ཟླ་སྔོན་མའི་ཚེས་ཉེར་བརྒྱད་ཉིན་འཇིགས་བྲལ་གློག་བརྙན་ཕབ་སྐྲུན་པ་དོན་འགྲུབ་དབང་ཆེན་ལ་ཟི་ལིང་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལོ་ ༦ གི་ཉེས་ཆད་བཅད་ཡོད་སྟབས། ཕྱི་ཚེས་ ༨ ཉིན་འདི་གའི་གསར་འགོད་པ་ངྷ་རམ་ས་ལར་གནས་བཞུགས་དོན་འགྲུབ་དབང་ཆེན་གྱི་ཕ་མ་གཉིས་ཀྱི་སར་སོང་སྟེ། སེམས་གསོ་རེ་བྱས་པའི་ཞོར་དུ་ཁོང་གཉིས་ཀྱི་བསམ་ཚུལ་རྒྱུས་ལོན་བྱས། ཁོང་གཉིས་བཞུགས་སྒར་མེག་གྷན་བྷག་སུ་ལམ་གྱི་གཤམ་འོག་ཏུ་ཁང་པ་ཐེབས་ཆག་གཅིག་གླས་ནས་བསྡད་འདུག་ཅིང་། དོན་འགྲུབ་དབང་ཆེན་གྱི་ཨ་ཕ་རྡོ་རྗེ་ཚེ་རིང་ནི་དགུང་ལོ་ ༧༢ དང་། ཨ་མ་རྡོ་རྗེ་མཚོ་དགུང་ལོ་ ༧༡ རེད། ང་ཁོང་ཚང་གི་སྒོའི་ནང་དུ་འཛུལ་མ་ཐག་རྒན་རྒོན་གཉིས་དང་བྱིས་པ་འགའ་ཡར་ལངས་ཏེ། ཧ་ཅང་སྤྲོ་སྣང་ཆེན་པོས་ང་ནང་དུ་བསུས་བྱུང་། དེ་ནི་ཏག་ཏག་རྒན་རྒོན་གཉིས་ཀྱིས་བྱིས་པ་འགའ་དང་མཉམ་དུ་དགོང་ཟས་ཟ་རྒྱུར་གྲ་སྒྲིག་བྱེད་ཀྱིན་པའི་སྐབས་རེད།
ཁང་པ་དེར་ཁང་མིག་གཉིས་དང་ཚུར་ཕྱོགས་ཀྱི་དྲ་མའི་མདུན་དུ་ཉལ་ཁྲི་གཅིག་དང་དེའི་སྟེང་དོན་འགྲུབ་དབང་ཆེན་གྱི་ཨ་མས་ལག་ཏུ་ཕྲེང་བ་ཞིག་འདྲེན་བཞིན་བསྡད་འདུག་ཅིང་། བར་དུ་མདུན་ཅོག་ཅིག་དང་དེའི་ཕར་ཕྱོགས་སུ་ཉལ་ཁྲི་ཡང་མེད་པར་གདན་ཉིས་རྩེག་ཅིག་བཏིང་འདུག དེ་ནི་དོན་འགྲུབ་དབང་ཆེན་གྱི་ཨ་ཕའི་ཉལ་ས་ཡིན་པ་འདྲ། ཁང་མིག་འདིའི་ནང་བཅའ་དངོས་གཞན་མང་པོ་མི་འདུག་ཀྱང་། བརྩིགས་གྱང་གི་ངོས་སུ་རྗེ་ཡབ་སྲས་གསུམ་གྱི་ཤོག་ཐང་ཞིག་དང་། དེའི་ཕར་ངོས་སུ་༧གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་གི་མདུན་དུ་ཟངས་ཀྱི་ཐེབ་ཙེ་འགའི་ནང་ཆབ་ཀྱི་མཆོད་པ་བཤམས་འདུག་པར་བལྟས་ན། མི་རིགས་འདིའི་ཤ་ལ་འཐིམ་ཞིང་རུས་ལ་ཞེན་ཡོད་པའི་ཆོས་དད་ཀྱི་བག་ཆག་ཟབ་མོ་འདི་ནི་དུས་ནམ་ཡང་བོད་པའི་འཚོ་བ་དང་ཁ་འབྲལ་ཐབས་མེད་པའི་ཆ་ཤས་སུ་གྲུབ་ཅིང་། སྐྱིད་སྡུག་གང་གི་གནས་སྐབས་སུའང་སྙིང་ཁུང་རུས་པའི་གཏིང་གི་དཔུང་གཉེན་གཅིག་པུ་དེར་བསྒོམས་ཡོད་པ་རྟོགས་ཐུབ།
སྐབས་དེར་རྒན་པོ་རྡོ་རྗེ་ཚེ་རིང་གིས་མདུན་ཅོག་སྟེང་དུ་ཁོ་རང་ཉིད་ལ་གྲ་སྒྲིག་བྱས་ཡོད་པའི་འགྱིག་གི་ཕོར་བའི་ནང་གི་ཐུག་པ་དེ་ལག་ཟུང་འདར་འདར་བྱེད་བཞིན་ངའི་ཕྱོགས་སུ་གཏད་དེ། ཁྱོད་ཀྱིས་འདི་འཐུང་དང་། ཕོར་བ་གཙང་མ་ཡིན་ཞེས་བརྗོད་བྱུང་། ང་ལ་ཐུག་པ་འཐུང་ས་མི་འདུག ད་སོ་མ་ཁྲོམ་ནས་འཐུང་ཟིན། ཞེས་ངས་ཁོང་ལ་རྫུན་ཞིག་བཤད་དགོས་བྱུང་། སྤྱིར་ང་རང་ལས་ཁུངས་གྲོལ་མ་ཐག་ཐད་ཀར་འདིར་ཡོང་བ་ཡིན་སྟབས་དགོང་ཟས་ཟས་མེད་ལ། ཕོ་བ་ཡང་ཙུང་ཙམ་ལྟོགས་ཀྱིན་འདུག་མོད། ཁང་མིག་དེའི་ནང་གི་ཆ་རྐྱེན་དེས་ངར་ཐིག་པ་དེ་འཐུང་རྒྱུའི་ཡི་ག་འགག་ཅིང་། སྐྱོ་ལྷང་ལྷང་གི་སེམས་འགྱུ་ཞིག་གིས་ངའི་གྲོད་ཁོག་ཡོངས་སུ་གང་སོང་། སྐབས་དེར་དོན་འགྲུབ་དབང་ཆེན་གྱི་ཨ་མ་ཡང་མལ་ཁྲིའི་སྟེང་ནས་མདུན་དུ་ནུར་བཞིན། ཐུག་པ་ཕོར་བ་གང་ལ་འཐུང་མི་ཐུབ་རྒྱུ་ཅི་ཡོད་ཅེས་ཨུ་ཚུགས་བྱས་བྱུང་། རྒན་རྒོན་གཉིས་ཀྱི་རྣམ་འགྱུར་དེས་དོ་ནུབ་ང་ཕ་ཡུལ་གྱི་གཞིས་ཁྱིམ་དྲོན་མོ་ཞིག་ཏུ་སླེབས་པ་ལྟ་བུའི་ཚོར་སྣང་འགོག་མེད་དུ་སྦྱིན་ཞིང་། ཁང་མིག་ཆུང་ཆུང་འདིར་ཆ་རྐྱེན་ཧ་ཅང་ཞན་ནའང་ལྷག་བསམ་ཟོལ་མེད་ཅིག་དང་། མི་གཤིས་ལྷད་མེད་ཅིག་གི་དྲོད་ཁོལ་ཡོངས་སུ་འཁྱིལ་འདུག
ངས་ཐུག་པ་ཕོར་བ་གང་དེ་མ་འཐུང་པར་བགྲེས་སོང་རྡོ་རྗེ་ཚེ་རིང་གིས་འཁང་ར་བྱེད་བཞིན། ཨམ་ཇ་ཤེལ་ཕོར་གང་བླུགས་ཏེ་ངའི་མདུན་དུ་བཞག་རྗེས། ཁོང་གིས་ཐུག་པའི་ནང་གི་སྔོ་ཚོད་དམུར་བཞིན་བུ་དོན་འགྲུབ་དབང་ཆེན་གྱི་སྐོར་ནས་ཁ་བརྡ་བྱས་བྱུང་། རྡོ་རྗེ་ཚེ་རིང་གིས་བོད་པའི་གནའ་མི་རྒན་རབས་པ་སྤྱི་མཚུངས་ལྟར། ཁྱིམ་རྒྱུད་ཀྱི་ལོ་རྒྱུས་ནས་མགོ་བརྩམས་བྱུང་། “མཚོ་སྔོན་བ་ཡན་རྫོང་འོག་གི་བོད་སྡེ་དག་ལས་ང་ཚོའི་ཁོ་ཚེ་སྡེ་བ་ཆེ་ཤོས་ཡིན་ལ། ཁྱིམ་ཚང་ ༢༠༠ ལྷག་ཡོད། ངེད་བཟའ་མི་གཉིས་ཀྱིས་ཆུང་དུས་དཀའ་སྡུག་མང་པོ་མྱངས་མྱོང་ཡང་། ཆ་རྐྱེན་ས་ཆའི་ཚོད་ཀྱི་རི་དྭགས་བཞིན་འགྲིག་ཙམ་ཡོད། ངེད་གཉིས་ལ་བུ་མོ་དྲུག་དང་བུ་བཞི་བཅས་བྱིས་པ་ ༡༠ ཡོད། རིམ་བཞིན་ཕྱོགས་གང་ཐད་ནས་འཚོ་བ་ཇེ་བཟང་དུ་ཕྱིན་ཏེ། ད་ལྟ་སྡེ་བའི་ནང་ནས་ཨང་དང་པོ་མིན་ཡང་གཉིས་པའི་གྲས་ནས་མི་ལྷུང་། ངའི་གཞིས་ཀ་ཡོངས་སུ་ཁང་མིག་ ༢༣ བཟོས་ཡོད་ལ། ནང་གཞི་བཅའ་ལག་ཀྱང་ཁྲ་ཆི་ལེར་ཡོད། རྗེས་སུ་དེ་དག་ཡོངས་རྫོགས་བསྐྱུར་ནས་ཡོང་དགོས་བྱུང་བར་མ་ཟད། བུ་གསུམ་དང་བུ་མོ་གཅིག་བཅས་རྒྱ་གར་དུ་ཡོང་ཡོད་ཀྱང་། དོན་འགྲུབ་རྒྱའི་བཙོན་འོག་ན་ལྷག་ཡོད་པ་རེད” ཅེས་སྐད་ཀྱི་གཟེང་མཐོ་ཞིང་ཚིག་གི་སྨྲ་དག་པའི་བགྲེས་སོང་རྡོ་རྗེ་ཚེ་རིང་གི་ཁ་བརྡའི་གོ་རིམ་ཁྲོད་ནས་ང་རང་གནའ་མི་རུས་པ་ཅན་འདི་དག་ལ་ཡིད་སྨོན་ཞིག་ཤོར།
སྐབས་དེར་ངས་ཁོང་ལ་ད་ལྟ་ཕ་ཡུལ་དུ་ལོག་འདོད་ཡོད་མེད་དང་། ཁྱིམ་འཁོར་བ་ཡོངས་རྫོགས་ཤུལ་ནས་བཞག་པར་འཁྲེང་སེམས་ཡོད་མེད་དྲིས་པར་ཁོང་གིས་ཤུགས་རིང་ཞིག་འཐེན་བཞིན་བརྗོད་དོན། “སྔོན་མ་ ༢༠༠༥ ལོར་ལྷོ་ཕྱོགས་ཀྱི་དབང་གི་སྐབས་སུ་ངེད་བཟའ་མི་གཉིས་ཡོང་བ་ཡིན། སྐབས་དེར་དོན་འགྲུབ་ཀྱིས་ངེད་གཉིས་ཕྱིར་བོད་དུ་མ་ཡོང་ཟེར་མོད། མི་རྒས་ན་ཡུལ་དྲན། །བྱ་རྒས་ན་ཚང་དྲན་ཟེར་བ་བཞིན་ལོ་གཅིག་ལ་བསྡད་རྗེས་ཕྱིར་བོད་དུ་ལོག་པ་ཡིན། ངས་རྒན་མོ་ལ་ཡང་དེ་ལྟར་བཤད་པ་ཡིན། སྤྱིར་ད་ཐེངས་འུ་ཚང་ལ་གྱོང་ཆེན་པོ་རེད། འོན་ཀྱང་། ༧རྒྱལ་བ་རིན་པོ་ཆེ་ཡིས་ཀྱང་པོ་ཏཱ་ལ་བསྐྱུར་ནས་ཡོང་བ་རེད། རང་གི་བུས་བྱ་བ་འདི་ལྟ་བུ་བསྒྲུབ་ཕོད་པ་ཡིན་ན། འུ་གཉིས་ཀྱིས་ཀྱང་སྐྱིད་པོ་བདེ་མོ་ཞིག་ལ་ཞེ་ཆགས་ཏེ་འདུག་ས་ཡོད་པ་མ་རེད་ཅེས་བཤད་པ་ཡིན། ད་ནི་ཕ་ཡུལ་དུ་སླེབས་ཁག་པོ་རེད་དྲན་ཡོད། ས་འདི་ནས་བག་ལེབ་རེ་བཙོང་ནས་བསྡད་ན། ཕོ་བ་ལྟོགས་དགོས་ཀྱི་མི་འདུག རྗེས་མ་ཞིག་ལ་ཤི་ཐབས་འགྲིག་འགྲོ་གི་རེད།” ཅེས་སེམས་ཐག་ཆོད་པོས་བརྗོད་བྱུང་།
ཡང་ཁོང་ལ་དོན་འགྲུབ་དབང་ཆེན་གྱི་ལས་དོན་དེའི་ཐད་བསམ་ཚུལ་གང་ཡོད་དང་རྒྱའི་བཙོན་འོག་ཏུ་ཡོད་པར་སེམས་ཁྲལ་བྱེད་ཀྱིན་ཡོད་མེད་དྲིས་པར། “དོན་འགྲུབ་ཀྱིས་བྱ་བ་འདི་བསྒྲུབ་ཁར་ནང་མིར་ཚིག་ཟུར་ཙམ་ཡང་བཤད་མེད། རང་གི་བཟའ་ཟླ་བུ་ཕྲུག་ལས་༧རྒྱལ་བ་རིན་པོ་ཆེ་བདམས་པ་རེད། ཕ་མ་གཉེན་ཉེ་ལས་མི་རིགས་དང་རྒྱལ་ཁབ་བདམས་པ་རེད། བསམ་བློ་ཆེ་ས་ནས་བཏང་ན་འགྲིག་འདུག་བསམ་གྱིན་ཡོད། ངྷ་རམ་ས་ལའི་བརྩིགས་ངོས་དག་ཏུ་སྦྱར་ཡོད་པའི་ཁྲག་གི་ནང་གི་ཕུང་བོ་དེ་དག་ལའང་ཕ་མ་རེ་ཡོད་པ་རེད། ཁོང་ཚོར་ཕྱིར་འོང་ཡོད་པ་མ་རེད། ངའི་བུ་དོན་འགྲུབ་ལ་ཕྱིར་ཡོང་ཡོད་པ་རེད། སྔོན་མ་ང་དགུ་ལོར་༧རྒྱལ་བ་རིན་པོ་ཆེ་རྒྱ་གར་དུ་འགྲོ་དུས་ང་ལོ་ ༢༠ རེད། སྐབས་དེར་གནས་ཚུལ་ཅི་བྱུང་དང་། རྒྱ་གུང་ཁྲན་གྱིས་གང་བྱས་གསལ་བོར་ཤེས་ཀྱིན་ཡོད། གུང་ཁྲན་ལ་ཡིད་ཆེས་ཡོད་པ་མ་རེད། ཉེ་སྔོན་གསར་འགྱུར་ནང་འདི་ལ་སྲོག་ཁྲིམས་དང་། དེ་ལ་སྲོག་ཁྲིམས་བཅད་པ་སོགས་གོ་ཡོང་དུས་སྙིང་རླུང་སྟོད་ལ་འཚང་ཡོང་གིན་འདུག ཡིན་ནའང་རྒན་མོར་སེམས་གསོ་རེ་བྱས་ཏེ་གསར་འགྱུར་དེ་རིགས་གོ་རུ་མི་འཇུག་ཐབས་བྱས་པ་ཡིན། ཉེ་ཆར་ལོ་དྲུག་གི་ཁྲིམས་ཐག་བཅད་པ་གོ་མ་ཐག་སེམས་དགའ་བ་དང་། ངལ་གསོ་ཐོབ་པའི་ཚོར་སྣང་ཞིག་བྱུང་སོང་། སྔོན་ཆད་བ་ཡན་ས་ཆའི་ཁ་ཆེ་ཞིག་གིས་ཕྱི་རྒྱལ་རླུང་འཕྲིན་ནས་ཐེ་ཝན་གྱི་གསར་འགྱུར་ལ་ཉན་ཏེ་སྲོག་ཐོག་ལ་བཏང་བ་རེད། ༧རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་རེད་མ་གཏོགས་དོན་འགྲུབ་དབང་ཆེན་གྱི་བྱེད་སྟངས་དེར་རྒྱ་ནག་ཁོང་ཁྲོ་ཆེན་པོ་ལངས་ཡོད” ཅེས་བརྗོད་བྱུང་།
ངེད་གཉིས་ཀྱི་ཁ་བརྡ་བཤད་མཚམས་འདིར་སླེབས་སྐབས། མི་ཞིག་གིས་སྒོ་ཕྱེས་ཏེ་ནང་དུ་སླེབས་སོང་། ཁོའི་གདོང་དབྱིབས་༼ འཇིགས་བྲལ ༽ གློག་བརྙན་ལས་མཐོང་བའི་དོན་དོན་འགྲུབ་དབང་ཆེན་དང་འདྲ་ཞིང་། ཕར་བལྟས་ཚོད་ཀྱིས་དོན་འགྲུབ་དབང་ཆེན་གྱི་ནུ་བོ་ཞིག་ཡིན་པ་ཤེས་ནུས། ངས་ཁོ་ལ་རང་ཉིད་ངོ་སྤྲོད་ཅིག་བྱས་རྗེས་རྡོ་རྗེ་ཚེ་རིང་གིས་ཁ་བརྡ་མུ་མཐུད་རྒྱུར་རེ་བ་བརྒྱབས། འོན་ཀྱང་། ཕྱི་ནས་ཡོང་བའི་མི་དེས་ངའི་མིང་ལ་པད་མ་རབ་བརྟན་ཟེར་ལ། དོན་འགྲུབ་དབང་ཆེན་གྱི་ནུ་བོ་ཡིན་ཞེས་ཁ་བརྡ་བྱས་བྱུང་། ཁོ་ནི་སྐད་ཆ་གྲ་འགྲིག་པོ་དང་ཞིབ་ཚགས་པོ་བཤད་ཤེས་མཁན་ཞིག་མིན་ཡང་། གཞུང་རྒྱུད་དྲང་ཞིང་ཁ་ཁོག་མེད་པ་ཞིག་ལོས་ཡིན་སྙམ་པའི་ཚོར་སྣང་སྟེར། པད་མ་རབ་བརྟན་གྱིས་དོན་འགྲུབ་དབང་ཆེན་གྱི་མི་གཞིའི་སྐོར་ནས་གླེང་དོན། “ངའི་ཕུ་བོ་དོན་འགྲུབ་དབང་ཆེན་ཆུང་ངུའི་དུས་ནས་བྱ་བ་འདྲ་མིན་བསྒྲུབ་རྒྱུར་ཞེད་སྣང་མེད། ཆེན་པོ་ཆགས་ནའང་གཤིས་ཀ་དེར་འགྱུར་བ་མི་འདུག ཐེངས་གཅིག་ངེད་གཉིས་ཟི་ལིང་གི་མགྲོན་ཁང་ཞིག་ཏུ་བསྡད་སྐབས། རྒྱ་མི་ཁ་ཤས་ཀྱིས་བོད་པ་ཞིག་ལ་བརྙས་བཅོས་བྱས་སྐབས། དོན་འགྲུབ་དབང་ཆེན་ཁོང་ཁྲོ་ལངས་ཏེ། ཁྱོད་ཚོས་བོད་མིར་ཅིའི་ཕྱིར་མཐོང་ཆུང་བྱས་པ་ཡིན། མགྲོན་ཁང་གི་གླ་ཆའི་གནད་དོན་ཡིན་ན། དངུལ་ཡོངས་རྫོགས་ངས་སྤྲོད་ཆོག་ཅེས་རྒྱག་རེས་བྱས་པ་རེད” ཅེས་ངོ་སྤྲོད་གནང་བྱུང་།
པད་མ་རབ་བརྟན་གྱིས་མུ་མཐུད་དུ་བརྗོད་དོན། “སྔོན་མ་དོན་འགྲུབ་ཀྱིས་ང་ལ་ལས་དོན་དེ་འདྲའི་སྐོར་ཅུང་ཙམ་གླེང་སོང་། སྐབས་དེར་ངས་ཁོང་ལ། ཕ་མ་གཉིས་ལོ་ན་མཐོ་བ་དང་། བཟའ་ཚང་དང་བྱིས་པར་བསམ་བློ་གཏོང་དགོས་པའི་ཁ་ཏ་བྱས་པ་ཡིན། འོན་ཀྱང་ཁོས། ཕ་མ་དང་བུ་ཕྲུག་ལ་བསམ་བློ་བཏང་བ་ཡིན་ན། བོད་མི་རིགས་ཀྱི་དོན་དུ་ལས་ཀ་གོ་ཆོད་པ་ཞིག་བསྒྲུབ་ཐུབ་གི་མ་རེད། གལ་སྲིད་རྒྱལ་ཁབ་དང་མི་རིགས་ལ་ལས་ཀ་ཞིག་བྱ་རྒྱུ་ཡིན་ན་མིག་གིས་མཐོང་རྒྱུ་ཡོད་པ་ཞིག་བསྒྲུབ་དགོས་པ་རེད་ཅེས་ལས་ཀ་ཅི་ཞིག་བྱ་རྒྱུ་ཡིན་པ་བཤད་མ་སོང་མོད། སྐབས་དེ་དུས་ནས་སེམས་ཐག་གཙང་བཅད་རེད། ཉེ་ལམ་ཟླ་འགའི་སྔོན་ལ་ཁྲིམས་ཐག་གཅོད་རྩིས་བྱེད་སྐབས། དྲང་བདེན་མིན་པའི་ཁྲིམས་བཤེར་ལ་ངོས་ལེན་མ་བྱས་སྟབས། ད་བར་ཕྱིར་འགྱངས་བྱ་དགོས་བྱུང་བ་རེད། བཙོན་ཁང་ནས་ད་བར་ཉེས་རྡུང་མནར་གཅོད་བཏང་ཡོད་ཀྱང་། ཐེངས་འདིར་བཅད་ཁྲའི་ཐོག་ཏུ་མིང་རྟགས་མ་བཀོད་པར་ཞུ་གཏུག་བྱ་རྒྱུའི་དགོས་འདུན་བཏོན་འདུག འོན་ཀྱང་། བཙོན་ཁང་ཕྱི་ལོགས་ན་སྲིང་མོ་འགའ་ལས་ཁོ་ལ་རོགས་རམ་བྱེད་མཁན་ཡོད་པ་མ་རེད” ཅེས་བརྗོད་བྱུང་།
སྐབས་དེར་ངས་ཁོང་ལ་སྔར་ཁྱིམ་ནས་ལས་ཀ་གང་བྱས་དང་། ནང་མི་ཡོངས་རྫོགས་རྒྱ་གར་ལ་ཁྲིད་ཡོང་དོན་ཅི་ཡིན་སྐོར་དྲིས་པར་ཁོས་བརྗོད་དོན། “ཕྱི་ལོ་ ༢༠༠༥ ཡས་མས་ནས་ང་དང་རོགས་པ་ཁ་ཤས་ཀྱིས་༼ དབུ་མའི་ལམ ༽ དང་༼ སེམས་ཀྱི་ཞི་བདེ ༽ ༼ བོད་གངས་ཅན་གྱི་འཆར་སྣང་ ༽ སོགས་ཀྱི་དཔེ་དེབ་མང་པོ་ཞིག་བོད་ནང་བཀྲམས་པ་ཡིན། རོགས་པ་རེ་ཟུང་རྒྱ་ནག་གིས་འཇུས་ཏེ་ཉེས་ཆད་ཀྱང་བཅད་སོང་། ༢༠༠༥ ལོའི་ལྷོ་ཕྱོགས་ཀྱི་དུས་འཁོར་དབང་ཆེན་སྐབས། ངའི་ཕ་མ་གཉིས་རྒྱ་གར་ལ་ཡོང་སྟེ་ལོ་གཅིག་ཙམ་ལ་བསྡད་དེ། རྒྱ་གར་གྱི་གནས་སྟངས་དང་དཀའ་ངལ་ཅི་ཡོད་གསལ་བོར་ཤེས་ཡོད། འོན་ཀྱང་ ༢༠༠༦ ལོར་ཕ་མ་གཉིས་ཡུལ་དུ་ལོག་སྐབས། ངེད་སྤུན་མཆེད་ཚོས་རྒྱལ་ཁབ་ཀྱི་སྣང་བར་མི་འགྲོ་བའི་བྱ་བ་མང་པོ་ཞིག་བྱས་ཏེ་འཛིན་བཟུང་གི་ཉེན་ཁར་ཚུད་ཡོད་སྟབས། ཕྱི་ལོ་ ༢༠༠༧ ལོར་ངེད་བཟའ་མི་ཡོངས་རྫོགས་ཕ་ཡུལ་དང་ཁ་མི་འབྲལ་ཐབས་མེད་ཆགས་སོང་། ངའི་ཕ་ཡུལ་གྱི་ལུགས་སྲོལ་ལྟར་ན། བུ་ཆུང་བས་ཁྱིམ་ཚང་སྐྱོང་དགོས་སྟབས། ཕ་མ་གཉིས་ལ་ངས་བདག་པོ་རྒྱག་དགོས་པ་ཆགས་ཡོད། གལ་སྲིད་ང་ལ་དོན་རྐྱེན་ཞིག་བྱུང་བ་ཡིན་ན། ཕ་མ་གཉིས་ཀྱི་འཚོ་བ་བརྟེན་ས་མེད་པ་ཆགས་འགྲོ་བ་རེད” ཅེས་བརྗོད་བྱུང་།
དགོང་མོ་དེར་ང་ཚོས་དུས་ཚོད་གང་འཚམ་རིང་དོན་འགྲུབ་དབང་ཆེན་སྐོར་ནས་ཁ་བརྡ་བྱས་ཀྱང་། དོན་འགྲུབ་དབང་ཆེན་གྱི་ཨ་མ་རྡོ་རྗེ་མཚོ་ཡིས་མཚམས་རེར་ལག་པ་གཉིས་ཀྱིས་ངོ་གདོང་བཀབ་སྟེ་ངུ་ཤུམ་བྱེད་པ་ལས་སྐད་ཆ་ཚིག་གཅིག་ཀྱང་བཤད་མ་སོང་། དེ་ནི་བོད་པའི་སྲོལ་རྒྱུན་ལྟར་ན། བུད་མེད་ཚོས་སྐྱེས་པའི་ཁ་བརྡའི་ནང་འཚང་ཁ་མི་བྱེད་སྟབས། དོན་འགྲུབ་དབང་ཆེན་གྱི་ཨ་མས་ཀྱང་བརྟུལ་ཞུགས་དེ་བཟུང་བ་ལོས་ཡིན། སྐབས་དེར་རྒན་པོ་རྡོ་རྗེ་ཚེ་རིང་གིས་སྐད་མགོ་སྔར་ལས་དམའ་ཞིང་མགྲིན་པ་བརྣངས་བཞིན་བརྗོད་དོན། “དོན་འགྲུབ་དབང་ཆེན་འཛིན་བཟུང་བྱས་ཏེ་ད་ལྟའི་བར་ནང་མི་གཅིག་ཀྱང་ཐུག་ཏུ་བཅུག་མ་སོང་། ཉེ་ཆར་ཁྲིམས་ཐག་བཅད་པ་གོ་མ་ཐག་སྲིང་མོ་གཅིག་ཐུག་ཏུ་ཕྱིན་ཡང་། ཁ་པར་ནས་སྐར་མ་ཁ་ཤས་རིང་སྐད་ཆ་བཤད་པ་ལས་ངོ་ཐུག་གི་བཅུག་མི་འདུག སྤྱིར་ང་རང་གིས་དེ་ཙམ་སེམས་སྡུག་བྱེད་གི་མེད་ལ། རྒན་མོར་ཡང་གལ་སྲིད་བུ་བཙོན་ཁང་ནས་ཤི་སོང་ཡང་། འུ་གཉིས་ཀྱིས་ད་དུང་བྱིས་པ་ཚོར་བདག་པོ་རྒྱག་ཐུབ་ཀྱིན་འདུག་ཟེར་གི་ཡོད། དྲང་མོར་བཤད་ན། ངས་ཁ་ནས་དེ་ལྟར་བཤད་ཀྱིན་ཡོད་མོད། སེམས་ལ་བདག་པོ་རྒྱག་ཐུབ་ཀྱིན་མི་འདུག ན་ནིང་ད་ལོ་གཉིས་ལ་མིག་གིས་ཀྱང་མི་མཐོང་བ་ཆགས་ཐལ། དོན་འགྲུབ་ན་ཚའི་དབང་དུ་མ་སོང་ན་ནམ་ཞིག་ཁ་ངོ་ཐུག་གི་རེད་བསམ་ཡོད།” ཅེས་སྐད་ཆའི་ཚིག་རྔ་མ་རྫོགས་གོང་རྒས་ཤིང་འཁོགས་པའི་མིག་ལྕིབས་ཀྱི་འོག་ནས་མཆི་མ་ཉིལ་ལེར་བཞུར་བྱུང་།
སྐབས་དེར་ང་ཡང་ཅུང་དོགས་མི་བདེ་བར་གྱུར་ཏེ་ཁ་ཏའི་ཚུལ་དུ། “ཁྱེད་ནང་མི་ཚོས་སེམས་ཁྲལ་མ་གནང་། བཟང་ཕྱོགས་དང་སྡུག་ཕྱོགས་གཉིས་ཀར་བསམ་བློ་གཏོང་དགོས། སྡུག་ཕྱོགས་ནས་དོན་འགྲུབ་ཀྱིས་རྒྱའི་བཙོན་ཁང་ནས་མི་ལོ་དྲུག་བསྐྱལ་དགོས་ལ། ནར་མ་སོན་པའི་བྱིས་པ་བཞི་དང་ཁེར་རྐྱང་དུ་ལྷག་པའི་བཟའ་ཟླ་ལྷ་མོ་མཚོ། ལོ་ན་བགྲེས་པའི་ཁྱེད་རྒན་རྒོན་གཉིས་བཅས་ལ་དྲན་གདུང་དང་སྡུག་ཡས་ཆེ་ཡང་། བཟང་ཕྱོགས་ནས་བསམ་བློ་བཏང་ན། དོན་འགྲུབ་ཀྱིས་དོན་སྙིང་ལྡན་པའི་བྱ་བཞག་ཅིག་བསྒྲུབས་ཡོད། ཁྱིམ་ཚང་དང་བུ་རབས་ཚ་རྒྱུད་ལ་གཟི་བརྗིད་ཆེན་པོ་སྤྲས་ཡོད། མི་སུ་འདྲ་ཞིག་ཡིན་རུང་། རྒྱལ་ཁབ་དང་མི་རིགས་ལ་ཕན་ཞིག་འདོག་ན་ངེས་པར་དུ་ཤེས་བྱ་ཡོན་ཏན་དང་རྒྱུ་ནོར། ཡང་ན་ཐོབ་གོ་ས་ཞིག་ལ་བརྟེན་དགོས་ཀྱང་། དོན་འགྲུབ་དབང་ཆེན་ལ་ཤེས་ཡོན་དང་རྒྱུ་ནོར། གོ་ས་གང་ཡང་མེད་པར་མི་སྒེར་གྱི་ནུས་པར་བརྟེན་ཏེ། རྒྱལ་དོན་སྙིང་སྟོབས་ཅན་གྱི་མཚན་གཞོང་ནང་འགོད་འོས་པའི་བྱ་བ་རླབས་ཆེན་ཞིག་བསྒྲུབས་ཡོད། ཁྱེད་རྒན་རྒོན་གཉིས་བསོད་ནམས་ཆེན་པོ་རེད།” ཅེས་བཤད་བཞིན་ང་རང་ཡིད་གདུང་གི་ཁྲོད་ནས་ཕྱིར་ལམ་ལ་ཆས་དགོས་བྱུང་།
ཟླ་འོད་མེད་པའི་མཚན་མོ་དེར་ངྷ་རམ་ས་ལའི་རི་སྐྱིབས་ཀྱི་མུན་པ་ནག་པོ་དེ་དོན་འགྲུབ་དབང་ཆེན་གྱི་ཕ་མ་གཉིས་ཀྱི་དྲན་གདུང་གི་སེམས་ཁམས་ལྟར་ནག་ཅིང་སྟུག་ལ། ཁོད་མི་སྙོམས་པའི་མེག་ལཱོར་ནས་གངས་སྐྱིད་བར་གྱི་གཞུང་ལམ་དེ་ཡང་ཁོ་ཚང་གི་འདས་པའི་དར་རྒུད་ཀྱི་ལོ་རྒྱུས་ལྟར་ཀྱག་ཀྱོག་དང་དཀའ་ཚེགས་ཀྱིས་ཁེངས། ལམ་ཁའི་གཡས་གཡོན་གྱི་རྒྱ་གར་གྲོང་གསེབ་དག་ལས་འཕྲོས་འོང་བའི་གློག་སྒྲོན་དང་ལམ་ཁ་དེར་ཡར་འགྲོ་མར་འགྲོ་བྱེད་ཀྱིན་པའི་རླངས་འཁོར་དག་གི་གློག་འོད་དང་བསྡེབས་ཏེ། ངའི་མིག་མདུན་ནས་དོན་འགྲུབ་དབང་ཆེན་ཚང་གི་འབྱུང་འགྱུར་ཡང་རབ་རུབ་འཁྱུག་ཅིང་མག་མོག་མངོན།
ཕ་བཟང་གི་བུ། བརྒད་པོ་འདིའི་བསྐད་ཆའི་ཁྲོད་ནས་བོད་གང་ཅན་པའི་བརྩན་པོ་སྙིང་བརྟོབ་ཅན་དེ་ཚོའི་ཁྲག་རྒྱུན་ད་རུང་སྐམ་མེད་པ་མཐོང་སོང་ལ། གོང་གི་བསྐད་ཆ་དེས་ངའི་སེམས་ལ་དྲོད་ཁོལ་ཞིག་དང་བསྐྱོ་སྣང་ཞིག་ལྷན་དུ་སྦྱིན་བྱུང། དྲ་གྲོག་དབྱང་ལགས་ཀྱི་དགོང་འཆར་ཡག་པོ་ཞིག་གསུང་འདུག་ན་དེ་ལ་བརྒྱབ་བསྐྱོར་ཞུ་རྒྱུ་དང། རང་ངོས་ནས་ཀྱང་གང་ནུས་ཀྱི་ཞལ་འདེབ་རེ་འབུལ་ངེས་ཡིན།
དྲ་གྲོགས་ཚོ་ངོ་མ་བཟང་གི་སྐད་ཆ་བཤད་ཡུལ་དང་བགྲོ་གླེང་བྱ་ཡུལ་ནོར་མི་འདུག །བོད་མི་རིགས་ཀྱི་བསྟན་པ་ཆབ་སྲིད་ཆེད་དུ་རང་སྲོག་བློས་བཏང་མཁན་ཀྱི་དོན་ཀྱི་དབའ་བོ་འདི་ལྟ་བའི་ཕ་མ་དང་བུ་ཕྲུག་གཟའ་ཟླ་་ནང་མི་སོགས་ཀྱི་དཀའ་ངལ་ཏོག་རེ་སེལ་ཐུབ་ན་ངོ་མ་བཟང་གི །ཤ་རུས་ཁྲག་རྒྱུན་་གཅིག་པའི་བོད་རིགས་གཞུང་སྒེར་གཉིས་ལ་སེམས་གཏིང་ནས་འབོད་སྐུལ་ཞུ་བཞིན་ཡོད། ང་རང་སྒེར་ངོས་ནས་གང་ཐུབ་ཀྱི་ཞལ་འདེབས་ཤིག་ཕུལ་ངེས་ཡིན། དེ་རིང་ངའི་དྲ་ལམ་ནས་དབའ་བོ་ཁོང་གི་སྤུན་ཆེད་ཀྱི་ཁ་པར་ཨང་གྲངས་རེག་སོང། དེ་དྲ་ཐོག་ལ་བཀོད་པ་ཐུགས་རྗེ་ཆེ།
ཧོར་བུ་ཡེ་ཤེས་ལགས་ཁྱེད་ཀྱིས་ངའི་བཤད་པར་བདེན་པ་རེད་གསུངས་པ་དགའ་པོ་བྱུང་། མ་ཟད་ཁྱེད་ཀྱིས་རོགས་དངུལ་རེ་སྤྲད་དགོས་པས་རེ་འདུན་གནང་བ་དང་སྐུ་ཉིད་ཀྱིས་ཀྱང་དགུན་ཚོང་བ་ཚོ་འབྱོར་སྐབས་སུ་ཞལ་འདེབས་སྡུར་རུག་བྱེད་ནས་དོན་གྲུབ་དབང་ཆེན་ནང་མི་རྣམས་ཀྱི་ལག་ཏུ་འཕྲོད་ཐུབ་པ་བྱ་རྒྱུ་ཡིན་གསུངས་པར་དགའ་པོ་བྱུང་། ཡིན་ཡང་གནས་སྐབས་ཀྱི་འཚོ་བའི་དཀའ་ངལ་སེལ་ཐུབ་སྲིད་ཡང་ང་རང་གཉིས་ཀྱིས་མི་ལོ་བཅུ་ཕྲག་གཉིས་གསུམ་གྱི་རིང་མྱོང་བའི་འཚོ་བ་བཞིན་དུ་གསར་འབྱོར་བ་ཚོའི་འཚོ་བའི་མདུན་ལམ་ལ་འགྱུར་བ་གཏོང་མི་ཐུབ། དེ་ལས་ང་རང་ཚོས་ཤུགས་རྒྱག་དགོས་པ་ནི་གསར་འབྱོར་བ་ནུབ་ཕྱོགས་རྒྱལ་ཁབ་ནང་དུ་སྐྱབས་བཅོལ་འགྲོ་ཐུབ་པར་འབད་བརྩོན་བྱེད་ན་ཕུགས་རྒྱང་རེིང་པོའི་མདུན་ལམ་ཡོད་པ་མཐོང་།
ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཀྱང་བོད་ནས་ཕེབས་པའི་ཆབ་སྲིད་བཙན་པ་རྣམས་སྐྱབས་བཅོལ་ལེན་གྱིན་རེད།
ནུབ་ཕྱོགས་ཡུང་རོ་དང་ཨ་མེ་རི་ཀས་བོད་ནས་ཕེབས་པའི་སྐྱབས་བཅོལ་བ་ལ་རོགས་རམ་མ་བྱས་པ་མ་རེད།
བོད་ངན་ཟ་ངོམས་ཅན་ཚོས་རོགས་དངུལ་སྤྲད་དགོས་ས་ལ་མ་སྤྲད་པས་རེད།
མཆོག་ཏུ་གྱུར་པའི་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་གསུངས་པར་ལྟར་བོད་ནས་ཕེབས་པའི་ཆབ་སྲིད་སྐྱབས་བཅོལ་བའི་ཚབ་ལ་ཐོབ་ཐང་གཉིས་ཟ་ཅན་གྱིས་སྤྱི་འཐུས་ཚོ་འགྲོ་དང་འགྲོ་བཞིན་པ་འདི་ནི་ང་རང་ཚོ་གསར་འབྱོར་བ་ཚོས་ཐོབ་ཐང་རྩོད་ལེན་བྱས་མ་ཐུབ་པས་རྐྱེན་རེད་སྙམ།
སྨྱུག་རྒོད་ལགས་ཁྱེད་ལ་བསམ་ཚུལ་དེ་འདྲ་མེད་ན་ཡག་པོ་རེད། ལོ་མང་རིང་གསར་འབྱོར་བའི་འཚོ་བ་བརྟེན་ས་ཞིག་དང་གཞི་ཆགས་ས་ཞིག་མེད་ནས་ཁྱི་འཁྱམ་པ་ནང་བཞིན་ང་ཅོ་རིས་ཉམ་མྱོང་ཡོད་པའི་གསར་འབྱོར་བ་ལ་ཐོབ་ཐང་དེ་ཐོབ་ཀྱིས་མེད་པ་གོ་དུས་སྙིང་རླུང་སྡོད་ལ་འཚང་ཡོང་བ་འདུག་པས་དགོངས་འགལ་མེད་ཞུ།
གསར་འགོད་པ་ལགས།དོན་འགྲུབ་དབང་ཆེན་གྱི་ནུ་བོའི་ཁ་པར་ཨང་གྲངས་འཀོད་པ་ཐུགས་རྗེ་ཆེ།ད་ལྟ་ང་ཡོད་ས་གནས་སུ་མི་རྣམས་དགུན་ཚོང་ལ་སོང་ནས་མྱུང་ཙམ་ལས་མེད་པའི་རྗེས་སུ་ཚང་མ་ལོག་ཚར་དུས་བདག་གི་ས་གནས་འགོ་འཛིན་གཙོ་བྱེད་པའི་ས་གནས་གཞོན་ནུ་དངབུད་མེད་ཚོགས་གཙོ་རྣམས་ལ་ཞུ་བར་མ་ཟད་ང་རང་ངོས་ནས་ཀྱང་ལས་ཀ་ཅི་ཐུབ་བྱ་རྒྱུ་ཡིན།རེ་བ་ལ་དྲ་རོགས་རྣམས་པའི་ཡང་དེ་ཡི་ཐད་སོ་སོ་གནས་སྡོད་ཀྱི་ས་གནས་སུ་གང་ཐུབ་གནང་བའི་རེ་བ་ཡོད།
ཅི་རི་ལགས་ཀྱིས་གསུངས་པ་བདེན་པ་རེད།ཡིན་ནའང་ང་རང་ངོས་ནས་ཚོགས་པ་གང་རུང་ཞིག་གི་རྒྱུད་ནས་སྒོར་མོ་ཅི་ཙམ་རེག་པ་དེ་མིང་ཐོ་དང་བཅས་ཁོང་ཚོའི་ལག་ཏུ་འཕྲོད་ཐུབ་པ་བྱ་རྒྱུ་ཡིན།ད་དུང་དོན་འགྲུབ་དབང་ཆེན་གྱི་ནུ་བོའི་ཁ་པར་ཨང་གྲངས་ཡོད་པའི་འབྲེལ་བ་བདེ་པོ་ཡོད་པ་རེད།རེ་བ་ལ་ཅོ་རི་ཁྱོད་ནི་ཕྱི་རྒྱ་རུ་ཡོད་པའི་སྔོན་མ་ཡང་སོད་སུ་སྒོར་མོ་སྤྲོད་ཀྱི་ཡིན་མང་པོ་ཞིག་གསུངས་སོང་།ད་རིང་ཕ་བཟང་བུ་སྤྲོད་ས་ནོར་མེད་པའི་སེམས་ཤུགས་བརྒྱབ་ཤོག་ཨ།
ཚེ་རིང་སྐྱིད་ལགས།ཁྱོད་ཀྱི་འཛེས་པའི་མིག་ཟུང་དེ་ལྒང་ཕུག་བཟོ་བ་སེམས་པ་སྐྱོ།ཁྱོད་ཀྱང་ཨ་རི་ལ་ཡོད་ཙང་ཨ་སྒོར་ཁ་ཤས་དོན་འགྲུབ་དབང་ཆེན་ནང་མི་ལ་གནང་ཐུབ་ན་ངོ་མ་མཛངས་མའི་མིང་དོན་མཚུངས་པ་རང་རེད་དྲན།
ཅོ་རི་ཉི་མ་ལགས།
འདིར་ཁྱེད་ནང་བཞིན་ཉ་ཉོག་མང་པོ་ཞིག་བྲིས་ནསའདུག་ཁོམ་མེད།
ངས་ལྟོས་ན་ཁྱེད་ཀྱིས་ངའི་བསམ་ཆུ༹ལ་ཏེ་ཞིབ་ཏུ་ཀློག་མེད་པའམ་ཡང་ན་ངས་ཅི་ཞིག་བརྗོད་བཞིན་ཡོད་པ་རྟོགས་མེད་པ་འདྲ།
དེ་མིན་ཁྱེད་རང་ཁྱོད་རང་ཉིད་ཀྱི་བསམ་ཆུ༹ལ་དང་དྲན་ཆུ༹ལ་ལས་མི་གཞན་གྱི་བསམ་ཆུ༹ལ་ལ་ཉན་མི་ཤེས་པའི་སྐོར་དེ་ཡིན་པ་འདྲ།
ངས་གོང་གི་མཆན་དེའི་ནང་ཁྱེད་ཀྱིས་བཤད་པ་བཞིན་ཉ་ཉོག་མང་པོ་ཞིག་གླེང་མེད།
དུས་བབ་ཚང་དང་དོན་གྲུབ་བཀྲ་ཤིས་ལགས་སུ་རེ་བ་ཞིག་ཞུ་རྒྱུར་བོད་ནས་ཕེབས་པའི་གསར་འབྱོར་བ་ཉམ་ཐག་ཚོའི་སྐོར་རུ་གནས་ཚུལ་མང་ཙམ་སྤེལ་ཐུབ་ན་ཡག་པོ་འདུག་ཞུ་རྒྱུ་ཡིན།
དྲ་གྲོགས་རྣམ་པ་ཚོ་དང་ལྷག་པ་དུ་དྲ་གྲོགས་བྱམས་རྒྱམ་དང་ཧོར་བུ་ཡེ་ཤེས་རྣམས་ལ་ཞུ་འདོད་ནི། དོན་གྲུབ་དབང་ཆེན་ནང་མི་གཙོ་བོད་ནས་ཕེབས་པའི་གསར་འབྱོར་བ་མི་ཉུང་བ་ཞིག་ལ་དཀའ་ངལ་ཡོད་པར་དངོས་ཡོད་གནས་ཚུལ་རེད། བོད་ནས་ཕེབས་པའི་བོད་མི་སྐྱབས་བཅོལ་བ་ཚོ་ལ་ཨ་རི་སྲིད་གཞུང་ནས་ཨ་སྒོར་ས་ཡ་གཉིས་ཀྱི་རོགས་དངུལ་བྱས་ཀྱིས་ཡིན་ཞེས་གསར་འགྱུར་ནང་དུ་བཀོད་འདུག ཨ་སྒོར་ས་ཡ་གཉིས་ཀྱི་རོགས་དངུལ་ཡོད་བཞིན་དུ་དཔའ་བོ་དོན་གྲུབ་དབང་ཆེན་གྱི་ནང་མི་འཚོ་བ་བག་ལེབ་བཙོང་ནས་སྐྱེལ་བཞིན་ཡོད་པ་འདི་ཡང་དངོས་ཡོད་དུ་འདོད། ཨ་སྒོར་ས་ཡ་གཉིས་རོགས་དངུལ་ཐོབ་ཀྱང་སྤྲད་དགོས་སའི་མི་ལ་མ་སྤྲད་ན་ང་རང་ཚོས་དྲ་གྲོགས་རྣམས་ཀྱིས་ཞལ་འདེབས་སློང་ནས་རོགས་རེ་རགས་ཀྱང་སྤྲད་དགོས་སའི་མི་དེའི་ལག་ཏུ་འཕྲོད་ཀྱིན་རེད་ཞེས་བརྒྱ་ཆ་བརྒྱ་ཡོད་པས། ང་རང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་དུ་སྐུ་ངོ་ཟ་ངོམས་ཅན་ཚོས་སྐྱབས་བཅོལ་པ་དང་སློབ་ཕྲུག་རྒན་མགོ་ཉམ་ཐག་རྣམས་ཚོང་རྫས་བྱས་ནས་དུས་ཡུན་རིང་པོ་ཡིན། ང་རང་ཚོས་དྲ་གྲོགས་རྣམས་ཀྱིས་བོད་ནས་ཕེབས་པའི་ཆབ་སྲིད་བཙན་པ་དང་གསར་འབྱོར་བ་ཉམ་ཐག་རྣམས་ཀྱི་མི་ཚེ་མདུན་ལམ་དང་འཚོ་བའི་དཀའ་ངལ་ལ་རྒྱབ་སྐྱོབ་དགོས་དུས་ངེས་པ་དུ་དབུས་གཙང་སྤྱི་འཐུས་ཀརྨ་ཆོས་འཕེལ་མཆོག་གིས་གསུངས་པར་ལྟར་ཨ་མ་དང་མནའ་མ་མ་ནོར་བ་དང་ཆབ་སྲིད་བཙན་པ་དང་སྤྱི་འཐུས་མ་ནོར་བའི་ཐོག་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་ཡོང་ཐུབ་པ་བྱེད་དགོས་ཀྱིན་འདུག་འདི་ནི་གནད་འགག་ཞིག་དང་མི་ཚེ་མདུན་ལམ་ཞིག་རེད་འདུག་སྙམ། གསར་འབྱོར་བ་ཉམ་ཐག་འདི་རྣམས་ཀྱི་ཐོབ་ཐང་ང་རང་ཚོ་གསར་འབྱོར་རྒན་པ་རྣམས་ཀྱིས་རྩོད་ལེན་བྱེད་ཐུབ་པ་དགོས་ཀྱིན་འདུག
ཐོབ་ཐང་རྩོད་ལེན་བྱས་མ་ཐུབ་པ་ང་རང་ཚོས་ཡང་དོན་གྲུབ་དབང་ཆེན་ནང་མི་གཙོ་ཆབ་སྲིད་བཙན་པ་ཚོ་ཚོང་རྫས་ཞིག་ལ་སྒྱུར་ན་ཧ་ཅང་གིས་བློ་ཕབ་རེད།
མ་ཟད་སྨྱུག་རྒོད་ཟེར་བ་ཞིག་གིས་སྐད་ཆ་བཤད་སྟངས་ལ་གཞི་ན་ཐོབ་ཐང་རྩོད་ལེན་མི་བྱས་པ་ཚོགས་པ་ཞིག་གསར་དུ་འཛུག་ནས་རོགས་སློང་དགོས་ཀྱིན་འདུག་ཞེས་གསུངས་འདུག སྨྱུག་རྒོད་ལགས་ཁྱེད་ཚོགས་པ་དེའི་ཚོགས་གཙོ་བསྐོ་ནས་ང་ཚོས་རོགས་དངུལ་ཏོག་ཙམ་རགས་པ་དེ་ཁྱེད་ཀྱིས་ལག་ཏུ་གཏོང་ན་ག་འདྲ་འདུག་གམ།
ཨ་སྒོར་ས་ཡ་གཉིས་ཀྱི་རོགས་དངུལ་ཡོད་དེ་ག་ཡོད་དྲི་མི་ཆོག་པ་ཁྱེད་ལ་ཕོད་དགོས་དོན་གང་རེད་དམ། གཉིས་ནས་བཙན་བྱོལ་སྤྱི་ཚོགས་ནང་གི་དཔོན་ངན་ཟ་ངོམས་ཅན་ཚོའི་བཤད་སྟངས་བཞིན་དུ་བོད་གཞུང་ལ་ཁ་གཏོང་གིན་འདུག་ད་༧གོང་ས་མཆོག་ལ་ཁ་གཏོང་གིན་འདུག་ད་ཞེས་མང་ཚོགས་ལ་ཁ་རྡུང་གཏོང་ནས་རང་དོན་སྒྲུབ་སྟངས་དེ་ང་ཅོ་རི་སེམས་ལ་གསལ་ལེ་ཡོད།
མ་ཟད་ས་དང་གནམ་ཁྱད་པར་མ་ཤེས་ན་རྦད་ཇོམ་དུ་ཤི་བའི་བོད་ཀྱི་ཕོ་གསར་ལ་ཡོང་བཞིན་རེད་ཞེས་སྡུག་ར་སྐུལ་ཁུལ་བྱས་འདུག་ཀྱང་ང་རིས་བློ་ཐག་ཆོད་ནས་ཁྱེད་ལ་བཤད་ཕོད་ནི་བོད་མི་ཉམ་ཐག་ཚོའི་ཐོབ་ཐང་གི་ཆེད་དུ་ཁྱེད་ལྟ་བུ་དཔོན་ངན་ཟ་ངོམས་ཅན་ཚོས་ལག་ཏུ་ཤི་དགོས་བྱུང་ཡང་མགྱོད་པ་སྤུ་ཙམ་མེད་ཞེས་ངས་རྒྱལ་བ་རིན་པོ་ཆེན་དཔང་བཙུགས། གོ་ཨེ་བྱུང་སྨྱུག་རྒོད་ལགས།
དོན་འགྲུབ་དབང་ཆེན་གྱི་སྤུན་ཆུང་པད་མ་རབ་བརྟན་གྱི་ལག་འཁྱེར་ཁ་པར་ཨང་གྲངས་ ( 9817542404 ) འདི་རེད། གཏོང་ཕོད་ཕྱག་ཟུང་ཡངས་པའི་སེམས་ལྡན་སུ་ཞིག་ཡིན་རུང་། ཆེ་བས་ཆེ་འབུལ་དང་། ཆུང་བས་ཉུང་སྟེར་གྱིས་རོགས་སྐྱོར་རེ་གནང་རྒྱུ་དུས་ལ་བབ་འདུག
དོན་འགྲུབ་དབང་ཆེན་གྱིས་བོད་ནང་གི་དངོས་ཡོད་གནས་ཚུལ་གློག་བརྙན་ཕབ་སྐྲུན་བྱས་ཏེ། ༢༠༠༨ ཟླ་ ༣ ཚེས་ ༢༦ ཉིན་ཟི་ལིང་ནས་འཛིན་བཟུང་བྱས་འདུག འོན་ཀྱང་། ཁོང་ཚང་གི་སྤུན་ཆུང་པད་རབ་བརྟན་གྱིས་ ༢༠༠༥ ཡས་མས་ནས་བོད་ནང་༼ དབུ་མའི་ལམ ༽ དང་༼ སེམས་ཀྱི་ཞི་བདེ ༽ ༼ བོད་གངས་ཅན་གྱི་འཆར་སྣང་ ༽སོགས་བཀྲམས་ཏེ་རྒྱ་ནག་གི་འཛིན་བཟུང་ཉེན་ཁར་ཚུད་དེ་ ༢༠༠༧ ལོར་ཕ་མ་གཉིས་ཁྲིད་དེ་རྒྱ་གར་དུ་ཡོང་འདུག ཕྱི་ལོ་ ༢༠༠༩ ཡས་མས་ཤིག་ལ་གཞི་ནས་པད་མ་རབ་བརྟན་གཅིག་པུ་བོད་གཞུང་བདེ་སྲུང་གི་ཆབ་སྲིད་འབྲེལ་ཡོད་ནང་ངོས་ལེན་ཙམ་བྱས་འདུག ད་ལྟ་ཁོང་ཚང་ལ་ལོ་ལོན་རྒན་རྒོན་དང་བྱིས་པ་ཉ་ཉོག་སོགས་བཟའ་མི་བཅུ་གྲངས་ཤིག་འདུག འཚོ་བརྟེན་བག་ལེབ་ཁོ་ནར་བརྟེན་འདུག
དྲ་གྲོགས་འགའི་བརྩེ་གཟུགས།
དྲ་གྲོགས་ཐོས་དགའ་ལགས་ཀྱིས། སྤྱི་སྒེར་གང་རུང་གི་རོགས་རམ་འདུག་གམ་ཟེར་བའི་ལན་དུ། ཁོང་ཚང་གི་བུ་རབ་བརྟན་ལ་སྔར་ལོ་ཙམ་ནས་ཆབ་སྲིད་འབྲེལ་ཡོད་དུ་ངོས་ལན་ཙམ་ཐོབ་ཡོད་རབས་འདུག དེ་ལས་གཞན་ཤེས་མ་སོང་།
དྲ་གྲོགས་གཡང་ལགས་ཀྱིས། ཡུ་རོབ་ཁག་ཏུ་དོན་འགྲུབ་དབང་ཆེན་གྱི་མིང་ཐོག་ནས་ཉུང་མཐར་ཨ་སྒོར་ ༥ རེ་ཡི་ཞལ་འདེབས་བསྡུས་ན་ལེགས་ཚུལ་གྱི་དགོངས་ཚུལ་བཏོན་པར་ཐུགས་རྗེ་ཆེ།
དྲ་གྲོགས་བྱམས་རྒྱལ་ལགས་ཀྱིས། ཧྥ་རིན་སིའི་བོད་རིགས་ཚོགས་པའི་ཚོགས་གཙོར་སྙན་གསེང་ཞུས་ཏེ་ཞལ་འདེབས་བསླང་རྒྱུའི་ཞལ་བཞེས་ཐོབ་པར་ཐུགས་རྗེ་ཆེ།
དྲ་གྲོགས་སྨྱུག་རྒོལ་ལགས་ཀྱིས། དོན་འགྲུབ་དབང་ཆེན་ཚང་ལ་ཞལ་འདེབས་འཕུལ་རྒྱུར་འབོད་སྐུལ་ཞུས་པར་ཐུགས་རྗེ་ཆེ།
དྲ་གྲོགས་གངས་སེང་ལགས་ཀྱིས། ཞལ་འདེབས་ཀྱི་ལས་གཞི་ག་དུས་མགོ་འཛུགས་བྱས་ཀྱང་། སུད་སིར་གནས་བཞུགས་བོད་རིགས་དག་གི་ཐད་ནས་འགན་ལེན་བྱས་པར་ཐུགས་རྗེ་ཆེ།
དྲ་གྲོགས་ཧོར་བུ་ཡེ་ཤེས་ལགས་ཀྱིས། ཆོལ་ཁུངས་སོ་སོའི་དབུས་རྒྱུན་ལས་བརྒྱུད་དེ་དོན་འགྲུབ་དབང་ཆེན་གྱི་ཕ་མ་གཉིས་ལ་ཞལ་འདེབས་འབུལ་དགོས་པའི་དགོངས་ཚུལ་བཏོན་པར་ཐུགས་རྗེ་ཆེ།
གོང་གི་དྲ་གྲོགས་རྣམ་པའི་ཁས་ལེན་དེ་དག་ལག་ལེན་དོན་འཁྱོལ་བྱ་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད།
མ་གཞི་བཙན་བྱོལ་བོད་གཞུང་གི་ཕྱོགས་ནས་ཀྱང་སྤྱི་འགྲོས་སྒྲིག་གཞི་ལྟར་ལྟ་རྟོག་གནང་གི་ཡོད་རྒྱུ་རེད་བསམ་གི་འདུག ངེས་པར་དུ་དེ་ལྟར་སྒྲུབ་དགོས་ངེས་ཤིག་ཀྱང་རེད། བོད་པ་སྤྱི་སྒེར་སུ་ཡིན་རུང་། རང་ཉིད་ཀྱི་ལྟོ་རྒྱབ་ལས་མི་རིགས་ཀྱི་ལས་དོན་གཙིག་ཆེར་འཛིན་མཁན་དག་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྒྱུ་ཆེན་ཁང་བརྩེགས་ཅན་དག་གི་སྐུ་འགྱེད་ཀྱང་སྐྱ་མིན་སེར་མིན་གྱི་གྲྭ་བ་ཞིག་ལྟོ་ཕོར་དུ་འཕེན་པ་ལས་རྒྱལ་ཞེན་དམ་ཚིག་ཅན་ཞིག་གི་བསམ་བློའི་རྒྱབ་དཔུང་དུ་ཕུལ་ན་ཅིས་མི་ལེགས།
འདི་ལྟ་བུའི་བློས་གཏོང་བའི་ཁྱིམ་མི་དང་དཀའ་ངལ་འཕྲད་རིགས་ལ་བདག་པོ་མ་བརྒྱབ་པ་ཡིན་ན། ནམ་ཞིག་ང་ཚོར་དཔའ་བོ་དང་རྒྱལ་ཞེན་ཅན་ཞེས་པའི་མིང་འདི་སྟོང་བའི་ཉེན་ཁ་ཡོད་པར་འདོད་ལ། རྒྱལ་ཁབ་དང་སྲིད་གཞུང་ཞེས་པ་ཡང་མིང་སྟོང་ཙམ་ལས་མི་འདུག་གོ
ང་ཚོས་ངེས་པར་དུ་རྒྱལ་གཅེས་དཔའ་བོའི་ནང་མི་དང་བཟའ་ཚང་བུ་ཕྲུག་དག་ལ་བདག་པོ་རྒྱག་དགོས་ཀྱིན་འདུག་ལ། དཀའ་ངལ་ཡོད་པའི་རིགས་ལ་གཞུང་སྒེར་གཉིས་ནས་སེམས་ཁུར་དང་རྒྱབ་སྐྱོར་བྱ་དགོས་ལ། མི་བུ་རེ་རེས་རང་ཉིད་ཀྱི་གང་འཇོན་གང་ཚོད་ཀྱི་ལྷག་བསམ་དང་གཞན་ཕན་གྱི་ཕྱག་ཟུང་དྲོན་མོ་བརྐྱངས་རོགས།།
གོང་གི་གསར་འགྱུར་རམ་རྩོམ་ཡིག་དེ་གུས་མོས་འགོ་ནས་མཇུག་བར་ཐེངས་གསུམ་ལ་བཀླག་དགོས་པ་བྱུང་། ཐེངས་དང་པོར་ཀློག་སྐབས། ཁོང་ཚང་གི་དཀའ་སྡུག་གི་ལོ་རྒྱུས་ཀྱི་གོ་རིམ་ལ་བཟོད་ཐབས་མེད་པའི་ཡིད་རྨུག་ཅིག་དང་སྐྱོ་སྣང་ཞིག་སྐྱེས། ཐེངས་གཉིས་པར་ཀློག་སྐབས། རྩོམ་ཡིག་འདིའི་བརྗོད་གཞིའི་གོ་རིམ་སྒྲིག་སྟངས་དང་ཚིག་བརྗོད་བེད་སྤྱོད་གཏོང་སྟངས་ལ་ཡིད་སེམས་ཤོར། ཐེངས་གསུམ་པ་ཀློག་སྐབས། རྩོམ་པ་པོ་དོན་འགྲུབ་བཀྲ་ཤིས་ཀྱི་བསམ་བློའི་ལྗིད་ཤུགས་ཀྱིས་དྲངས་པའི་སྤྱི་ཚོགས་ཀྱི་གྲུ་ཟུར་ཆུང་ཆུང་ཞིག་གི་ཚུར་སྣང་གི་བྱ་དངོས་ཐེར་འདོན་བྱེད་ཕྱོགས་ཀྱི་རྩོམ་རྩལ་ལམ། བསམ་བློའི་ནུས་ཤུགས་ལ་ཡིད་འགུལ་ཐེབས་སོང་།
སེམས་པ་ཤ་ཡིན། མིག་ཟུང་ཆུ་ཡིན། ཡིན་ཡང་། ཁ་སྟོང་ནང་གི་ཚིག་སྟོང་བ་ཞིག་གི་ཁ་ཡག་ཞིག་བཤད་ཀྱང་། ནང་མི་འདི་དག་ལ་དངོས་ནས་ངས་ཕན་མི་ཐོག་གི
དོན་གྲུབ་དབང་ཆེན་གྱི་ཕ་མ་རྒས་ཁོག་གཉིས་དང་གཟའ་ཟླ་བུ་ཕྲུག་བཅས་ཀྱི་འཚོ་སྣོན་སེམས་གསོས་ཆེད་གཡང་ལགས་དང་། བྱམས་རྒྱལ། སྨྱུག་རྒོད། འཇམ་དབྱངས་བཅས་རྣམ་པ་བཞི་བསམ་ཚུལ་ཧ་ཅང་ལེགས། སེམས་ཤུགས་ཅན་གྱི་སྐྱེ་བོ་ཁྱེད་རྣམ་པའི་རང་ངོས་ནས་ཞལ་འདེབས་ག་ཚོད་ཅིག་སྤྲོད་ཐུབ་བམ། དང་པོ་སོ་སོ་ནས་འགོ་བཙུགས་ནི་དང་བླངས་ཐོག་མིག་དཔེ་བཟང་བོ་ཞིག་འཇོག་ཐུབ་པའི་རེ་བ་ཡོད།
ངོ་མ་སེམས་འགུལ་ཐེབས་པ་ཞིག་རང་རེད།གཤམ་དུ་དྲ་རོགས་མང་པོས་དགོངས་ཚུལ་ཡག་པོ་འདུག།རོགས་པ་བྱ་ན་ཚོགས་པ་དགོས་པ་མི་འདུག།ཆོལ་ཁ་རེ་ལ་སྐྱིད་སྡུག་ཚོགས་པའམ་རྒྱུན་ལས་རེ་ཡོད་པ་རེད།སོང་ཙང་དེ་ཡི་རྒྱུད་ནས་དབུལ་ན་མ་འགྲིག་པ་མི་འདུག་དྲན།
ངས་རེ་བ་དང་པོ།རབ་བྱུང་ན་དོན་འགྲུབ་དབང་ཆེན་ནང་མི་གི་ཁ་བྱང་དང་ཁ་པར་ཨང་གྲངས་མ་བྱུང་ན་རྡ་ས་མདོ་སྨད་རྒྱུན་ལས་ཡོད་རྒྱུ་རེད་དེ་ཡི་ཁ་བྱང་སོགས་དྲ་ཐོག་ཏུ་འགོད་དགོས།
གཉིས་པ།རྒྱན་ལས་ལ་བྱུང་བ་རྣམས་ཆད་ལྷག་མེད་པ་ཁོང་གི་ནང་མིར་སྤྲོད་ནས་བྱུང་འཛིན་ས་གནས་སོ་སོར་རམ་མི་སྒེར་བ་ལ་འབྱོར་བ་བྱ་དགོས།
གྲོགས་པོ་རྣམས་ད་རིང་ང་ཚོས་མི་སྒེར་སོ་སོ་ནས་རོགས་པ་གང་ཐུབ་གནང་བའི་རེ་བ་ཡོད།དེ་ལྟར་ཐུབ་ན་དུས་ཐོག་ཆར་བ་མ་རེད་དམ།ང་རང་ལ་ཁ་བྱང་བྱུང་ན་སྒོར་བརྒྱ་ལས་མེད་ཀྱང་དབུལ་རྒྱུ་ཡིན།
ཨ་ལ་ལ། མིག་ཆུ་རྡོག་པོ་གཉིས་བགག་ཀྱང་མ་ཁོག་པར་མཆོངས་ཐེངས་གཅིག་གིས་རྩིས་འཁོར་གྱི་མཐེབ་གཞུང་སྟེང་དུ་ཤོར་སོང་། གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ལགས་ལ་ཐུགས་རྗེ་ཆེ་ཞུ། དོན་འགྲུབ་དབང་ཆེན་ནང་མི་མྱུར་དུ་ལྷན་འཛོམས་ཐུབ་པར་སྨོན།
ཅི་འདྲའི་ཡ་ང་བའི་ལོ་རྒྱུས། ཡིད་སྐྱོ་བའི་གཏམ་བརྒྱུད། ངོ་མ་་་་་་་་་་གནམ་སྔོན་པོར་མིག་མི་འདུག ས་དོག་མོར་སེམས་མི་འདུག ཕྱི་ཡུལ་ན་བདེན་དོན་བཤད་ས་ཞིག་དང་། མགོན་སྐྱབས་རེ་ས་ཞིག་ཡོད་ན། རྒན་རྒོན་འདི་གཉིས་སྣང་གཡེངས་སུ་མ་གཏོང་། ཐུགས་རྗེ་གཟིགས། ལོ་ན་ ༧༢ ཡས་མས་ཅན་གྱི་རྒན་རྒོན་གཉིས་ཀྱིས་ད་དུང་ཁྲོམ་ན་བག་ལེབ་བཙོང་སྟེ་ཚོ་བ་སྐྱེལ་གྱིན་ཡོད་པ་འདི། སྤྱི་ལོའི་དུས་རབས་བཅོ་ལྔའི་ནང་ཡོ་རོབ་གླིང་དང་། དུས་རབས་ཉི་ཤུའི་འགོར་རྒྱ་ནག་གི་མཚོ་འགྲམ་ཁག་བརྗོད་བྱ་བྱས་པའི་སྒྲུང་གཏམ་དག་ལས་མཐོང་མྱོང་བ་མ་གཏོགས། ད་ལྟའི་སྤྱི་ཚོགས་ནང་དངོས་སུ་མཐོང་རྒྱུ་ཡོད་པ། ཉི་མ་དེ་རིང་བར་མིག་གིས་མཐོང་མྱོང་མེད་ལ་རྣ་བའི་ཐོས་མྱོང་ཡང་མེད།
གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ལགས། དངོས་གནས་ཡག་པོ་དང་སེམས་འགུལ་ཐེབ་པ་ཞིག་བྲིས་འདུག་ཐུགས་རྗེ་ཆེ།
ང་ནམ་རྒྱུན་གཙུག་ལག་ཁང་གི་མཐའ་རུ་འགྲོ་སྐབས་དོན་འགྲུབ་དབང་ཆེན་གྱི་ཕ་མ་གཉིས་བསྐོར་བར་བསྐྱོད་པ་མཐོང་ཐེངས་རེར། བདག་གི་མིག་མཐར་རང་དབང་མེད་པར་མཆི་མ་འཁོར་འོང་གི་འདུག
འདི་སེམས་འགུལ་ཐེབས་པ་ཞིག་རེད། ཡིན་ནའང་ཅི་བྱེད།
འདི་སེམས་འགུལ་ཐེབས་པ་ཞིག་རེད། ཡིན་ནའང་ཅི་བྱེད།
དབའ་བོ་དོན་འགྲུབ་དབང་ཆེན་ལགས་ཀྱི་ནང་མི་ལ་
འབྲེལ་བ་བྱེད་ས་གསལ་པོ་ཞིག་ཡོད་ན་ཡག་པོ་ཡིན་རྒྱུ་རེད་བསམ་གི་གང་ཡིན་ཟེར་ན་བོད་ཕྱི་ནང་གང་ནས་ཡིན་ན་་རོགས་པ་བྱེད་མཁན་རེ་ཟུང་ཡོང་སྲིད་པ་ཞིག་རེད།ཐུགས་རྗེ་ཆེ།
བྱམས་ལགས་དང་གཡང་ལགས་གཉིས་ཀྱི་སྐད་ཆ་དེ་ཤིན་ཏུ་བདེན་ནོ།
དེ་ན་ང་ཚོས་བཤད་བསྡད་ནས་ཕན་མི་་ཐོག།ལག་ལེན་ལག་ཏུ་ལྟར་དགོས་བ་རེད། ལག་ལེན་ལག་ཏུ་མ་ལྟར་ན ཁ་བཤད་ཆུ་ཡི་བུག་བ་་བཞིན་དེ་ལ་ཕན་ཐོག་གང་ཡང་མེད། གལ་སྲིད་འདི་
འདྲ་བའི་ལས་གཞི་ཤིག་འགོ་རྩོན་པ་ཡིན་ན། དང་པོ་དེ་ལ་སྒྲིག་ཚགས་ཚུད་པོ་ཞིག་དང་ཡང་ན་ཚོགས་ཆུང་ ཞིག་འཛུག་
ཐུབ་ན་ཡག་པོ་ཡོད་བ་རེད་བསམ།
དོན་འགྲུབ་དབང་ཆེན་་གྱི་ནང་མི་གཅིག་པོ་མ་ཡིན་པར། མ་འོངས་པའང་
འདི་འདྲ་འབྱུང་མི་སྲིད་པ་མ་རེད ། དེ་དུས་ང་ཚོས་རོག་པ་བྱེད་ཆོག་ཆོག་
ཞིག་ཡོད་བ་རེད།
ང་རང་མཚོན་ནའང་སུད་སི་ནས་འདུག་མཁན་ཞིག་ཡིན། འདིར་ཕྱོགས་སུ་
ལས་གཞི་འདི་འདྲ་ཤིག་ སྤེལ་ཚེ། ངས་རང་ནུས་གང་ཐུབ་གྱི་་རོག་པ་རེ་བྱེད་
ངེས་ཡིན།
ཡིག་ནོར་འདྲ་ཡོད་ན་དགོངས་དག འདི་ཡང་ངའི་སེམས་ཀྱི་སྐད་ཆ་ཡིན།
རེད།དོན་འགྲུབ་དབང་ཆེན་གྱི་ནང་མི་ལ་རོགས་སྐྱོར་རམ་ཡང་ན་སྦྱིན་བདག་ཞིག་བཅ༹ལ་རྒྱུ་ཐད་ཉེ་སྔོན་ཞིག་ལ་ཁ་བ་དཀར་པོས་ཆེ༹་རིང་སྐྱིད་ཀྱི་ཟིན་བྲིས་ནང་སྐད་ཅིག་བཞག་ཡོད་པ་མཐོང་སོང་།དོ་དགོང་གི་གསར་འགོད་པའི་རྕི༹མ་ཡིག་འདི་ཀློག་རྗེས་ད་དུང་དོན་འགྲུབ་དབང་ཆེན་གྱི་ནང་མི་ལ་ཆུང་ས་ནས་ཁོང་གི་ཕ་མ་གཉིས་དང་སྐྱེས་དམན་སོགས་ལ་འཆོ༹་བའི་དཀའ་ངལ་དང་ཆེ་ས་ནས་རང་གི་བུ་ཕྲུག་ལ་ཁྲིམས་མཐུན་མིན་པའི་ལོ་ངོ་དྲུག་རིང་ལ་བཅོ༹ན་འཇུག་ཁྲིམས་ཐགས་བཅད་ཡོད་པ་སོགས་ལུས་སེམས་གཉིས་ཀྱི་དཀའ་ངལ་མང་པོ་ཞིག་ཡོད་པ་རྟོགས་སོང་།གོང་གི་དྲ་གྲོགས་གཡང་ལགས་གཅོ༹ས་གཞན་དག་གིས་གླེང་བ་བཞིན་ང་ཆོ༹ས་ནམ་རྒྱུན་བོད་གཞུང་གིས་ཅིག་བྱོས་མ་སོང་དང་སྒེར་དང་ཆོ༹གས་པ་ག་གེ་མོ་ཞིག་གིས་ཅིག་འཇོན་མ་སོང་རྐྱང་བཤད་ནས་མ་བསྡད་པར་མི་སོ་སོའི་རང་ངོས་ནས་
བོད་དོན་གྱི་ཆེད་ཆེན་པོ་ཞིག་མི་འཇོན་ཡང་དཔལ་འབྱོར་གྱི་ཕྱོགས་ནས་ལས་འགུལ་འདི་ལྟ་བུ་ཞིག་སྤེལ་ཐུབ་ན་ཧ་ཅང་ལེགས་པར་འདོད།
ལས་འགུལ་འདི་ཡང་དོན་འགྲུབ་དབང་ཆེན་གཅིག་པོའི་ནང་མི་མིན་པར་གཞན་བོད་མི་རིགས་ཀྱི་ཆེད་ལུས་སྲོག་འབེན་ལ་བཅུ༹གས་པའི་དཔའ་བོ་དག་གི་ནང་མི་སོགས་ལ་ཏོག་ཅ༹མ་ཕན་ཐོགས་བྱུང་ན་སོ་སོའི་རང་ངོས་ནས་ཁ་ནས་བཤད་བསྡད་པ་གཅིག་པོ་མ་ཡིན་པར་དོན་དངོས་ཀྱི་ལག་ལེན་ཞིག་རེད་བསམ་ཀི གཞན་ཕྱི་ཡུལ་བོད་མི་རེ་འགའི་བཤད་སྟང་བཞིན་ཁོང་ལས་ངས་ཅིག་ཤེས་མདོག་དང་ཁོང་ལས་ང་ཅིག་ཡོད་མདོག་སོགས་སྐད་ཆ་སྦོམ་པོ་རྐྱང་བཤད་ནས་བསྡད་ན་རང་གཞན་གཉིས་མི་སྐྱིད་པ་བཟོ་རྒྱུ་ལས་གཞན་སྤྱི་དོན་ལ་གང་ཡང་ཕན་གི་མ་རེད་བསམ། དོ་དགོང་ཡང་ངའི་གྲོགས་པོ་ཞིག་གིས་རྦེལ་འཇེམ་ནས་ཁ་པར་ཞིག་འབྱོར་སོང་ལ་ཁོང་གིས་བཤད་ན་རྦེལ་འཇེམ་བོད་པའི་ཕོ་གསར་རེ་འགའ་དང་ས་གནས་དེར་ཡོད་པའི་མི་རིགས་ནག་པོ་འགའི་བར་ལ་འཁྲུག་་འཇི༹ང་བྱོས་ནས་བོད་པའི་ཕོ་གསར་ཞིག་བསད་འདུག་ཟེར། ཕྱི་ཡུལ་ཞིག་ལ་བསླེབ་རྗེས་ས་དང་གནམ་གྱི་ཁྱད་པར་ཅ༹མ་ཡང་མ་ཤེས་པར་བར་སྣང་རྐྱང་ནས་འཕུར་ན་གོང་གི་རྦེལ་འཇེམ་གྱི་ཕོ་གསར་འདིའི་ནང་བཞིན་ནམ་ཞིག་རང་ཉིད་འཕོངས་པ་ལས་གཞན་ཅི་ཡང་མ་རེད།གང་ལྟར་ལས་དོན་འདི་ལྟ་བུ་ལ་རྒྱབ་སྐྱོར་བརྒྱ་ཐམ་པ་
ཡོད།
ཡང་སོ་སོས་ནོར་འདུག་
མི་སྐྲག་གམ་
ཧོར་གུར་དཀར་རྒྱལ་པོ་ཕེབས་པ་ཐུགས་རྗེ་ཆེ་
དག་ནོར་ལུང་པ་གང་བསྣམས་ཕེབས་འདུག་
ཁྱེད་གེ་སར་གྱི་གཉའ་སྒ་ལ་མི་སྐྲག་སམ།
ཨ་ཙི་རྩེད་མོ་ཡིན་
དགོངས་པ་མ་འཚོམས་རོགས་
གཡང་ལགས་ཀྱི་སྐད་ཆ་དེ་ཤིན་ཏུ་བདེན་
ཁོ་བོའི་བསམ་པར་ནུབ་གླིང་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་པའི་ཁྲོད་དུ་དོན་གྲུབ་དབང་ཆེན་གྱི་ནང་མི་ཚོའི་མཚན་ཐོག་ནས་ཞལ་འདེབས་ཤིག་བསྡུས་ཏེ་ཁོང་ཚོའི་འཚོའི་དཀའ་ངལ་སེལ་ཐབས་གནང་སྟེ་ ཕྱིན་ཆད་སུ་ལའང་གནས་ཚུལ་འདིའི་རིགས་བྱུང་ཚེ་མུ་མཐུད་བྱུང་ཞལ་འདེབས་ཀྱི་མཐུན་རྐྱེན་བསྒྲུབ་ཐབས་གནང་ཡ་དེ་གལ་ཆེན་པོ་འདུག།
འདི་འདྲ་སྐབས་ནུབ་ཕྱོགས་ཁག་ལ་བོད་རིགས་འབོར་ཆེན་སླེབས་ཐུབ་ན་དཔལ་འབྱོར་གྱི་དཀའ་ངལ་སེལ་ཐུབ་ཡ་ལ་ཕན་ཐོགས་ཡོད་འགྲོ་བསམ་པ་འདུག་ལ་འདིའི་སྐོར་ཅོ་རི་ལགས་དང་ངེད་གཉིས་ཀྱིས་བགྲོ་གླེང་ཡང་བྱེད་མྱོང་ཡོད་
ཁོ་བོས་ཞབས་འདེབས་ཀྱི་སྐོར་འདི་ཕ་རན་སིའི་བོད་ཚོགས་ཀྱི་དབུ་འཛིན་ལ་ཞུ་བརྒྱི་ཡིན་
དང་པོ་དོན་གྲུབ་དབང་ཆེན་གྱི་ནང་མི་ཚོ་ལ་གཅིག་ཕན་ན་ ཕྱིས་སུའང་དཔེར་བཞག་ས་ཞིག་ཆགས་ཀྱི་རེད་
དྲ་གྲོགས་ཚོས་དགོངས་ཚུལ་གསུངས་རོགས་གནང་།།
སྐུ་སྒེར་ཡིག་ཚང་གི་སེམས་པ་འདྲེ་ཡིས་ཁྱེར་སོང་བ་མིན་ན། ཅིག་ཅིག་གི་མཁའ་འགྲོ། ཉིག་ཉིག་གི་མཁའ་འགྲོ་ཟེར་ནས་ཡུག་ས་མ་ལུང་ཆག་གང་ཉར་ཡོད་པར་མ་ཟད། དེ་དག་ལ་འགྲོ་གྲོན་ཚད་མེད་གཏོང་བཞིན་པ་ཡང་ཚང་མས་ཤེས་གསལ་རེད། འོ་ན་འདི་ལྟ་བུའི་བོད་ཀྱི་རྒྱལ་དོན་ལ་དཀའ་ངལ་ཚད་མེད་མྱང་མཁན་ཚོར་ལོ་བརྒྱད་ཅུར་སླེབས་ལ་ཉེ་དུས་བག་ལེབ་བཙོང་མི་དགོས་པའི་རོགས་སྐྱོར་ཙམ་ཞིག་བྱས་ན་ཅི་མ་ཉན་པ་ཡིན་ནམ། འོན་ཀྱང་ཉེ་སྔོན་༧གོང་ས་མཆོག་ལ་གཟིམས་མཇལ་ཐོབ་སྐབས་འགྲོ་གྲོན་ཞིག་གནང་ཡོད་རྒྱུ་རེད་སྙམ།
དོན་གྲུབ་དབང་ཆེན་ལགས་ཀྱི་ནང་མིར་འབྲེལ་མཐུད་བྱེད་ས་ཞིག་དགོས་ངེས།
རྩོམ་དེ་ཡག་པོ་ཞེ་དྲག་བྲིས་འདུག ནམ་ཀུན་ང་ཚོ་མགོ་གཡེང་ས་མང་བས་སྐབས་རེ་དོན་ཆེན་མང་པོ་བློ་ཟུར་དུ་ཉལ་ནས་ཁ་ཡ་མེད་པར་ལུས་སོང་བ་རེད། དོན་འགྲུབ་དབང་ཆེན་ལགས་ཁོང་རང་ང་ཚོ་བོད་སྤྱི་ཡི་དོན་དུ་བཙོན་དུ་ཚུད་པས། ང་ཚོས་ཁོང་གི་ཕ་མ་བཟའ་ཕྲུག་འཚོ་ཐབས་སྐྱོ་པོ་མཐོང་དུས་ལྟ་རྟོག་དང་རོགས་རམ་བྱེད་འགན་འཁུར་དགོས་པ་ཡིན། དེ་ཡང་བོད་གཞུང་གིས་འགན་འཁུར་གྱི་མི་འདུག་ཟེར་ནས་གཞུང་ཁོ་ནར་ཁག་དཀྲི་བ་དང་། ཚུལ་དེ་མཐོང་དུས་སེམས་སྐྱོ་ནས་ཟ་མ་ཡང་མིད་པར་མ་ཕྱིན་པར་ཡིད་མུག་མིག་ཆུས་གདོང་ཁྲུས་ཁོ་ན་བསྡད་ན་དེ་བས་མི་འགྲིག་པ་ཞིག་རེད། ང་ཚོས་རང་རང་སོ་སོ་ནས་འགོ་བརྩམས་ཏེ་དོན་འགྲུབ་དབང་ཆེན་གྱི་ཕ་མ་བཟའ་ཕྲུག་ལ་རོགས་པ་སྣ་རེ་སྒྲུབ་དགོས་པ་ཡིན། དེ་ལྟར་ན་ང་ལ་གྲོས་འཆར་ཞིག་ཡོད་པ་འདི་ལ་རྣམ་པ་ལྷན་རྒྱས་ནས་དགོངས་པ་བཞེས་རོགས། གལ་ཏེ་གྲོས་འཆར་འདི་ལེགས་པར་མཐོང་ན་སོ་སོའི་མངའ་སྡེ་རྣམས་ཀྱི་འགན་འཛིན་ལ་གྲོས་འཆར་གྱི་ཚུལ་དུ་ཞུ་་རོགས། ངས་བསམ་ན། ནུབ་གླིང་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་པའི་ཁྲོད་དུ་དོན་གྲུབ་དབང་ཆེན་གྱི་མཚན་ཐོག་ནས་ཞལ་འདེབས་རྒྱ་ཆེན་པོ་ཞིག་སློང་དགོས་པ་དང་བོད་མི་རེས་ཨ་སྒོར་ལྔ་ཞལ་འདེབས་སུ་ཕུལ་ཀྱང་ཆུ་ཐིགས་བསགས་པའི་རྒྱ་མཚོ་ཞེས་པ་ལྟར་ཧིན་སྒོར་ས་ཡ་འགའ་ཤས་འབབ་སྲིད་པ་རེད། དངུལ་དེ་དག་བརྒྱ་ཆར་བགོས་ནས་དོན་གྲུབ་དབང་ཆེན་གཙོས་པའི་བོད་མི་རིགས་ཀྱི་ཆེད་དུ་བཙོན་དུ་ཚུད་པ་དང་ཐ་ན་འཆི་རྨས་སོང་བའི་བོད་མི་དཔའ་བོ་དཔའ་མོའི་ཁྱིམ་ཚང་འཚོ་ཐབས་ཐད་དཀའ་ངལ་ཡོད་པ་དག་ལ་སྤྲད་པ་ཡིན་ན་ང་ཚོའི་མི་རིགས་འདི་ཉིད་སྐྱིད་སྡུག་མཉམ་མྱོང་གི་འདུ་ཤེས་ཟབ་ཏུ་འགྲོ་སྲིད་པ་མ་ཟད་མི་རིགས་ཀྱི་སྟོབས་ཤུགས་ཡང་གོང་མཐོར་འཕེལ་ངེས་རེད། གལ་ཏེ་བྱེད་སྒོ་དེ་གོ་སྒྲིག་ཚགས་ཚུད་པོ་བྱུང་ནས་ཕྱི་བཞུགས་བོད་མིའི་ཁྲོད་དུ་དཔའ་བོར་ཞལ་འདེབས་ཕུལ་བའི་ཚ་རླབས་ཤིག་ཕྱུར་ཐུབ་པ་ཡིན་ན། བོད་མིའི་ལ་རྒྱ་དང་། མི་རིགས་ཀྱི་གཅེས་སེམས། བོད་དོན་སོགས་པར་དྲིལ་བསྒྲགས་ཆེན་པོ་ཞིག་དང་ནང་བཞུགས་བོད་མི་ཐུགས་གསོ་དྲོ་སྐྱིད་སྟེར་བ་སོགས་ཕན་རླབས་ཆེ།
སྤྱི་སྒེར་ནས་རོགས་སྐྱོར་འདྲ་ཐོབ་ཡོད་མེད་བཀའ་དྲི་གནང་རྒྱུ་བྱུང་མེད་དམ།
བོད་ཀྱི་དཔལ་བོ་དོན་འགྲུབ་དབང་ཆེན་ནི་རང་རིགས་ཕྱི་ལོགས་ན་ཡོད་པིའི་བོད་ཀྱི་ལོ་གཞན་ཞིག་ཡིན་པས་ཁོང་ལ་བཙན་བྱོལ་ན་ཡོད་པིའི་བོད་རིགས་ལོ་གཞན་རྣམས་ཀྱིས་དམིགས་པས་ལྟར་དགོས།
གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ལགས་དོན་འགྲུབ་དབང་ཆེན་གྱི་གནས་ཚུལ་བཀོད་པ་ཐུགས་རྗེ་ཆེ་ངས་འདི་ཀློག་སྐབས་མིག་ཆུ་ཤོར་སོང་ང་ཚོ་བོད་པ་ཚང་དང་ལྷག་པར་དུ་དོན་འགྲུབ་དབང་ཆེན་ནང་མི་དང་བཅས་པ་ལ་གདུང་སེམས་མཉམ་སྐྱེད་ཡོད་བོད་པ་ཚང་སེམས་ཤུགས་མ་ཆག
ངའི་མིག་ཀྱང་ཚད་མ་ལོན་པའི་སྔོན་ནས་བྱར་འགྲོ་ས་རེད། ད་ངོ་མ་འདི་ལྟ་བུའི་གནས་ཚུལ་ལ་མུ་མཐུད་ཀློག་ཐུབ་པ་མི་འདུག ཁ་སང་ཡུའུ་ཁྲུབ་ནང་དུ་རྒྱ་གར་ནས་སྐྱེས་པའི་པ་ལགས་མདོ་སྨད་ནས་ཡིན་པ་ཁེ་ནཱ་ཌའི་གནས་སྡོད་བུ་མོ་ཞིག་ཕ་ཡུལ་ལ་བསྐྱོད་དེ། ༧གོང་ས་མཆོག་གིས་གཞིས་ལུས་བོད་མི་ཚོར་བཀའ་སློབ་གནང་ཡོད་པ་ཞིག་སྟོན་ཞོར་བསམ་ཚུལ་བླངས་ཡོད་པའི་གློག་བརྙན་དེར་ལྟ་བཞིན་ཡང་ཉིན་གང་བོར་ཟ་མ་ཡང་མི་དགོས་པ་ཞིག་ཆགས་སོང་ལ། ཕྱི་དྲོ་ནང་དུ་སོང་ནས་མེ་ལོང་ནང་ལྟ་དུས་མིག་ནི་ལྒང་ཕུག་ལྟ་བུར་གྱུར་འདུག ཨ་ཡོ་ ད་ངོ་མ་
ཨ་རི་གྲོས་ཚོགས་ཀྱིས་བོད་མི་སྐྱབས་བཅོལ་བ་ལ་གནང་བའི་རོགས་དངུལ་ག་པ་ཡོད་དམ། སུ་ཡིས་ཟ་བཞིན་ཡོད་དམ།
ཨ་རིའི་གྲོས་ཚོགས་ནས་བོད་མི་ལ་རྒྱབ་སྐྱོར་གནང་བ།
2009-07-13
ཨ་རིའི་གྲོས་ཚོགས་ནས་བོད་མིའི་རིག་གཞུང་གཅེས་འཛིན་དང་སློབ་གསོའི་ལས་འཆར་ཁག་གི་ཐོག་མཐུན་འགྱུར་རོགས་རམ་མུ་མཐུད་གནང་རྒྱུ།
༄༅༎ཨ་རིའི་གྲོས་ཚོགས་ནས་བོད་མིའི་རིག་གཞུང་གཅེས་འཛིན་དང་སློབ་གསོའི་ལས་འཆར་ཁག་གི་ཐོག་འགྲོ་གྲོན་གཏོང་དམིགས་སུ་མཐུན་འགྱུར་རོགས་རམ་མུ་མཐུད་གནང་རྒྱུའི་གྲོས་ཆོད་བཞག་གནང་ཡོད་འདུག
དེ་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་གནས་ཚུལ་སྤྱི་བསྒྲགས་སྤེལ་བར་ལྟར་ན་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མིའི་ཆོས་དང་རིག་གཞུང་ངོ་བོ་སྲུང་སྐྱོབ་སླད་ཨ་རིའི་གཞུང་ནས་ལོ་མང་རིང་མཐུན་འགྱུར་སྦྱོར་སྤྲོད་གནང་གི་ཡོད་པ་དེ་དག་མུ་མཐུད་ནས་ཡོང་ཐབས་སུ་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚན་པའི་སྔོན་རྩིས་ཚོད་དཔག་ཚོགས་ཆུང་ནས་གྲོས་འཆར་བཏོན་པ་དང་དེ་ནས་རིམ་པས་གྲོས་ཚོགས་འོག་མའི་ནང་འདི་ཚེས་དགུ་ཉིན་གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་མང་མོས་ཐག་ཆོད་ཀྱི་གྲོས་ཆོད་བཞག་ཐུབ་པ་བྱུང་བ་དང་དེ་དང་ཕྱོགས་མཚུངས་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚན་པའི་འབྲེལ་ཡོད་ཚོགས་ཆུང་ནས་ཀྱང་ཉིན་མོ་དེར་མོས་མཐུན་གནང་ཡོད་འདུག་ལ་རིང་མིན་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ནས་འདིའི་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་པ་རེད། གོང་དུ་ཞུས་པའི་གྲོས་ཆོད་དེ་ནི་དེ་སྔ་ཕྱི་ལོ་ཉིས་སྟོང་གཉིས་ལོར་ཨ་རིའི་གཞུང་ནས་བོད་ཀྱི་སྲིད་བྱུས་ཞེས་པའི་ཁྲིམས་གཞི་དེའི་མཇུག་སྐྱོང་དང་གོང་མཐོར་གཏོང་རྒྱུར་དམིགས་པ་ཞིག་ཡིན་པ་དང་དེའི་དོན་ཚན་གཙོ་བོའི་ཁོངས་སུ་རྒྱ་ནག་གཞུང་ནས་ལྷ་སའི་ནང་ཨ་རིའི་གཞུང་ཚབ་ཀྱི་ཡན་ལག་ལས་ཁུངས་ཤིག་བཙུགས་ཐབས་དང་གལ་སྲིད་དེ་ལྟར་གནས་སྐབས་སྟབས་མ་འགྲིགས་ཚེ་པེ་ཅིང་ལ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གི་ནང་བོད་ཀྱི་གནད་དོན་ཐོག་རྟོག་ཞིབ་དང་མཐུན་འགྱུར་བྱེད་མཁན་ཞིག་ཆེད་ཚན་པ་ཞིག་འཛུགས་རྒྱུ་བོད་ཀྱི་ས་ཁུལ་ནང་ཡུན་གནས་ཐུབ་པའི་ཡར་རྒྱས་དང་རིག་གཞུང་གཅེས་འཛིན་གྱི་ལས་གཞི་ཁག་གི་ཐོག་རོགས་དངུལ་ཨ་སྒོར་ས་ཡ་བདུན་ལྷག་ཙམ་འཆར་རྩིས།སྐྱབས་བཅོལ་དུ་ཡོང་མཁན་བོད་མི་ཚོའི་འཚོ་བའི་ཆེད་རོགས་དངུལ་ཨ་སྒོར་ས་ཡ་གཉིས།རྒྱ་གར་དང་བལ་ཡུལ་ནང་གི་གཞིས་ཆགས་ཁག་ནང་སློབ་གསོའི་ལས་དོན་དང་རང་བྱུང་སོ་ནམ་འདེབས་ལས་མཚོན་པས་འཛུགས་སྐྲུན་ལས་འཆར་ཁག་ཅིག་ཐོག་ས་ཡ་གཉིས་དང་ཕྱེད་ཀ་ཙམ་དང་དེ་དང་ཕྱོགས་མཚུངས་ཨ་རིའི་ནང་ཆེ་མཐོའི་སློབ་སྦྱོང་དུ་སློབ་ཡོན་རོགས་རམ་བཅས་ཀྱི་ཐོག་འགྲོ་གྲོན་གཏོང་དམིགས་སུ་རོགས་རམ་གནང་ཡོད་པ་རེད། ཡང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་དམིགས་བསལ་བོད་དོན་འབྲེལ་མཐུད་སྐུ་ཚབ་ལས་ཁུངས་ཆེད་དམིགས་ནས་སྔོན་རྩིས་བཅས་གང་ལྟར་བོད་ཀྱི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་སླད་འགྲོ་གྲོན་གཏོང་དམིགས་སུ་མཐུན་འགྱུར་གནང་བ་དེ་ནི་གྲོས་ཚོགས་ནས་བོད་མི་ཚོས་རང་གི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་བྱེད་བཞིན་པའི་གནད་དོན་ལ་ཡིད་ཆེས་ཀྱིས་རྒྱབ་སྐྱོར་གནང་བ་ཞིག་ཡིན་པའི་ངོས་འཛིན་བྱེད་ཆོག་པ་རེད་ཅེས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འབྲེལ་ཡོད་ཀྲོདྲ་སེ་ཀྲེན་ནས་སྤྱི་བསྒྲགས་དེའི་ནང་བཀོད་ཡོད་འདུག
ཡང་ད་རེས་གྲོས་ཚོགས་ཀྱི་ཨ་རིའི་ཕྱི་སྲིད་ལས་དོན་ཐོག་འགྲོ་གྲོན་སྔོན་རྩིས་ནང་ཨ་རིའི་རྒྱང་སྲིང་རླུང་འཕྲིན་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གཉིས་ཀྱི་སྔོན་རྩིས་ཆ་ཚང་ཆོག་མཆན་སྤྲད་གནང་ཡོད་པ་རེད། གོང་ཞུས་གྲོས་ཆོད་དེ་བཞིན་རིམ་པས་གྲོས་ཚོགས་གོང་མའི་ནང་ཐག་ཆོད་བྱུང་མཚམས་སུ་ཨ་རིའི་སྲིད་འཛིན་ནས་མཐའ་མའི་ཆོག་མཆན་གནང་དགོས་ཀྱི་ཡོད་པ་ཞིག་ཡིན་པ་རེད༎
Copyright © 1998-2010 Radio Free Asia. All rights reserved.
བཟང་ངན་མགོ་མཇུག་ལྡོག་པའི་སྤྱི་ཚོགས་ནང་དུ་ཨ་མ་འཚོ་བའི་ལྟ་གོས་ཆེད་དུ་བག་ལེབ་བཙོང་མཁན་ཡིན་ན་ཕྲུག་གུའི་རིང་མིང་ལ་བག་ལེབ་ཞེས་རྡ་སའི་སྐུ་ངོ་ཚོའི་ཕྲུག་གུ་རྣམས་ཀྱིས་མཐོང་ཆུང་བྱེད་ངེས་རེད།
གལ་སྲིད་མཐོང་ཆུང་མ་བྱེད་ན་རོགས་དངུལ་མེད་ན་ཡང་ཨོ་ཙི་རེད། དངོས་གནས་གསར་འབྱོར་བ་ཚོ་སྙིང་རྗེ། ངོ་ཚ་མེད་པའི་རྡ་སའི་མི་དྲག་ཚོ་ལ་རྒྱུ་འབྲས་ཤིག་འཁོར་ཡོང་ནི་རེད་ཡ།
བོད་གཞུང་ལ་སྙིང་རྗེ་ཞིག་ཡོད་འདི་འདྲའི་རིགས་མ་མཐོང་མདོག་མདོག་བྱེད་ཉན་ནི་མ་རེད་ཡ་་་་་དངོས་གནས་བོད་མི་དཔའ་བོ་ཟེར་བ་རེད་ཡ།་་་་་ཤུལ་ལུས་ཀྱི་བཟའ་མི་ཚོ་་ལའང་འདི་འདྲའི་དཀའ་ངལ་ཞིག་འདུག་
པར་དང་པོ་མ་གཏོགས་མཐོང་གི་མི་འདུག་ཡ
ང་འགྲོ་བའི་དགོང་མོ་དེར་དོན་འགྲུབ་དབང་ཆེན་གྱི་སྐྱེས་དམན་ལྷ་མོ་མཚོ་ནི། རྡོ་རྗེ་གདན་ལ་བག་ལེབ་བཙོང་དུ་ཕྱིན་ཏེ་ཕྱིར་ལོག་མི་འདུག་ལ། དགུན་ཁའི་གནམ་གཤིས་གྲང་བའི་ཁར་མི་ཚང་མ་རྡོ་རྗེ་གདན་ལ་གསུང་ཆོས་ཞུ་བར་བཅར་ཡོད་སྟབས། རྒན་རྒོན་གྱི་བག་ལེབ་ཀྱི་ཚོང་ཡང་བཟང་རྒྱུ་མི་འདུག་ཟེར།