མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གློག་བརྙན་བྱ་དགའ།

བོད་ཀྱི་དུས་བབ།
༢༠༡༠/༠༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་རྒྱ་ནག་ཧྲིན་ཀྲིན་གྲོང་ཁྱེར་ཕྱི་ཕྱོགས་རིག་གནས་བརྗེ་རེས་མཐུན་ཚོགས་དང་། རྒྱང་བསྒྲགས་བརྙན་འཕྲིན་ཚན་པ། རིག་གནས་སྒྱུ་རྩལ་ལྷན་ཚོགས། གློག་བརྙན་འཕྲིན་མཐུན་ཚོགས་བཅས་ཀྱི་གོ་སྒྲིག་འོག རྒྱ་ནག་རྒྱལ་ཡོངས་གློག་བརྙན་དང་། བརྙ་འཕྲིན་ཟློས་གར་འགྲན་བསྡུར་ཐེངས་གཉིས་པ་དེ་རྒྱ་ནག་ཧྲིན་ཀྲིན་གྲོང་ཁྱེར་ནས་བསྡུས་ཡོད་པ་དང་། ཐེངས་འདིའི་བྱ་འགུལ་ཁྲོད་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་དང་། གར་ཆུང་སྐྱུ་རྩལ་པ་ཞི་བདེ་ཉི་མས་ཕབ་སྐྲུན་བྱས་པའི་༼ རྟ་མགྲིན་བཟང་མོ ༽ ཞེས་དེར་དངོས་བྲིས་གློག་བརྙན་གྱི་བྱ་དགའ་ཨང་གཉིས་པ་དེ་ཐོབ་ཡོད་འདུག

གློག་བརྙན་འདི་ལས་སློབ་གྲྭར་འགྲོ་མ་ཐུབ་པའི་བོད་རིགས་བུ་མོ་རྟ་མགྲིན་བཟང་མོ་ཟེར་བ་ཞིག་གིས་རང་ཁྱིམ་དང་རྒྱང་ཐག་སྤྱི་ལེ་སུམ་ཅུའི་མཚམས་སུ་ནོར་ནག་ཁྱུ་ཞིག་དང་མཉམ་དུ་ཁེར་རྐྱང་གི་འཚོ་བ་རོལ་བཞིན་པ་གཞིར་བྱས་ཏེ། ཁོ་མོའི་ཞུ་དལ་བག་ཕེབས་ཀྱི་གཤིས་ཀ་དང་བཟོད་སྒོམ་ངང་རིང་གིས་བསྐྱལ་བའི་འཚོ་བ། མི་དང་རང་བྱུང་ཁམས་བར་གྱི་ཞི་མཐུན་གཅེས་འཛིན་སོགས་མངོན་པར་མཚོན་ཡོད་འདུག ཐེངས་འདིར་དཔྱད་འདེམ་པ་དག་གིས་བོད་རིགས་གཞོན་ནུ་མ་རྟ་མགྲིན་བཟང་མོའི་འཚོ་བ་ལས་བོད་པའི་འབྲོག་ཕྱོགས་ཀྱི་འཚོ་བ་དངོས་མ་ཞིག་གི་ད་ཡོད་ཀྱི་གནས་ཚུལ་དང་། ཕུན་སུམ་ཚོགས་པའི་ནང་སེམས་ཀྱི་འཇིག་རྟེན་མཐོང་ཚོར་ཐུབ་པ་དང་། ད་དུང་གློག་བརྙན་འདིའི་གཞན་དང་མི་མཚུངས་བའི་སྒྱུ་རྩལ་གྱི་ཐབས་ལམ་དང་མཚོན་སྟངས་གསར་བ་སོགས་ཀྱི་དགེ་མཚན་ལ་གཅིག་མཐུན་གྱི་བསྔགས་བརྗོད་དང་། གདེང་འཇོག་ཐོབ་སྟེ་དངོས་བྲིས་གློག་བརྙན་གྱི་བྱ་དགའ་ཨང་གཉིས་པ་དེ་སྤྲད་ཡོད་འདུག

བོད་རིགས་སྒྱུ་རྩལ་པ་ཞི་བདེ་ཉི་མས་ད་བར་ཁ་ཤག་དང་གར་ཆུང་། གཏམ་བརྗོད། གླུ་གཞས། རྡུང་ལེན་སོགས་ཀྱི་བརྩམས་ཆོས་མང་པོ་ཞིག་བཏོན་ཡོད་ལ། ལྷག་པར་དུ་འཁྲབ་གཞུང་དང་འཁྲབ་ཁྲིད། འཁྲབ་སྟོན་སོགས་བྱས་པའི་གློག་བརྙན་༼ བྱུ་རུའི་སྐེ་རྒྱན ༽ དང་། ༼ རྫི་གླུ ༽ ༼ ཁྱིམ ༽ བརྙན་འཕྲིན་ཟློས་གར་ ༼ མོ་སྟོན་ཕག་མགོ ༽ ༼ ལམ ༽ ༼ རྟ་མགྲིན་བཟང་མོ ༽ སོགས་ཕབ་སྐྲུན་བྱས་མྱོང་ལ། ལྷག་པར་དུ་བརྙན་འཕྲིན་ཟློས་གར་ ༼ བྱུ་རུའི་སྐེ་རྒྱན་ ༽ དང་། ༼ མོ་སྟོན་ཕག་མགོ ༽ གཉིས་ལ་སྤྱི་ཚོགས་ནང་དགའ་བསུ་ཆེན་པོ་ཐོབ་ཡོད། ཁོའི་བརྩམས་ཆོས་སྣ་ཚོགས་ལ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བྱ་དགའ་གང་མང་ཐོབ།   

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 16

  1. དབང་མོ། says:
    ལོ་ 17 སྔོན།

    དང་ཐོག་ངས་ཞི་བདེ་ཉི་མ་ལགས་ལ་སླད་མེད་ཀྱི་དགའ་བསུ་དང་སྒྲགས་ཏེ་ད་དུང་མུ་མཐུད་ནས་མདུན་བསྐྱོད་ཀྱི་གོམ་འགྲོས་རེ་བྱེད་ཐུབ་པའི་རེ་བ་འབོད་སྐུལ་ཤུགས་ཆེ་ཡོད།

    Reply
  2. དོན་གོ says:
    ལོ་ 17 སྔོན།

    ཨ་ཁུ་ཞི་བདེར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག མ་འོངས་མུ་མཐུད་བོད་གངས་ཅན་གྱི་གཟིགས་མོ་བའི་སྤྱན་སྔར་མོ་སྟོན་ཕག་མགོ་དང་རྟ་མགྲིན་བཟང་མོ་ལྟ་བུའི་དགོད་སྒྲུང་བརྙན་འཕྲིན་དང་འཁྲབ་གཞུང་བརྩམ་ཆོས་གང་མང་སྟོན་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད།

    Reply
  3. གནམ་ལྕགས། says:
    ལོ་ 17 སྔོན།

    ངས་དེ་རིང་ཞི་བདེ་ཉི་མའི་པར་འདི་མཐོང་མ་ཐག་《ཨ་ཁུ་སྤྱང་ཁུ་ལ་སློབ་སྦྱོང་བྱེད་དགོས》པའི་ཁོང་གི་སྙན་ངག་དེ་དྲན་སོང་།

    Reply
  4. རྩེ་སྐར། says:
    ལོ་ 17 སྔོན།

    རྟེན་འབྲེལ་ཞུ། བྱ་བ་ལམ་འགྲོ་ཡོང་བར་སྨོན།

    Reply
  5. ཕུན་ཚོགས ། says:
    ལོ་ 17 སྔོན།

    ཞི་བདེ་ཉི་མའི་ཀྱག་ཀྱོག་གི་རྐང་ལམ་རིང་མོའི་ཁྲོད་’སྡང་སྡིག་’གི་ལན་ཆག་མང་པོ་མྱངས་ཡོད་པས།་ད་ནི་ཁོ་ལ་འདི་ལྟ་བུའི་གཟི་བརྗིད་ཀྱི་མིང་བྱང་རིང་པོ་ཞིག་ཐོབ་འོས་ལ་ཐོབ་ཀྱང་དགོས་ཨང་།འདིས་ནི་ང་ཚོར་མི་ཟེར་བ་འདིས་ཅི་ཡང་འཇོན་ལ་ཅི་ཡང་བསྒྲུབ་ཐུབ་པོ་ཞེས་པའི་བློ་ས་གསར་བ་ཞིག་ཕུལ་བ་མ་ཡིན་ནམ།
    བཀྲ་ཤིས་བདེ་ལེགས།

    Reply
  6. འཇམ་དབྱངས says:
    ལོ་ 17 སྔོན།

    ཨ་ཁུ་ཞི་བདེ་ཉི་མ་ལགས་ཀྱིས་དཀའ་སྤྱད་ཀྱི་འབྲས་བུ་དངོས་སུ་སྨིན་པ་ལ་སེམས་གཏིང་ནས་་དགའ་བསུ་ཡོད།བོད་རིགས་སྒྱུ་རྩལ་པ་འདི་འདྲའི་མང་པོ་བྱུང་ན་དགའ་པ་ལ།

    Reply
  7. དགུ་ཚིགས་སྐྱ་མོ། says:
    ལོ་ 17 སྔོན།

    ཞི་བདེ་ཉི་མ་ནི་བོད་ཀྱི་གློག་བརྙན་འཁྲབས་སྟོན་པ་ཨང་དང་པོ་ཡིན་ངེས་རེད།
    ཁོས་བོད་སྐད་བཤད་སྐབས་སྨྲ་ལྕེ་བདེ་ལ་བོད་སྐད་གཙང་མ་གཙང་སྐྱང་དང་། མ་ཟད་བོད་རིགས་སྤྱི་ལ་ཕན་པའི་བསླབ་བྱ་དང་རིག་གནས་སོགས་དངོས་སམ་བརྒྱུད་ནས་ཕན་ཐོག་ངེས་པའི་འཁྲབས་གཞུང་བསྒྲིགས་འཛུགས་ལེགས་པོ་ཡོད།

    Reply
  8. ཚེར་མ། says:
    ལོ་ 17 སྔོན།

    ཨ་ཁུ་སྤྱང་ཁ་ལ་བཀྲ་ཤིས་བདེ་ལེགས་ཞུ

    Reply
  9. ཆུ་ཐིགས་སྔོན་མོ། says:
    ལོ་ 17 སྔོན།

    དངོས་གནས་དགའ་འོས་པ་ཞིག་རེད ་ སྒྱུ་རྩལ་བ་ཁོང་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ། མ་འོངས་པའི་ལས་དོན་ཐམས་ཅད་གེག་མེད་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ།

    Reply
  10. བསྟན་འཛིན་ཚེ་དཔག says:
    ལོ་ 17 སྔོན།

    ཞི་བདེ་ཉི་མར་བྱ་དགའ་ཐོབ།།
    དེ་ལ་བཀྲ་ཤིས་རྟེན་འབྲེལ་ཞུ།།

    བརྙ་འཕྲིན་མ་དག་བརྙན་འཕྲིན་དག།
    ཞུ་དལ་མ་དག་ཞི་དུལ་དག།

    དེས་ན་དུས་བབ་རྩོམ་སྒྲིག་པས།།
    བཟོ་བཅོས་ཐུགས་ལ་འདོགས་འཚལ་ཞུ།།

    བཅོས་པའི་རེ་བ་སྔོན་ནས་ཤི།
    མ་བཅོས་སེམས་འདིས་ཞུ་བར་སྐུལ།།

    Reply
  11. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 17 སྔོན།

    སྒྱུ་རྩལ་བ་ཞི་བདེ་ཉི་མ་ལགས་ཀྱི་མ་འོངས་བྱ་གཞག་ཚང་མ་ལམ་ལྷོང་ཚུལ་བཞིན་ཡོང་བའི་སྨོན་འདུན་དང། ཐེངས་འདིའི་ཁོང་གི་རྒྱལ་ཁ་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།

    གལ་སྲིད་ཁོང་བཙན་བྱོལ་ནང་བཞུགས་ཡོད་ན་ཁོང་གིས་ང་ཚོའི་སྤྱི་ཚོགས་འདིའི་ནང་དུ་སྒྱུ་རྩལ་ལྡན་པའི་གློག་བརྙན་འཁྲབ་སྟོན་སོགས་སྤྱི་ཚོགས་ལ་ཞབས་འདེགས་ག་ཚོད་ཅིག་ཞུ་ཐུབ་བམ། ཁོང་འདྲ་བ་ང་ཚོའི་བཙན་བྱོལ་ནང་དགོས་མཁོ་འདུག་གམ། དྲ་གྲོགས་ཚོ།

    Reply
  12. karma dorje says:
    ལོ་ 17 སྔོན།

    ད་དུང་བྱ་དགའ་གང་མང་ཐོབ་པའི་སྨོན་འདུན་ཞུ།

    Reply
  13. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    སྙན་ངག་ཨ་ཁུ་ཞི་བདེ་ཉི་མས་གློག་བརྙན་བྱ་དགའ་བླངས་པར་སེམས་གཏིང་ནས་རྟེན་འབྲེལ་ཞུ།

    Reply
  14. བསེ་རུ། says:
    ལོ་ 17 སྔོན།

    སྐྱུ་རྩལ་པ། སྒྱུ་རྩལ་པ།

    ཞི་བདེ་ཉི་མས་སྒྱུ་རྩལ་དང་ཡུན་རིང་འགྲོགས་པའི་མཐར།
    དེ་རིང་འདི་ལྟར་སྙན་པའི་གྲགས་པ་འབར་སྐབས།
    རང་ཉིད་ཀྱི་མི་ཚེའི་དཀའ་སྡུག་གི་ཁྲོད་ནས།
    མི་ཚེའི་རིན་ཐང་དང་སྤོབས་པ་ཞིག་རྙེད།
    དེ་རིང་བོད་རིགས་སྒྱུ་རྩལ་པ་ཁོང་ལ་གྲུབ་འབྲས་འདི་ལྟར་ཐོབ་པར་སྙིང་དབུས་ནས་བཀྲ་ཤིས་བདེ་ལེགས་ཞུ།།

    Reply
  15. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ཞི་བདེ་ཉི་མ་ལགས་ཀྱིས་ལས་དོན་འདིར་ལམ་ལྷོངས་བྱུང་བ་དེར་དགའ་བསུ་ཡོད།

    Reply
  16. རྨེ་རུ། says:
    ལོ་ 17 སྔོན།

    ཞི་བདེ་ཉི་མ་ལགས་ལ་ཐེངས་འདི་བྱ་དགའ་ཨང་གཉིས་པ་ཐོབ་པར་སྙིན་དབུས་ནས་འཚམས་འདྲི་གྲངས་མེད་ཞུ།
    གློག་བརྙན་འདི་རྒྱ་སྐད་དང་བོད་སྐད་གང་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese