མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་བརྒྱུད་གཅིག་པ་ཚོར་མཐུན་རྐྱེན་སྦྱོར་རོགས།

བོད་ཀྱི་དུས་བབ།
༢༠༡༠/༠༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

ང་ཚོས་ཞབས་འདེགས་སྒྲུབ་ཡུལ་དེ་བོད་པ་གཅིག་པུ་མིན་པར་ང་ཚོ་ཆོས་བརྒྱུད་གཅིག་པ་ཡིན་བསྡད་པ་དང་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་ཡོད་བསྡད་མཁན་ཚང་མར་མཐུན་རྐྱེན་སྦྱོར་རྒྱུ་དང་རེ་འདོད་བསྐང་ཐུབ་པར་བྱ་རྒྱུ་དེ་རེད་ཅེས་༧གོང་ས་མཆོག་གིས་གསུངས་ཡོད།

ཕྱི་ཚེས་  ༡༢ ཉིན་ཨོ་རི་ས་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་ཀྱི་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་དགོན་པའི་བླ་མ་ནམ་མཁའ་རིན་པོ་ཆེ་གཙོས་པའི་དགེ་སྤྲུལ་འཇིགས་མེད་རིན་པོ་ཆེ་དང་དགེ་འདུན་པ་རྣམ་པ་དང་། དེར་ཡོད་ས་གནས་གཞུང་འབྲེལ་གྱི་ལས་ཁུངས་ཁག་གི་མི་སྣ།  གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་མི་དང་ས་གནས་མི་མང་བཅས་ཀྱི་ཕེབས་བསུའི་ཁྲོད་༧གོང་ས་མཆོག་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་དགོན་པའི་སློབ་དཔོན་པདྨའི་གཙུག་ལག་ཁང་གི་བཞུགས་ཁྲིར་ཞབས་སོར་བཀོད་དེ་གཙུག་ལག་ཁང་གསར་བཞེངས་ལེགས་འགྲུབ་ཀྱི་དབུ་འབྱེད་རབ་གནས་དང་དཔེ་མཛོད་ཁང་ལ་གཟིགས་ཞིབ་གནང་གྲུབ་རྗེས་དེར་ཡོད་དགེ་འདུན་པ་གཙོས་པའི་མི་དམངས་ལ་བཀའ་སློབ་གནང་དོན། ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པར་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་བསྒྲུབ་དགོས་པ་ཞིག་རེད། ཁྱེད་རང་ཚོའི་འདིར་མཁན་པོ་མང་པོ་ཞིག་ཕེབས་ཏེ་འཆད་ཉན་གྱི་ལས་ལ་འབད་བཞིན་པ་དེ་ཡག་པོ་རེད། ཐུན་མོང་མ་ཡིན་པའི་ཆོས་བརྒྱུད་ཁག་གི་སྒྲུབ་ཆེན་ཁག་གསར་འཛུགས་གནང་རྒྱུ་དེའང་ཧ་ཅང་གལ་ཆེན་པོ་རེད་ལ། དེ་བཞིན་མཐུན་རྐྱེན་འཛོམས་པ་ཡིན་ན་སྒྲུབ་གྲྭ་ཁག་ཅིག་དང་བཤད་གྲྭ་ཁག་ཅིག་གསར་འཛུགས་གནང་ཐུབ་ན་ཡག་པོ་རེད། དངོས་གནས་ཚད་མ་དང་སྒྲུབ་པ་མཉམ་དུ་བྱུང་བ་ཡིན་ན། བསྟན་པའི་མིག་རྒྱན་རེད་ཅེས་གསུངས་པ་དང་། ཡང་༧གོང་ས་མཆོག་གིས། འདིར་བོད་རིགས་ཙམ་མ་ཡིན་པར་ཧི་མ་ལ་ཡའི་རི་བརྒྱུད་ནས་ཕེབས་པའི་གྲྭ་རྒྱུན་མང་པོ་ཡོད་པ་ཧ་ཅང་ཡག་པོ་རེད། ང་ཚོ་བོད་མི་ཚོ་ལུང་པ་བྲལ་ཏེ་བསྡད་ཡོད་པ་རེད། བོད་ནང་ལ་མཚོན་ན་ཆོས་ཟེར་དུས་སྐྱོན་བྱེད་པ་ཞིག་དང་རྗེས་ལུས་ཀྱི་རང་བཞིན་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་སྟབས།  ཧ་ཅང་ཉག་ཕྲ་བའི་གནས་སུ་གྱར་ཡོད་པ་རེད། ཧི་མ་ལ་ཡའི་རི་བརྒྱུད་ཐེ་བའི་བལ་ཡུལ་དང་འབྲུག་བཅས་བོད་དང་ཆོས་བརྒྱུད་གཅིག་པ་ཆགས་བསྡད་ཡོད་སྟབས། ང་ཚོ་བོད་གཞུང་གི་སློབ་གྲྭ་ཁག་ཏུ་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་བོད་ཡིག་སྦྱང་འདོད་ཡོད་རིགས་ཚོར་མཐུན་རྐྱེན་སྦྱོར་དགོས་པའི་སྐོར་བཤད་བསྡད་ཡོད་པ་ལྟར། དགོན་པ་ཁག་ལ་མཚོན་ནའང་། རྩ་བའི་བོད་པ་མང་པོ་ཡོད་ཀྱང་ང་ཚོས་ཞབས་འདེགས་བསྒྲུབ་ཡུལ་དེ་བོད་པ་གཅིག་པུ་མིན་པར་ང་ཚོ་ཆོས་བརྒྱུད་གཅིག་པ་ཡིན་བསྡད་པ་དང་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་ཡོད་བསྡད་མཁན་ཚང་མར་མཐུན་རྐྱེན་སྦྱོར་ཐུབ་པ་ཞིག་བྱ་དགོས་པ་དང་རེ་འདོད་བསྐང་ཐུབ་པར་བྱ་རྒྱུ་དེ་ང་ཚོའི་ལས་འགན་རེད་ཅེས་བཀའ་སློབ་གནང་ཡོད་པ་རེད། ༧གོང་ས་མཆོག་གིས་བཀའ་སློབ་གནང་རྗེས། བཀའ་བློན་ཁྲི་པ་མཆོག་དང་ས་གནས་མགོ་འཛིན་བཅས་ཀྱིས་དེར་ཡོད་མི་མང་ལ་བཀའ་སློབ་གནང་བ་དང་། ཨོ་རི་ས་ཕུན་ཚོགས་གླིང་ལྷ་མོ་འཁྲབ་སྟོན་ཚོགས་པ་དང་བླང་དོར་ཚོགས་པ། རྒྱས་བཤད་ཚོགས་པ་གསུམ་གྱིས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་གནང་ཡོད་པར་མ་ཟད། དེར་ཡོད་རི་དགོན་ཐུབ་བསྟན་གླིང་དགོན་པ་གཙོས་ས་གནས་མང་ཚོགས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་གནང་ཡོད་པ་རེད།

རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་དགོན་པ་འདི་ཉིད་ནི་ ༡༩༦༨ ལོར་བོད་མིའི་གཞིས་ཆགས་ཕུན་ཚོགས་གླིང་གཞིས་གྲོང་བཞི་བའི་ས་གནས་མང་ཚོགས་ཀྱི་མོས་འདུན་ལྟར། རིག་གྲོལ་རིག་འཛིན་ཆོས་རྒྱལ་རིན་པོ་ཆེ་དང་གཏེར་སྟོན་ནམ་མཁའ་དྲི་མེད་རབ་འབྱམས་རིན་པོ་ཆེ་རྣམ་གཉིས་ཀྱིས་དཀའ་སྡུག་གི་ལོ་ཟླའི་ནང་འཛིན་སྐྱོང་སྤེལ་གསུམ་གྱིས་ཕྱག་ལས་གནང་བ་དང་། ༧གོང་ས་མཆོག་གིས་དགོན་པའི་མཚན་གནང་བ་ཞིག་ཡིན་ཞིང་། ད་ལྟ་དགོན་པའི་ནང་བླ་སྤྲུལ་རྣམ་གཉིས་གཙོས་པའི་དགེ་འདུན་པ་ ༢༠༠ ལྷག་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

༸གོང་ས་སྐུ་ཕྲེང་དྲུག་པའི་གོ་ལའི་ཚོགས་འདུ་ཞེས་པ་འཚོག་གཏན་ཁེལ།

ཆུ་ཚོད་ ༧ སྔོན་ལ།
Mobile App

མགོན་པོ་སྐྱིད་ལགས་ལ་རང་ཁྱིམ་དུ་སྨན་བཅོས་བྱེད་བཞིན་འདུག

༢༠༢༥/༡༡/༠༦
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤

མཆན། 13

  1. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    བསེ་རུ་གསུང་པ་དེ་དངོས་ཉིད་ཡག་པོ་འདུག་མ་གཞི་ང་ཚོ་བོད་པའི་སྤྱི་ཚོགས་ནང་མ་དག་རྒྱུན་འབྱམས་སུ་འགྲོ་རྒྱུ་གོམས་གཤིས་སྐྱོ་པོ་ཞིག་ཡོད་རེད་དེ་དངོས་ཉིད་བསྒྱུ་བཅོས་སུ་ཞིག་གཏོང་དགོས་ངེས། ད་དུང་མུད་ཐུད་འདི་འདྲ་གླེང་ན་ཡག་པོ་འདུག

    Reply
  2. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    བོད་ཡིག་གི་ཐོག་ཏུ་སྤོབས་པ་ཡོད་པ་ནི།
    བསེ་རུ་ལགས་ང་ཅོ་རི་མཁས་པ་ཞིག་མིན་དེ་འཛམ་གླིང་སྐོར་ནས་འགྲོ་མྱོང་ཡོད་པའི་མི་ཞིག་ཡིན། ང་ས་གང་དུ་སོང་ན་ཡང་སྤོབས་པ་མཐོ་པོའི་ཐོག་ནས་ང་རང་ཚོའི་བོད་ཀྱི་སྐད་ཡིག་འདི་སྤུས་དག་པོ་ཞིག་རྟིང་ཟབ་མོ་ཞིག་ཡིན་བསམ་བཞིན་ཡོད་ལ་རེད་ཀྱང་རེད། ཡིན་པའི་རྒྱུ་མཚན་ནི། བོད་སྐད་ཁ་ལ་བྱང་བའི་མི་ཞིག་གིས་རྒྱལ་ཁབ་གཞན་གྱི་སྐད་ཡིག་ཇི་འདྲ་ཞིག་བསླབ་སྐབས་སུ་མི་དེས་ཁ་ནས་སྨྲ་མི་ཐུབ་པ་མེད་ལ་མ་ཟད་ཧ་ཅང་ལྕེ་བདེ་པོ་ཡོད། ང་སྔོན་མ་སུད་སི་སློབ་གྲྭ་འགྲོ་སྐབས་སུ་འཛིན་གྲྭ་གཅིག་པ་རྒྱལ་ཁབ་༢༥་ཡི་མི་ཡོད་ཀྱང་ང་བོད་སྐད་རྒྱག་མཁན་གྱི་ལྕེ་བདེ་པོ་དང་སྒྲ་གསལ་བོ་ཐོན་ཐུབ་ཀྱིན་འདུག
    རྒྱ་མི་ཚོས་ར་སྒྲ་ཡག་པོ་ཐོན་ཐུབ་ཀྱིན་མེད་ལ་ལྕེ་བདེ་པོ་མེད། མ་ཟད་བོད་མི་སུ་ཡིན་ཡང་སྐད་ཡིག་གཞན་ཞིག་བསླབ་སྐབས་སུ་སྒྲ་ཐོན་མ་ཐུབ་དང་ལྕེ་བདེ་པོ་མེད་པ་མེད། དེའི་རྒྱུ་མཚན་ནི། བོད་ཀྱི་སྐད་ཡིག་འདིའི་ནང་དུ་སྒྲ་གདངས་ཚང་མ་ཚང་བས་རྒྱུ་མཚན་གྱིན་རེད། ཐོན་མི་སམ་བྷོ་ཊའི་བཟོས་པའི་སྐད་ཡིག་འདིའི་ཐོག་ནས་ཐོན་མ་ཐུབ་པའི་སྒྲ་ཞིག་ཡོད་ན་བོད་མིའི་ལྕེ་འདིས་སྨྲ་མི་ཤེས་པའི་སྒྲ་ཞིག་ཡོད་དགོས། སྤྱིར་སྟངས་ནས་བོད་མི་རིགས་ཀྱི་བརྗོད་པ་ལྕེ་རྐན་ལས་བྱུང་བའི་སྐད་ཀྱི་གདངས་དེ་བོད་སྐད་ཀྱི་མཚན་ཉིད་དུ་འཇོག་དགོས་པ་མ་ཡིན་ནམ། དེ་མིན་སྒྲ་གདངས་འདི་ནི་ཕྱི་རྒྱལ་གྱི་རེད་འདི་ནི་བོད་ཀྱི་རེད་ཟེར་ནས་ཁྱད་པ་ཇི་ལྟར་ཕྱེད་དགོས་སམ། དཔེ་ན་སུད་སི་ཞེས་པའི་སྒྲ་གདངས་དེ་འདི་ནི་ཕྱི་རྒྱལ་གྱི་གདངས་རེད་ཟེར་བ་དང་བོད་ཀྱི་སྒྲ་གདངས་མ་རེད་ཟེར་ནས་ཁྱད་པ་ཕྱེད་ཀྱིན་ག་ལ་ཡོད་དམ། ངས་བསམ་པ་སློབ་དཔོན་ཐོན་མིའི་སུམ་རྟགས་གཞིར་བཟུང་ཐོག་ནས་སྒྲ་གདངས་ཐོན་མ་ཐུབ་པ་ནི་Fཞེས་པའི་སྒྲ་གདངས་འདི་ཅིག་པོ་རེད་དྲན། ཡིན་ཡང་དེའི་རྗེས་སུ་ཧྥ་ཞེས་པའི་ཡི་གེ་འདི་བཟོས་པ་རེད། ད་དུང་མ་འདང་ན་བོད་ཡིག་འདི་རྒྱ་ཆེན་པོ་ཞིག་དང་རྟིང་ཟབ་མོ་ཞིག་ཡིན་ཟེར་ན་ག་ལ་འགྲིག་གམ། ངས་བསམ་ཚུལ་ཐ་སྙད་གསར་པ་བྲིས་ཚོད་ཐམས་ཅད་སྔོན་རྗེས་གང་ཡིན་མེད་པ་དང་ཕྱི་ལོག་རྐྱང་རྐྱང་འབྲི་ག་ལ་དགོས། དེ་ལྟར་བྲིས་པ་ཡིན་ན་ནམ་ཞིག་དུས་ཀྱི་མཐའ་བོད་ཡིག་འདི་ཀློག་དཀའ་བ་རྒྱ་ཡིག་ལྟ་བུ་འགྱུར་ངེས་ཡིན།
    དེའི་རྒྱུ་མཚན་གྱིས་ངས་མང་པོ་ཞིག་བཤད་ཁུལ་ཡིན་མ་གཏོགས་མི་གཞན་ལ་གནོད་གནོད་དང་ཁ་འཆུ་རྒྱག་པ་རྩ་བ་ནས་མིན། དེ་འདྲ་ཡིན་དུས་ཁྱེད་ནི་བོད་ཡིག་མཁས་པ་མ་ཟད་བོད་ཡིག་དུང་ཞེན་ཆེ་བའི་མི་ཞིག་ཡིན་བཟོ་འདུག་པས་ཐུགས་བསམ་བཞེས་ཀྱིན་གལ་ཆེ། གུས་པས་ཡིག་ནོར་དང་བཤད་པ་ཐལ་དྲག་རྣམས་ཡོད་ན་དགོངས་འགལ་མེད་པ་ཞུ།

    Reply
  3. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    མད་དང་བདེན་གཉིས་ཅིག་པ་ཡིན་ནམ།

    Reply
  4. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    བསེ་རུ་ལགས་དུས་ཐིག་ལན་གནང་བ་ཐུགས་རྗེ་ཆེ་ཞུ།
    ངས་ལྟས་ན་ཁྱེད་ཡང་ཡི་གེ་འདི་རིགས་འབྲི་མཁན་ཞིག་ཡིན་ནམ། ཡིན་ན་སྐྱོན་མེད་དཔྱད་པ་བྱེད་དུ་གཏན་ཚིག་རིག་པ་ལ་བརྟེན་ནས་ཐག་གཅོད་དགོས་པ་ལས་རང་ཚོ་ལ་ཐག་གཅོད་རྐྱེན་གཞན་མེད། དོན་ནི་དེ་ལྟར་མད་དོ་ཞེས་བྲིས་འདུག་པས་འདི་མེད་དོ་ཞེས་པའི་དོན་ཡིན་ནམ། ངས་ཞིབ་ཏུ་འགྲེལ་བཤད་ཤིག་ཕུལ་གྱིན་ཡིན།

    Reply
  5. བསེ་རུ། says:
    ལོ་ 16 སྔོན།

    ཅོ་རི་ཉི་མ་ལགས།
    གོང་དུ་སྐུ་ཉིད་ཀྱི་དྲི་བར་ལན་འདེབས་བྱེད་སྐབས་ཁ་ཚོན་གཅོད་ཐབས་བྲལ་ཞེས་བཤད་པ་ནི། ཁོ་བོས་སྐུ་ཉིད་ཀྱི་ཞེ་འདོད་སྤྱི་བམ་ཙམ་ལས་མ་རྟོགས་པས་འདྲེ་ཤར་སྒོར་གནས་པ་ལ་གླུད་ནུབ་སྒོར་གཏོང་བ་ལྟ་བུའི་ལན་འདེབས་ཤིག་ཏུ་གྱུར་ཡོད་པ་འདྲ། སྐབས་རེ་དེ་འདྲའི་རིགས་ཡོང་ངེས་ལ་ཡོང་ཆོག་པ་ཞིག་ཀྱང་རེད།
    སྐུ་ཉིད་ཀྱིས་”རྗེས་འཇུག་འཇོག་སྟངས་དང་སྔོན་འཇུག་འཇོག་སྟངས་ནོར་བ་རྣམས་འགྲིག་གིན་མི་འདུག་གསུངས་པ་མ་ཡིན་ནམ།”ཞེས་པའི་དོན་ནི་དེ་ལྟར་མད་དོ་ཞེས་ཞུ་རྒྱུ་ལས་མ་འདས།

    མིང་གཞི་རྐྱང་པ་ཉི་ཤུ་རྣམས་རྗེས་འཇུག་གི་ཚུལ་དུ་སྦྱོར་ཚུལ་འདི་རིགས་ཡོང་རྐྱེན་དེ་རིགས་ཡོངས་གྲགས་བོད་སྐད་ཀྱི་སྒྲ་ལ་མ་གྲགས་པའི་ཐ་སྙད་གསར་པ་གོང་བཀོད་ལྟ་བུའི་རིགས་གསར་དུ་འབྲི་དགོས་སྟབས། འདི་ལྟར་ཡོང་གིན་ཡོད་པ་འདྲ། རབ་བྱུང་ན་རྗེས་འཇུག་བཅུ་པོ་རྣམས་མིང་གཞི་དང་སྦྱར་ཏེ་ཀློག་སྐབས་སྒྲ་ཟུར་ཕྱིན་པ་ཐོན་གྱི་ཡོད་ན་དེ་ལྟར་སྦྱོར་དགོས་པ་ནི་བོད་ཀྱི་སྐད་ཡིག་རྩ་བའི་འགྲོ་སྟངས་ཤིག་རེད་སྙམ།
    འདི་ནི་བསམ་ཚུལ་ཙམ་ཡིན་པ་ལས་གཏན་ཚིགས་ཀྱིས་གཏན་ལ་ཕབ་པ་ཞིག་ནི་དེ་བས་ཀྱང་མིན་ནོ།།

    Reply
  6. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    བསེ་རུ་མཆོག
    ཅོ་རི་ཉི་མ་ལགས་ཀྱིས་ཕྲན་ལ་གདེང་འཇོག་གནང་རྗེས་གཤམ་གྱི་ཚིག་གསར་རྣམས་དག་དང་མ་དག་པའི་འགྲེལ་བརྗོད་དགོས་སྐོར་དང་སུམ་རྟགས་གཞུང་དང་མཐུན་མིན་དོགས་དྲི་གནང་འདུག་ཀྱང་། དགོངས་སེལ་ཞུ་རྒྱུར་ཁོ་བོས་དེ་དག་དག་དང་མ་དག་པའི་ཁ་ཚོན་གཅོད་ཐབས་བྲལ། ཞེས་ཁ་ཚོན་གཅོད་ཐབས་བྲལ་འདུག་གསུངས་རྒྱུ་ཨེ་ཡོད་ན། དེ་ལས་མིང་ཚིག་འདི་ཚོ་བྲིས་མཁན་ཚོ་ལ་སྐྲག་གིན་འདུག་གསུངས་ན་ངས་ཁྱེད་ལ་ཁས་མེད་ལབ་ཀྱིན་ཡིན། དེ་མིན་ཁ་ཚོན་གཅོད་ཐབས་མི་འདུག་གསུངས་ན་ག་ནས་འགྲིག་པ། ཧཧཧཧཧཧཧ

    Reply
  7. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    བསེ་རི་ལགས་ཀྱིས་ལན་ཞིག་གནང་ཐུགས་རྗེ་ཆེ་ཡིན་ཡང་འདྲེ་ཤར་རུ་ཡོད་དུས་གཏོར་མ་ནུབ་ལ་འཕེན་ནས་ཅི་ཕན་ནམ།
    ས་མིང་ཆུ་མིང་ཡུལ་མིང་སོགས་ཁྱབ་ཆེ་བའི་ཐ་སྙད་ཀྱི་སྒྲ་གདངས་དེ་སོར་བཞག་བྱས་ནས་བྲིས་པ་དེ་ཡག་པོ་རེད།
    འདིའི་སྐོར་རྩོད་པ་མི་འདུག
    ཡིན་ཡང་ཐོན་མིའི་སུམ་ཅུ་པའི་ནང་དུ་རྗེས་འཇུག་བཅུ་དང་སྔོན་འཇུག་ལྔ་གསུངས་ཡོད། དེང་སང་མཁས་དབང་ཚོས་གསལ་བྱེད་སུམ་ཅུ་ཚང་མ་རྗེས་འཇུག་དང་ཚང་མ་སྔོན་འཇུག་བཞག་ན་འགྲིག་གིན་རེད་དམ། སྔོན་འཇུག་ལྔ་དང་རྗེས་འཇུག་བཅུ་གསུངས་པར་དགོས་པ་དང་རྒྱུ་མཚན་རེ་ཡོད་པ་མ་ཡིན་ནམ།
    རང་སྣང་གང་ཤར་བྱས་ནས་བྲིས་ན་འགྲིག་གིན་རེད་པས། དེ་འདྲ་ཡིན་ན་དག་དང་མ་དག་གི་སྐད་ཆ་མི་འདུག་སྙམ། བོད་ཡིག་སྲུང་སྐྱོབ་བྱེད་སྟངས་དེ་ཧམ་པ་སུ་ཚ་རེད་དམ།
    ཅིག་ཅིག་འགྲིག་མི་འདུག་ཉོག་ཉོག་དག་མི་འདུག་ག་འདྲ་བྱས་ནས་གསུངས་ཀྱིན་ཡོད་དམ། རྗེས་འཇུག་འཇོག་སྟངས་དང་སྔོན་འཇུག་འཇོག་སྟངས་ནོར་བ་རྣམས་འགྲིག་གིན་མི་འདུག་གསུངས་པ་མ་ཡིན་ནམ།

    Reply
  8. བསེ་རུ། says:
    ལོ་ 16 སྔོན།

    ཅོ་རི་ཉི་མ་ལགས་ཀྱིས་ཕྲན་ལ་གདེང་འཇོག་གནང་རྗེས་གཤམ་གྱི་ཚིག་གསར་རྣམས་དག་དང་མ་དག་པའི་འགྲེལ་བརྗོད་དགོས་སྐོར་དང་སུམ་རྟགས་གཞུང་དང་མཐུན་མིན་དོགས་དྲི་གནང་འདུག་ཀྱང་། དགོངས་སེལ་ཞུ་རྒྱུར་ཁོ་བོས་དེ་དག་དག་དང་མ་དག་པའི་ཁ་ཚོན་གཅོད་ཐབས་བྲལ།
    འོན་ཀྱང་། དེང་སྐབས་ས་ཆ་དང་ཡུལ་མིང་སོགས་ཀྱི་རིགས་ལུང་པ་དེ་དང་དེའི་སྐད་གདངས་ཀྱི་སྒྲ་སོར་བཞག་གི་ཐོག་ས་མིང་དང་ཡུལ་མིང་འབྲི་དགོས་པའི་རིགས་ལ། བོད་ཡིག་གི་ཐོག་ནས་སྒྲ་མཚུངས་པར་ཐོན་ན་འགྲིག་པར་འདོད་ཀྱང་། འབྱུང་འགྱུར་དག་སྡེབ་དེ་རིགས་གཏན་འཇགས་ཀྱི་རྣམ་པ་ཞིག་བྱུང་ན་ཕྱིས་འབྱུང་དཀའ་ཚེགས་ཆུང་ངོ་སྙམ།།

    Reply
  9. karma dorje says:
    ལོ་ 16 སྔོན།

    སྒྲུབ་བརྒྱུད། ཆོས་བརྒྱུད། སྙན་བརྒྱུད་དང་ཟབ་མོ་ལྟ་བརྒྱུད་སོགས་ལ་བ་སྔོན་ཡོད་ལ། རི་རྒྱུད། རིགས་རྒྱུད། གདུང་རྒྱུད། ཆུ་རྒྱུད་དང་ཤེས་རྒྱུད་ལ་བ་སྔོན་འཇུག་མེད་པ་འདྲ། །

    Reply
  10. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ཆོས་བརྒྱུད་ཀྱི་བརྒྱུད་ལ་ཡོངས་གྲགས་ཀྱི་འབྲི་སྲོལ་ལྟར་ན་སྔོན་འཇུག་བ་ཡོད་ཚོད་འདུག

    ཆུ་རྒྱུད་དང་རི་རྒྱུད་ཀྱི་རྒྱུད་ལ་སྔོན་འཇུག་བ་མེད་ན་དག་པར་འདོད་པས་རྗེས་སུ་གཟབ་ངེས་ཡིན།

    Reply
  11. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    བསེ་རི་ལགས་ཁྱེད་ནི་དག་ཡིག་ཧ་ཅང་བཟང་བའི་མི་ཅིག་ཡིན་དུས་གཤམ་གྱི་མིང་ཚིག་འདི་ཚོ་དག་ཡོད་མེད་དང་གཞུང་གང་ལ་བརྟེན་ནས་བྲིས་མིན་སུམ་ཅུ་པ་དང་མཐུན་མིན་འགྲེལ་བཤད་ཤིག་གནང་རོགས་ཞུ།

    ཨི་ཇིཕ་རའིལ། ཤོན་མེཀ་ཀོར་མེཀ ཨེ་འུརྡ་ཨོལ་མརཊི། ཤིལྦ་སེ་ནེའུ། སུ་རེཤ་པ་ར་སྦུ།
    ཨ་ཨེཕ་པི། སྦུཤི། ཆེ་རའེ་སེ། ཨེ་སེ་རའིལ། ཤིལྦ་ཤང་ཀར་མེ་ནན། ཨཇ་མལ་ཀ་སབ།
    ཨན་དར་པར་དེཤ། པི་ཀྲི་ཨའེ།

    Reply
  12. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    བསེ་རུ་ཟེར་བ་འདིར་ར་གཅིག་ལས་མེད་པས་ངོ་མ་རྩ་ཆེན་རེད་ཟེར་བ་དོན་ལ་གནས། མི་ཚིག་འདི་རིགས་ལ་གསར་ཁང་ནས་དོ་སྣང་མང་ཙམ་གནང་དགོས་པ་འདུག

    Reply
  13. བསེ་རུ། says:
    ལོ་ 16 སྔོན།

    གསར་འགྱུར་དག་པོ་འདི་འདྲའི་རིགས་མཐོང་སྐབས་ངས་རྩོམ་སྒྲིག་པ་དང་གསར་འགོད་པར་གདེང་འཇོག་ངེས་པར་དུ་བྱེད་དགོས་པར་མཐོང་། འབྱུང་འགྱུར་ཡང་གསར་འགྱུར་གྱི་རིགས་ཡིག་ནོར་དང་བྲལ་བ་འབྱུང་ངེས་ལ། དེ་ལྟར་འབད་བརྩོན་ཡང་ངེས་པར་གནང་དགོས་པ་ཞིག་རེད། 

    རི་རྒྱུད། རི་བརྒྱུད།
    ཆོས་རྒྱུད། ཆོས་བརྒྱུུད།
    སྒྲུབ་རྒྱུད། སྒྲུབ་བརྒྱུད།
    རིགས་རྒྱུད། རིགས་བརྒྱུད།
    མི་རྒྱུད། མི་བརྒྱུད།
    གདུང་རྒྱུད། གདུང་བརྒྱུད།
    གོང་དུ་བཀོད་པའི་མིང་ཚིག་རྣམས་སྔ་མ་རྣམས་དག་ལ་ཕྱི་མ་རྣམས་མ་དག་པ་རེད་ཅེས་ཤོད་ཐབས་བྲལ་ཡང་། སྔ་ཕྱི་གཉིས་ཀར་གོ་དོན་མི་འདྲ་བ་འགྲེལ་རྒྱུ་ཡོད་པ་སྨྲོས་མེད་ཡིན་སྟབས། ཧི་མ་ལ་ཡའི་རི་རྒྱུད་ལྟ་བུ་དང་། སྒྲུབ་རྒྱུད་བསྟན་པའི་སྲོག་ཤིང་ལྟ་བུ། མི་རྒྱུད་བཟང་པོ། གདུང་རྒྱུད་འདི་དང་དེ་ཞེས་སོགས་བརྗོད་སྐབས་རྒྱུད་འདི་དག་པ་ལས་བརྒྱུད་བྲིས་ན་ནོར་བ་མ་རེད་དམ།
    ཡང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese