མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་གསར་བའི་མཛད་འཕྲིན་ཐོག་མ།

བོད་ཀྱི་དུས་བབ།
༢༠༡༠/༠༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་བཞུགས་སྒར་ནས་རྒྱ་གར་མངའ་སྡེ་གུ་ཇུ་ར་ཊིའི་ནང་ཞབས་སོར་འཁོད་དེ་ལོ་གསར་བའི་མཛད་འཕྲིན་ཐོག་མ་དབུ་འཛུགས་གནང་ཡོད་ལ། ཕྱི་ཚེས་ ༥ ཉིན་ནས་གསུང་ཆོས་མགོ་འཛུགས་གནང་རྒྱུ་རེད།

ཕྱི་ལོ་ ༢༠༡༠ ལོའི་ཕྱི་ཚེས་ ༡ ཉིན་ནས་བཟུང་༧གོང་ས་མཆོག་བཞུགས་སྒར་ནས་རྒྱ་གར་མངའ་སྡེ་གུ་ཇུ་ར་ཊིའི་ནང་ཞབས་སོར་འཁོད་དེ་ལོ་གསར་བའི་མཛད་འཕྲིན་ཐོག་མ་དབུ་འཛུགས་གནང་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༣ ཉིན་མངའ་སྡེ་དེའི་གྲོང་ཁྱེར་པཱ་ལི་ཏཱ་ཎ་རུ་གཅེར་བུ་བའི་མཁས་དབང་དང་ལྷན་དུ་ཚོགས་ཆེན་ཞིག་ཏུ་ཆིབས་བསྒྱུར་གནང་ཡོད་ཅིང་།  མཛད་འཕྲིན་གྲུབ་རྗེས་རྡོར་གདན་དུ་ཆིབས་སྒྱུར་གྱིས་ཕྱི་ཚེས་ ༥ ནས་བཟུང་༧གོང་ས་མཆོག་གིས་ཉིན་བཞིའི་རིང་གནས་མཆོག་རྡོ་རྗེ་གདན་དུ་བོད་ནས་འབྱོར་བའི་ཆོས་ཞུ་བ་གཙོས། རྒྱ་བལའབྲུག་གསུམ་དང་། ཨ་རི། ཨོ་སི་ཊོ་ལི་ཡ། ཀོ་རི་ཡ། ཐའེ་ཝན་སོགས་རྒྱལ་ཁབ་ཁག་གི་དད་ལྡན་མང་ཚོགས་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་འཇིག་རྟེན་ལས་འདས་པའི་བསྟོད་པ་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན། ཀློང་ཆེན་རབ་འབྱམས་པས་མཛད་པའི་སེམས་ཉིད་ངལ་གསོ། རྗེ་ཙོང་ཁ་པ་ཆེན་པོས་མཛད་པས་ལམ་རིམ་བསྡུས་དོན་བཅས་ཀྱི་བཀའ་ཆོས་དང་བཀའ་སློབ་གནང་རྒྱུ་ཡིན་འདུག་ལ། ཕྱི་ཚེས་ ༩ ཉིན་གྱི་གསུང་ཆོས་ཀྱི་མཐའ་མའི་ཉིན་དེར་མང་ཚོགས་ལ་ཚེ་དབང་གནང་རྒྱུ་ཡིན་འདུག

ཐེངས་འདིའི་གསུང་ཆོས་ཡོངས་སུ་གྲོལ་རྗེས་༧གོང་ས་མཆོག་ཨོ་རི་ས་ཕུན་ཚོགས་གླིང་དུ་ཆིབས་བསྒྱུར་གནང་འཆར་ཡོད་པར་མ་ཟད། ཕྱི་ཚེས་ ༡༣ ཉིན་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་གི་དགོན་ཁང་གསར་བ་དབུ་འབྱེད་དང་འབྲེལ་བླ་མ་གསང་རྡོའི་ཐོ་རེངས་ཚལ་དུམ་བུ་བཞིའི་བཀའ་དབང་གནང་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༡༥ ཉིན་རྒྱ་གར་མངའ་སྡེ་གུ་ཇུ་ར་ཊི་ནང་པའི་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས་བཀའ་སློབ་གནང་རྒྱུ་ཡིན་པ་རེད།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༨ སྔོན་ལ།
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

ཆུ་ཚོད་ ༨ སྔོན་ལ།
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

ཆུ་ཚོད་ ༩ སྔོན་ལ།
Sakkar Tashi’s profile on X. Screenshot taken on 24 June 2026.
Mobile App

རྒྱ་ནག་གཞུང་གིས་ས་དཀར་བཀྲ་ཤིས་ལགས་ཀྱི་བོད་ནང་གི་ནང་མི་རྣམས་ནག་ཉེས་ཅན་གྱི་ཐོ་གཞུང་དུ་བཅུག་འདུག

ཆུ་ཚོད་ ༩ སྔོན་ལ།
སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༢༤
Mobile App

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཁུལ་གྱི་ཕྱོགས་ཕེབས་མཇུག་བསྒྲིལ། 

ཆུ་ཚོད་ ༡༣ སྔོན་ལ།
Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

༢༠༢༦/༠༦/༢༣

མཆན། 5

  1. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 16 སྔོན།

    ས་ཆེན་པོའི་མ་མ་ཁྱེད་སྐུ་ཚེ་བསྐལ་བརྒྱར་ཞབས་བརྟན་སྨོན།

    Reply
  2. རས་པ། says:
    ལོ་ 16 སྔོན།

    ༧གོང་ས་མཆོག་ལ་བོད་པ་ཚོས་སྐྱབས་སུ་མཆི་མང་པོ་ཕུལ་གི་རེད། འོན་ཀྱང་། ཨ མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་མ་གཏོགས་གཟེངས་རྟགས་ཕུལ་བ་དེ་འདྲ་བྱུང་མེད་ཚོད་རེད། ད་ང་ཚོས་བོད་རྒྱལ་ཁབ་ཀྱི་གཟེངས་རྟགས་ཤིག་ཕུལ་དགོས་མེད་འགྲོ ཧཧཧ

    Reply
  3. བློ་བཟང་ཐུབ་བསྟན་ says:
    ལོ་ 16 སྔོན།

    གོངས་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟེནཔར་ཤོགས་༑བསམ་ཆར་ནང་དབྱིན་ཡིག་མང་པོ་བྲི་མཁན་ཡོངས་གི་འདུག་།ཁྱེད་རྣམས་གྱི་བོད་ཡིག་བྲི་ཤེས་གྱི་མེད་ནམ་།ཡང་ན་ཁྱེད་རྣམས་དབྱིན་ཡིག་ཤེས་གྱི་ཡོད་པའི་འཇིག་ཉམས་ཕྱི་ལ་མངོན་པ་ཡིན་ནམ།ངས་བསམ་པ་ཁོང་རྣམས་དབྱིན་ཡིག་མཐར་ཕྱིན་པ་ཤེས་ཀྱི་ཨེ་ཡོ་ན་སྙམ་།་ཤེས་ན་དབྱིན་ཡིག་ཐོག་བསམ་ཆར་འདོན་ས་གཞན་ལ་ཕེབས་ན་འགྲིག་གི་རེད་།དུས་བབ་ཚོགས་པའི་འགྲོ་སོངས་མང་པོ་བཏང་ནས་ང་ཚོ་ལ་གོ་སྐབས་འདི་སྤྲོད་པ་དམིགས་ཡུལ་མཁྱེན་གྱི་ཡོད་ནམ་།བོད་པའི་སྤྱི་ཚོགས་ལ་བོད་ཡིག་ཡར་རྒྱས་ཡོངས་ཐབས་སུ་གོ་སྐབས་འདི་སྤྲོད་པ་རེད་།ཐུགས་རྗེ་གཟིགས་ཁོང་རྣམས་པའི་དམིགས་ཡུལ་ཆུད་ཟོས་སུ་མི་འགྲོ་བ་གནང་རོགས་།།

    Reply
  4. ནད་པ says:
    ལོ་ 16 སྔོན།

    རབ་འབྱམས་རྒྱལ་བ་ཀུན་གྱི་མཛད་པའི་འཁུར། །སྙིང་སྟོབས་ཕྲག་པར་བཟུང་བའི་རླབས་ཆེན་གྱི། །འཕྲིན་ལས་ཀུན་ཕན་ནམ་མཁའི་སྙིང་པོ་ཅན། །བཞེད་པ་ཇི་བཞིན་ལྷུན་གྱིས་འགྲུབ་གྱུར་ཅིག །

    Reply
  5. བདེ་བ་ཅན། says:
    ལོ་ 16 སྔོན།

    རང་ཅག་གངས་ཅན་པ་ཡོངས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཕགས་མཆོག་ཕྱག་ན་པདྨོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པ་དང༌། ལོ་གསར་པའི་ནང་བསྟན་དང་འགྲོ་བའི་སླད་ཆོས་སྲིད་ཀྱི་མཛད་འཕྲིན་སྔར་ལས་ལྷག་པའི་རྒྱས་ཞིང་། འཛམ་གླིང་ཀུན་ལ་མ་ལྟར་གཅེས་པའི་བྱམས་བརྩེའི་བྱིན་རླབས་ཀྱིས་སྐྱེ་འགྲོཀུན་གྱི་བསོད་ནམས་སླད་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པའི་བཀྲ་ ིས་བདེ་ལེགས་ཀྱི་སྨོན་ལམ་གྲངས་མེད་ཞུ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese