལས་བྱེད་ཤེས་ཡོན་དང་འཇོན་ཐང་མེད་ས་དེ་ཚོས་རང་ངོས་ནས་དགོངས་ཞུ་བྱེད་ཐུབ་ན། ད་གཟོད་གཞི་ནས་ང་ཚོའི་ཤེས་ཡོན་སློབ་གསོ་ལ་རེ་བ་ཞིག་ཡོད་རྒྱུ་རེད། དེ་ལྟར་མིན་ན་མི་རབས་འདི་མཛད་རིམ་དང་ཡིག་ཆ་ཙམ་ཀློག་མཁན་ལས་ཅི་ཡང་འབྱུང་གི་མ་རེད།
ད་རེར་རིན་པོ་ཆེས་གསུང་ཡག་པོ་ཞིག་གནང་འདུག་གཱ
མ་འོངས་བོད་ཀྱི་སོན་རྩ་ཚོར་དེང་དུས་ཀྱི་ཤེས་ཡོན་སློབ་གསོ་སྤྲོད་དགོས་ཀྱང་། ལྷག་པར་དུ་བོད་རང་གི་ཐུན་མོང་དང་ཐུན་མོང་མིན་པའི་ཤེས་ཡོན་སློབ་གསོ་ཡག་པོ་ཞིག་སྤྲོད་དགོས་པ་ཡིན། དེང་དུས་ཀྱི་ཤེས་ཡོན་སློབ་གསོ་ཕྱུག་ཀྱང་བོད་རང་གི་ཤེས་ཡོན་སློབ་གསོ་མི་ལྡན་ན་ལྷ་ཁང་སྟོང་པ་ལྟ་བུ་ཆགས་རྒྱུ་རེད།