མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགོན་པ་བླ་མར་མི་དབང་བའི་རྒྱ་གཞུང་གི་སྲིད་བྱུས།

བོད་ཀྱི་དུས་བབ།
༢༠༡༠/༠༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས། ༧གོང་ས་མཆོག་གིས་ངོས་འཛིན་གནང་པའི་སྤྲུལ་སྐུ་རྣམས་ལ་རང་གི་དགོན་པར་བདག་སྐྱོང་དང་མི་མང་ལ་ཕན་པའི་སྲི་ཞུ་བསྒྲུབ་པའི་ཆོག་མཆན་མེད་པར་བཟོས་སྟབས། ངས་སྦྱར་ཡིག་བཀྲམས་ཏེ་ངོ་རྒོལ་བྱས་པ་ཡིན་ཟེར།

ཕྱི་ཚེས་ ༡༦ ཉིན་འདི་གའི་གསར་འགོད་པ་ཉེ་ཆར་བོད་ནས་གསར་དུ་འབྱོར་ཞིང་ད་ལྟ་ངྷ་ས་དབུས་སྣེ་ལེན་ཁང་དུ་ཡོད་པའི་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཐང་རྫོང་དགོན་གསལ་བཀྲ་ཤིས་བསམ་གཏན་གླིང་གི་འཛའ་ཧཱ་སྤྲུལ་སྐུ་ངག་དབང་དགའ་ལྡན་ལགས་ལ་མཇལ་ཞིང། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མི་མང་གི་འཚོ་བ་དང་དགོན་པའི་གནས་སྟངས་སྐོར་ལ་རྒྱུས་ལོན་བྱེད་སྐབས། ཁོང་གིས་གསུངས་དོན། དགོན་གསལ་བཀྲ་ཤིས་བསམ་གཏན་གླིང་ནི་རྒྱལ་མཆོག་ལྔ་བའི་སྐབས་ནས་ཡོད་པའི་དགོན་པ་ཞིག་ཡིན་ཞིང་། བཅིངས་འགྲོལ་མ་ཐོབ་གོང་དགོན་པ་དེར་གྲྭ་པ་ ༡༨༠༠ ལྷག་ཡོད་པའི་བཤད་སྲོལ་ཡོད་པ་རེད།  ང་ཡང་དགོན་པ་དང་ས་གནས་མི་མང་གིས་སྤྲུལ་སྐུ་ཞིག་ཏུ་ངོས་འཛིན་བྱས་ཤིང་  ༡༩༨༥ ལོར་ཐེངས་དང་པོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ཏེ་གནས་སྟངས་སྐྱོ་བོའི་འོག་ཁྲི་འདོན་སོགས་ཅི་ཡང་བྱས་མེད། ཕྱིས་སུ་ཕ་ཡུལ་མི་མང་གིས་ཐེངས་གང་མང་ལ་རེ་བ་དང་འབོད་སྐུལ་བྱས་མཐར་ ༡༩༩༢ ལོར་ཕྱིར་ཕ་ཡུལ་གྱི་དགོན་པར་ལོག་སྟེ། རྒྱ་གཞུང་གིས་དགོན་པ་དང་ང་རང་སྤྲུལ་སྐུ་ཡིན་པའི་ངོས་ལེན་བྱེད་པར་ཧུར་བརྩོན་བྱས་ཤིང་།  ༢༠༠༠ ལོར་སྙན་ཞུ་ཐེངས་མང་ཕུལ་མཐར་རྒྱ་ནག་ཆོས་སྲིད་ལས་ཁུངས་དང་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོལ་ཁུལ་སྲིད་གཞུང་བཅས་ཀྱིས་དགོན་པར་མཆོག་མཆན་དང་ང་རང་སྤྲུལ་སྐུ་ཡིན་པའི་ངོས་ལེན་ཡི་གེ་སྤྲད་པ་རེད། ༢༠༠༣ ལོར་ངས་རྒྱ་སྒོར་ཁྲི་ཕྲག་མང་པོའི་འགྲོ་གྲོན་བཏང་སྟེ་དགོན་པ་སླར་གསོ་བྱས་པ་ཡིན། ཡིན་ནའང་། རྒྱ་གཞུང་གིས་གྲྭ་བ་ ༨༠༠ ལས་བསྡུ་མི་ཆོག་པའི་སྒྲིག་ཁྲིམས་གཏན་འབེབས་བྱས་པ་དང་། ༧གོང་ས་མཆོག་གིས་ངོས་འཛིན་གནང་བའི་སྤྲུལ་སྐུར་ངོས་ལེན་མི་བྱེད་པར་མ་ཟད། སེ་འབྲས་དགའ་གསུམ་ནང་སློབ་གཉེར་གནང་སྟེ་དགེ་བཤེས་དམ་བཅའ་བཞག་པའི་དགེ་བཤེས་དག་ཕྱིར་རང་དགོན་དུ་ཕེབས་སྐབས་ཁས་ལེན་མི་བྱེད་པ་སོགས་ཀྱིས། གྲྭ་བའི་གྲངས་འབོར་ཙམ་ལས་མཚན་ཉིད་དང་གཞུང་ལུགས་ཕར་ཞོག  གྲྭ་པ་ཚོས་བོད་ཡིག་གི་ཀློག་འདོན་ཙམ་ལས་ནང་དོན་དང་དག་ཆ་གསལ་བོར་ཤེས་ཀྱིན་མེད་པ་དང་། བོད་རང་གི་ལོ་རྒྱུས་སོགས་ཤེས་ཡོན་གྱི་གནས་ཚད་ཧ་ཅང་སྐྱོ་བོ་ཡིན་པ་སོགས་དགོན་པའི་ནང་ཆོ་ག་ཕྱག་ལེན་ཙམ་ལས་ཅི་ཡང་མི་ཤེས་པའི་གྲྭ་ཚོགས་ཤིག་གསོ་སྐྱོང་བྱེད་བཞིན་ཡོད་པ་དང་། ༧གོང་ས་མཆོག་གི་སྐུ་པར་བཀྲམ་མི་ཆོག་པ་དང་། ཁོང་ལ་ཁ་རྡུང་གཏོང་དགོས་པ་སོགས་ང་ཚོའི་ཆོས་ལུགས་དད་མོས་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་སྟེ། དགོན་པའི་གནས་སྟངས་ཧ་ཅང་དཀའ་ཁག་གི་གནས་སུ་བསྐྱལ་བ་རེད་ཅེས་དང་། ཁོང་གིས་མུ་མཐུད་གསུངས་དོན། གནས་སྟངས་དེ་དག་སེམས་ཀྱིས་མ་བཟོད་པར་ ༢༠༠༧ ལོའི་ཕྱི་ཟླ་ ༡༢ པའི་ཚེས་ ༡༩ ཉིན་ངས་སྲོང་བཙན་གླིང་དགོན་པའི་གྱང་ངོས་སུ་རྒྱ་ཡིག་གི་ལམ་ནས་འདས་པའི་ལོ་རྒྱུས་ནང་བོད་འདི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་བླ་སྤྲུལ་གཙོས་དགེ་འདུན་པ་དང་མི་མང་ཡོངས་ཀྱིས་སྲིད་འཛིན་ཧུའུ་ཅིན་ཐའོ་གཙོས་པའི་རྒྱ་ནག་གཞུང་ཕྱོགས་ཀྱི་དྲང་བདེན་མ་ཡིན་པའི་སྲིད་བྱུས་ལ་ཁ་གཏད་གཅོག་རྒྱུ་དང་། ༧གོང་ས་མཆོག་ལ་རྒྱབ་སྐྱོར་གནང་དགོས་པ། བོད་ལ་རང་བཙན་གྱི་ཉི་མ་ཞིག་འཆར་བའི་སྨོན་འདུན་དང་རང་ཉིད་ཀྱི་མིང་དང་བཅས་ཤོག་བུ་དམར་པོ་ཞིག་སྟེང་བྲིས་ཏེ་སྦྱར་བ་ཡིན། ཉིན་བཅུའི་རྗེས་སུ་ངས་རང་ཉིད་ཡིན་པ་ཁས་ལེན་བྱས་མཐར་བདེ་ཆེན་རྒྱལ་ཐང་རྫོང་གི་བཙོན་ཁང་དུ་ལོ་ ༡ དང་ཟླ་དྲུག་རིང་བཙོན་འཇུག་བྱས་པ་རེད། ངས་སྦྱར་ཡིག་བཀྲམས་དོན་ནི་རྒྱ་ནག་གིས་རྩ་ཁྲིམས་ནང་ཆོས་ལུགས་དད་མོས་རང་དབང་སྤྲོད་དགོས་ཚུལ་བརྗོད་ཡོད་ནའང་། ང་ཚོར་དེ་ལས་ལྡོག་སྟེ་སྲིད་བྱུས་འདྲ་མིན་ལག་བསྟར་བྱས་མཐར། ངས་རྒྱ་གཞུང་ལ་ཆོས་དད་རང་དབང་སྤྲོད་དགོས་པའི་འབོད་སྐུལ་བྱ་ཆེད་ངོ་རྒོལ་བྱས་པ་ཡིན་ཞེས་གསུངས།

ཡང་ཁོང་གིས་བདེ་ཆེན་ཁུལ་གྱི་མི་མང་དང་སློབ་གྲྭའི་གནས་སྟངས་ཐད་བརྗོད་དོན།  མི་མང་ལ་མཚོན་ན་ད་ལྟའི་ཆར་འཚོ་བའི་ཐད་ནས་ཕྱུག་པོར་གྱུར་ཡོད་པ་རེད། ཡིན་ནའང་། བདེ་ཆེན་ཁུལ་གྱི་བོད་པ་ཚོས་བོད་སྐད་དང་བོད་ཡིག་མི་ཤེས། བོད་ཆས་གྱོན་མི་ཤེས། བོད་ཀྱི་ལོ་རྒྱུས་མི་ཤེས། ཐ་ན་གནད་དོན་ཞིག་འགྲེལ་བརྗོད་གནང་དགོས་ཀྱང་རྒྱ་སྐད་བཤད་དགོས། གནད་ཡོད་བོད་རིགས་ལས་བྱེད་མི་སྣ་ཡོངས་ཀྱིས་རང་མི་རིགས་ཀྱི་རིག་གཞུང་ལ་དོ་སྣང་མེད་པའི་གནས་སྟངས་ཆགས་ཡོད་པ་རེད། རྒྱ་ནག་གི་རྩ་ཁྲིམས་ནང་རང་སྐྱོང་ཁུལ་དུ་གྲངས་ཉུང་མི་རིགས་ཀྱིས་རང་གི་སྐད་ཡིག་བེད་སྤྱོད་བྱ་ཆོག་པའི་གཏན་འབེབས་བྱས་ཡོད་པ་དང་། ༸པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་ཀྱང་བོད་ཡིག་གི་སློབ་འབྲིང་གསར་འཛུགས་གནང་ཡོད། དེ་ལྟར་ཡང་། གནད་ཡོད་མི་སྣ་ཚོས་དེ་དག་ལ་དོ་སྣང་བྱེད་ཀྱིན་མེད་སྟབས་བོད་སྐད་ཡིག་དེེ་ཧ་ཅང་ཉག་ཕྲ་བའི་གནས་སུ་གྱར་ཡོད་པ་རེད་ཅེས་གསུངས་བྱུང་།

རང་ལོ་ ༤༣ ཡིན་པའི་འཛའ་ཧཱ་སྤྲུལ་སྐུ་ངག་དབང་དགའ་ལྡན་ལགས་ནི། ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཐང་རྫོང་གི་དགོན་བདག་ཡིན་པ་དང་། ༡༩༨༥ ལོར་བཙན་བྱོལ་དུ་ཐེངས་དང་པོར་འབྱོར་ཏེ་ལྷོ་ཕྱོགས་སེ་ར་དགོན་དུ་སློབ་གཉེར་གནང། ༡༩༩༢ ལོར་ཕྱིར་ཕ་ཡུལ་དུ་ལོག་རྗེས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཀྱི་རྒྱུན་ལས་དང་བདེ་ཆེན་ཁོངས་ཀྱི་སྲིད་གྲོས་རྒྱུན་ལས། བདེ་ཆེན་ཁོངས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་སྐུ་ཚབ་དང་རྒྱུན་ལས།  ཡུན་ནན་ཞིང་ཆེན་ཆོས་ལུགས་ཀྱི་སྐུ་ཚབ་མི་སྣ། རྒྱ་ནག་ཆོས་ལུགས་མཐུན་སྦྱོར་ཚན་ཁག་གི་སྐུ་ཚབ། དགོན་གསལ་བཀྲ་ཤིས་བསམ་གཏན་གླིང་གི་དགོན་བདག་བཅས་ཀྱི་ལས་སྣེ་གནང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

ཆུ་ཚོད་ ༥ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

ཆུ་ཚོད་ ༧ སྔོན་ལ།
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨

མཆན། 7

  1. ཐོས་དགའ། says:
    ལོ་ 17 སྔོན།

    བཅིངས་འགྲོལ་མ་ཐོབ་གོང་། ?????????????

    Reply
  2. karma dorje says:
    ལོ་ 17 སྔོན།

    རྒྱའི་ཆབ་སྲིད་པ་ཚོར།
    སྲིད་དེ་ཆབ་སྲིད་པས་བྱེད་བཞིན་པ་ལྟར་
    ཆོས་དེ་ཆོས་པས་འཛིན་དུ་བཅུག་ན་མི་མཛེས་སམ།

    ཆོས་ཀྱིས་སྲིད་དང་སྲིད་ཀྱིས་ཆོས་ལ་ཕན་ནུས་ཤོག །

    Reply
  3. ཛཱ་ཏི། says:
    ལོ་ 17 སྔོན།

    གོང་ནས་མར་བརྩིས་པའི་ཐིག་འཕྲེང་བཅོ་ལྔའི་ནང་དུ་འཁོད་དོན། རྒྱ་གཞུང་གིས་དགོན་པ་དང་ང་རང་སྤྲུལ་སྐུ་ཡིན་པའི་ངོས་ལེན་བྱེད་པར་ཧུར་བརྩོན་བྱས་ཤིང་། ཞེས་འཁོད་འདུག་ན། ཆོག་མཆན་མི་སྤྲོད་མཁན་དེ་སུ་ཡིན་ནམ།

    Reply
  4. དོན་གོ says:
    ལོ་ 17 སྔོན།

    གནོན་ཤུགས་གང་མང་་་་་་་་་་་་་བཅོས་རོགས།

    Reply
  5. དོན་གོ says:
    ལོ་ 17 སྔོན།

    སྤྲུལ་སྐུ་ཕྱག་རྟགས་ལེན་དོན་ནི་རྒྱ་ནག་གི་ཁོང་༧གོང་ས་མཆོག་གི་མདུན་ནས་དགེ་སློང་སྒྲུབ་པ་དང་རྒྱ་གར་ནས་སློབ་སྦྱོང་བྱས་མཐར། དགོན་པའི་དོ་དམ་སོགས་ཕྱོགས་ཡོངས་ནས་སྟངས་འཛིན་བྱས་པའི་དབང་གིས་རེད་བསམ། གང་ལྟར། དགོན་པ་དེའི་འཛུགས་སྐྲུན་ཆེད་ཁོང་ལ་སྔ་ཕྱི་བར་གསུམ་དུ་རྒྱ་ནག་གིས་གནོན་གང་མང་སྤྲད་ཡོད་འདུག

    ཡིན་ཡང་། ཁོང་གི་དམིགས་ཡུལ་གཙོ་བོ་འདི་ནས་བོད་ཀྱི་ལོ་རྒྱུས་ལ་སློབ་སྦྱོང་དང་༧གོང་ས་མཆོག་གི་མདུན་ནས་གསུང་ཆོས་གང་མང་ཞུས་རྗེས་ཕྱིར་ཕ་ཡུལ་དུ་ལོག་ཏེ་དོལ་རྒྱལ་བསྟེན་མཁན་རྣམས་ལ་སློབ་གསོ་རྒྱག་རྒྱུ་དང་༧གོང་ས་མཆོག་གི་བཀའ་དགོངས་བཞིན་རྡོག་རྩ་གཅིག་སྒྲིལ་ཡོང་ཆེད་ནུས་པ་འདོན་རྒྱུ་དེ་ཡིན་ཟེར།

    Reply
  6. རྭ་ལོ། says:
    ལོ་ 17 སྔོན།

    སྤྱིར་བཏང་རྒྱབ་སྐྱོར་ཡོད། ཡིན་ཡང་། ང་ལ་སྤྲུལ་སྐུའི་ཕྱག་རྟགས་ཤིག་རག་ཆེད་དུ་ཡོང་བ་ཡིན་ལབ་ན་ཁྱད་མཚར་བོ་ཞིག་མ་རེད་དམ།

    Reply
  7. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    དགོན་པ་བླ་མར་དབང་རྒྱུ་ཕར་ཞོག རང་གི་ལུས་པོ་རང་ལ་མི་དབང་བའི་སྐབས་འདི་འདྲ་ཞིག་ལ། དངོས་ནས་བོད་པ་ང་ཚོ་སུ་ཡིས་སྙིང་རྗེ་བྱེད་རྒྱུར་སྒུག་དགོས་པ་ཞིག་དྲན་གྱི་མི་འདུག དེ་ལས་རང་གི་འགུལ་བསྐྱོད་བྱེད་མཁན་གྱི་སྤུན་ཟླ་འདི་ལྟ་བུ་དག་བསྐྱེད་སྲུང་བྱེད་རྒྱུར་འབད་དགོས་ཀྱི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese