མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏཱ་ལའི་བླ་མ་རྩེད་ཐང་།

བོད་ཀྱི་དུས་བབ།
༢༠༡༠/༠༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཀོ་སི་ཊ་རི་ཀ་རྒྱལ་ཁབ་ཏུ་༧གོང་ས་མཆོག་གི་མཚན་ཐོག་ནས་རྩེད་ཐང་ཆེན་པོ་ཞིག་རྒྱག་འཆར་ཡོད་པ་དེར་རྒྱ་གཞུང་གིས་ངོ་རྒོལ་བྱས་ཡོད་འདུག
   
ཕྱི་ཚེས་ ༢༢ ཉིན་ Latin American Herald Tribune  ཞེས་པས་གནས་ཚུལ་སྤེལ་བ་ལྟར་ན། ཀོ་སི་ཊ་རི་ཀའི་སྲིད་འཛིན་འོས་མི་ཨོ་ཊོན་སོ་ལེ་སི་ Otton Solis  མཆོག་གིས་སཱན་ཇོ་སི་ San jose ས་ཁུལ་དུ་རྩེད་ཐང་ཞིག་རྒྱག་བཞིན་པ་དེའི་མིང་ལ་ཏཱ་ལའི་བླ་མ་རྩེད་ཐང་ཅེས་མཚན་འདོགས་རྒྱུ་ཡིན་ཚུལ་གསུངས་པ་དེར་རྒྱ་གཞུང་གིས་ངོ་རྒོལ་བྱས་ཡོད་འདུག་ལ། དེ་ནི་རྒྱལ་ཁབ་གཉིས་བར་གྱི་ཐུན་མོང་གི་འདོད་པ་མིན་ཚུལ་རྒྱ་ཕྱོགས་ནས་བཤད་ཡོད་འདུག

ཡུལ་དེའི་མི་མང་ལས་འགུལ་ཚོགས་པའི་ཚོགས་གཙོ་ ཨོ་ཊོན་ སོ་ལེ་སི་མཆོག་གིས། ཡུལ་དེའི་དཔལ་འབྱོར་གྱི་རྟེན་ས་ཞན་པས་ཁོང་གིས་རྩེད་ཐང་དེ་༧གོང་ས་མཆོག་གི་མཚན་ཐོག་ནས་རྒྱག་རྒྱུ་ཡིན་ཚུལ་བརྗོད་རྗེས།  རྒྱ་ནག་ཕྱི་སྲིད་བློན་ཆེན་གྱིས་ཕྱི་ཚེས་ ༢༡ ངོ་རྒོལ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྩེད་ཐང་དེས་རྒྱ་ནག་དང་ ཀོ་སི་ཊ་རི་ཀ་རྒྱལ་ཁབ་གཉིས་ཀྱིས་མཛའ་འབྲེལ་མཚོན་ཐུབ་ཀྱི་ཡོད་ཅེས་བརྗོད་འདུག་ལ། རྒྱ་གཞུང་གིས་རྩེད་ཐང་གསར་རྒྱག་དེའི་ཆེད་ཨ་སྒོར་ས་ཡ་ ༨༣ ལྷག་གི་རོགས་རམ་བྱས་ཡོད་འདུག

རྩེད་ཐང་དེར་རྐུབ་སྟེགས་ ༣༥༠༠༠ ལྷག་ཡོད་པ་མ་ཟད། དེར་རྩེད་མོའི་རིགས་ ༣༢ ལྷག་གི་ལས་ཁུངས་མ་ལག་བཙུགས་ཡོད་པ་དང་། རས་ཡོལ་བརྙན་པར་དང་རྩེད་རིགས་འགྲེམ་སྟོན་ཁང་།  དེ་མིན་གྱི་རྩེད་མོའི་རིགས་ཀྱི་རྣམ་གྲངས་མང་པོ་ཞིག་ཡོད་པ་རེད། ཡུལ་དེའི་མགོ་ཁྲིད་ཚོས་བརྗོད་ན། འཆར་ལོའི་ཟླ་ ༢ དང་ ༣ པའི་བར་རྩེད་ཐང་དབུ་འབྱེད་བྱ་འཆར་ཡོད་ལ། སྐབས་དེར་རྒྱ་ནག་དང་ཡུལ་དེའི་བར་རྐང་སྤོལ་འགྲན་བསྡུར་ཐོག་མ་དེ་བྱ་རྒྱུ་ཡིན་འདུག དེ་བཞིན་དུ་རོལ་དབྱངས་འདུ་འཛོམས་དང་རྩེད་རིགས་གཞན་པ་སོགས་ཀྱང་འགྲན་བསྡུར་བྱ་རྒྱུ་ཡིན་འདུག 

  རྩེད་ཐང་ལས་འཆར་དེ་ནི་ཕྱི་ལོ་ ༢༠༠༧ ལོའི་རྗེས་ཀྱི་ཡུལ་གཉིས་བར་ལ་འབྲེལ་བ་བསྐྱར་གསོ་བྱས་པ་ཐོག་མ་དེ་ཆགས་ཡོད་འདུག ༧གོང་ས་མཆོག་ཡུལ་དེར་ཐེངས་གཉིས་ལ་ཆིབས་བསྒྱུར་གནང་ཡོད་པ་མ་ཟད།  ཡུལ་དེའི་སྲིད་འཛིན་ Oscar Arias Sanchez  ཨོ་སེར་ཨ་རེད་སི་ སེན་ཆེ་ཛི་མཆོག་ནི་༧གོང་ས་མཆོག་གི་བློས་ཐུབ་ཀྱི་གྲོགས་པོ་ཞིག་རེད་འདུག་ལ།  ཕྱི་ལོ་ ༡༩༨༧ ལོར་ཁོང་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་ཐོབ་ཡོད་འདུག ཕྱི་ལོ་ ༢༠༠༤ ལོར་༧གོང་ས་མཆོག་ཡུལ་དེར་ཕེབས་ནས་སྲིད་འཛིན་དང་མཇལ་འཕྲད་གནང་ཡོད་འདུག  ཕྱི་ལོ་ ༡༩༨༦  ནས་ ༡༩༩༠ ལོ་བར་ཁོང་གིས་ཡུལ་དེའི་སྲིད་འཛིན་གྱི་འགན་ཁུར་ཡོད་པར་མ་ཟད། ཕྱི་ལོ་ ༢༠༠༦ ལོར་ཡང་སྲིད་འཛིན་ལ་བསྐྱར་དུ་འོས་འདེམས་བྱུང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་ (Geneva Forum 2026) ཀྱི་མཇུག་སྡོམ་མཛད་སྒོ་སྐབས། པར་བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༦།༢།༡༠
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་སྟེང་༧གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་བ་ནས་མེད་པ་གསལ་འདེབས་གནང་།

སྐར་མ ༡༡ སྔོན་ལ།
༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

༢༠༢༦/༠༢/༡༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

༢༠༢༦/༠༢/༡༠
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

༢༠༢༦/༠༢/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༢/༠༩

མཆན། 9

  1. རིག་འཛིན། says:
    ལོ་ 16 སྔོན།

    དེང་སང་བདེན་དོན་ལ་རྒྱབ་སྐྱོར་གནང་མཁན་འཛམ་ག་སར་ཇེ་མང་དུ་འགྲོ་བཞིན་ཡོད་པས་་ད་རེ་གོང་ས་མཆོག་གི་མཚན་ཐོག་ཏུ་རྩེད་ཐང་ཞིག་བཟོ་འཆར་ཡོད་པ་འདིས་་་་ང་ཚོའི་བདེན་པ་ཡོད་པའི་མཚོན་རྟགས་གསལ་པོ་ཞིག་རེད་སྙམ།།

    Reply
  2. རིག་འཛིན། says:
    ལོ་ 16 སྔོན།

    ་བདེན་དོན་ལ་རྒྱབ་སྐྱོར་བྱེད་མཁན་དེང་སང་གོ་ལ་འདིའི་སྟེང་དུ་ཇེ་མང་དུ་འགྲོ་བཞིན་ཡོད་པས་་་ད་རེ་གོང་ས་མཆོག་གི་མཚན་ཐོག་ཏུ་རྩེད་ཐང་གཅིག་བཟོ་འཆར་ཡོད་པ་འདིས་ང་ཚོར་བདེན་པ་ཡོད་པའི་མཚོན་རྟགས་གསལ་པོ་ཞིག་རེད།

    Reply
  3. karma dorje says:
    ལོ་ 16 སྔོན།

    ༸ཏཱ་ལའི་བླ་མའི་མཚན་དོན།

    ཏཱ་ལའི་དོན་ནི་རྒྱ་མཚོ་ཡིན། །
    ཏཱ་ལའི་མཚོན་དོན་བོད་དོན་ཡིན། །
    ཏཱ་ལའི་གཅིག་ཉིད་མགོན་དང་དཔུང་། །
    ཏཱ་ལའི་ཞི་བདེའི་སྲོག་དང་ཟུངས། །

    བླ་ཞེས་བྱ་བ་གོང་ན་མེད། །
    མར་གྱུར་སེམས་ཅན་ཐམས་ཅད་དོན། །
    བླ་ནས་གོང་བླར་སྤེལ་བ་ལ། །
    མ་ལྟར་སྐྱོང་མཁས་ཀུན་གྱི་མ། །

    ༸ཏཱ་ལའི་མཚན་གྱིས་གྲོལ་གྱུར་ཅིག །

    Reply
  4. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    ཏཱ་ལའི་བླ་མ་རྩེད་ཐང་ལབ་ན་མི་འགྲིག་གི་སྙམ།

    Reply
  5. རྒྱ་རགས། says:
    ལོ་ 16 སྔོན།

    འཛམ་གླིང་མི་མང་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་མཁན་གྱི་མིའི་མཚན་ཀྱིས་དེ་ལྟར་བཏགས་ཆོག་གི་མེད་ན། འོ་ན། འཛམ་གླིང་མི་མང་ལ་མགོ་སྐོར་དང་། གཡོ་ཁྲམ་གྱིས་ཤུགས་རྐྱེན་ཆེན་པོ་སྤྲོད་མཁན་གུང་ཁྲན་ཏང་གི་མིང་ཐོག་ནས་བཏགས་ཏེ་༼གུང་ཁྲན་ཏང་རྩེད་ཐང༽་ངམ་༼ཀྲུང་གོའི་རྩེད་ཐང༽་ཞེས་ཐོགས་ཤིག

    Reply
  6. ཆབ་ཚང་འཇམ་དཔལ། says:
    ལོ་ 16 སྔོན།

    ཏཱ་ལའི་བླ་མའི་རྩེད་ཐང་ཟེར་དགོས་པ་ལས། ཏཱ་ལའི་བླ་མ་རྩེད་ཐང་ཟེར་མི་རུང།

    Reply
  7. ཐོས་དགའ། says:
    ལོ་ 16 སྔོན།

    རྒྱ་འདྲེས་ངོ་རྒོལ་བྱས་མིན་ལ་མ་བལྟོས་པར་རྩེད་རྭའི་མིང་དེ་རང་ལ་གནས་པ་གནང་རོགས།

    Reply
  8. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ཨོ་རེད། ད་དུང་། ༧གོང་ས་མཆོག་གི་མཚན་ཐོག་ནས་རྩེད་ཐང་དེ་འདྲ་ཞིག་བྱེད་འཆར་ཡོད་ན། ༧གོང་ས་མཆོག་ལ་ཁོང་ཚོས་བཀའ་འདྲི་བྱས་ཡོད་མེད་དེ་ནི་དངོས་ནས་ཤེས་དགོས་པ་ཞིག་རེད།

    Reply
  9. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    གཞན་གྱིས་ས་ཐོག་ནས་གཞན་གྱིས་རྩེད་རིགས་བྱེད་སའི་སྟེགས་པུ་དེ་ཚོ་ལ་ཡང་། རྒྱ་ནག་གཞུང་གིས་ཚོད་འཛིན་བྱེད་ཐུབ་སོང་བ་ཡིན་ན། ད་ནི་དངོས་ནས་རྒྱ་ནག་གི་ཚད་འཛིན་བྱེད་སྟངས་དེ་ནི་ཧ་ལས་པའི་ཚད་མཐོན་པོ་ཞིག་ལ་སླེབས་ཀྱི་ཡོད་རྟགས་རེད། དེ་འདྲ་ཞིག་ལ་ཆགས་པ་ཡིན་དུས། བོད་དོན་ཟེར་བ་དེ་ནི་རླུང་ནང་གི་མར་མེ་ལྟ་བུ་ཆགས་ཀྱི་ཡོད་པ་དེ་བོད་པ་ཚོ་དང་བོད་དོན་ལ་ཁ་ཞེ་གཉིས་མེད་ཀྱི་རོགས་རམ་བྱེད་མཁན་འཛམ་གླིང་འདི་ན་སུ་ཡོད་པ་དག་ལ་ངོ་རྒོལ་བྱས་པ་དང་བརྡ་ཞིག་བརྒྱབས་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese