མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གླུ་བ་བཀྲ་ཤིས་དོན་འགྲུབ་ལ་ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༡༠/༠༡/༢༨
Share on FacebookShare on TwitterShare on EmailShare on Whatsapp
 
སོག་ཕྲུག་གླུ་བ་བཀྲ་ཤིས་དོན་འགྲུབ་ལ་ཆབ་སྲིད་དང་འབྲེལ་བའི་གཞས་བཏང་བའི་ཉེས་མིང་འོག་ལོ་གཅིག་དང་ཟླ་བདུན་ལྷག་གི་ཁྲིམས་ཐག་བཅད་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འདི་གའི་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་སོག་རྫོང་ནས་ཡིན་པའི་གླུ་བ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས། ཕྱི་ལོ་ ༢༠༠༨ ལོར་ཁོང་གི་རོགས་པ་སྐོར་ཞིག་དང་མཉམ་དུ་   ༼གཡུ་མཚོ་སྔོན་མོའི་རླབས་སྒྲ་ ༽ ཞེས་པའི་འོད་སྡེར་ཞིག་བཏོན་པའི་ནང་། ༼ ང་བརྒྱད་ལོ་དང་ཉིས་སྟོང་བརྒྱད་ལོ་ ༽ ཞེས་པའི་གཞས་ཞིག་བཏང་བར་རྒྱ་གཞུང་གིས་ཁོང་གི་གཞས་དེ་ཆབ་སྲིད་དང་འབྲེལ་བའི་གཞས་ཡིན་པར་ངོས་འཛིན་གྱིས་འོད་སྡེར་དེའི་ནང་དུ་འཇུག་པར་བཀག་འགོག་བྱས་ཡོད་པ་དང་།  ༢༠༠༩ ལོར་ཁོང་གིས་ཡང་བསྐྱར་ ༼ རྨ་ཁ་མེད་པའི་གཅར་རྡུང་ ༽ ཞེས་པའི་རྡུང་ལེན་འོད་སྡེར་ཞིག་གསར་དུ་བཏོན་པར་རྐྱེན་བྱས་ཏེ། ཁོང་ལ་སྔ་གཞུག་ཏུ་འོད་སྡེར་བཀྲམས་པར་བཀག་འགོག་དང་འཛིན་བཟུང་བྱ་རྒྱུའི་གསལ་བསྒྲགས་བྱས་སྟབས། ཁོང་རང་གི་ཕ་ཡུལ་ནས་འདུག་མ་ཐུབ་པར་ས་གནས་གཞན་པར་མྱུལ་ནས་འདུག་དགོས་བྱུང་ཡོད།
 ༢༠༠༩ ལོའི་ཕྱི་ཟླ་ ༡༢ པའི་ཚེས་  ༣ གྱི་དགོང་མོའི་དུས་ཚོད་ ༧ དང་ཕྱེད་ཀའི་སྟེང་ཟི་ལིང་གྲོང་ཁྱེར་གྱི་ཟ་ཁང་ཞིག་ཏུ་ཟ་མ་བཟའ་སྐབས། རྨ་ལྷོ་ཡུལ་རྒན་ནས་ཡོང་བའི་ཉེན་རྟོག་པ་གཉིས་ཀྱིས་རྒྱུ་མཚན་ཅི་ཡིན་འགྲེལ་བརྗོད་ཅི་ཡང་མེད་པར་འཛིན་བཟུང་བྱས་འདུག  འཛིན་བཟུང་བྱས་རྗེས་ཟླ་ ༢ མ་ཟིན་ཙམ་ལ་ཟི་ལིང་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་བཀག་སྐྱིལ་བྱས་ཏེ་མནར་གཅོད་ཚད་མེད་བཏང་འདུག་ལ། སྐབས་དེ་དག་ཏུ་ནང་མི་སྤུན་ཟླ་དང་གཉེན་ཉེ་གྲོགས་པོ་སུ་ལའང་ཐུག་འཕྲད་བྱས་བཅུག་མི་འདུག་ཟེར། རྗེས་སུ་ཟི་ལིང་ནས་རྨ་ལྷོ་སོག་རྫོང་གི་བཙོན་ཁང་དུ་གནས་སྤར་སྐབས་གདོང་ཡོངས་ལ་རྨ་ཁ་བཟོས་ཡོད་ཚུལ་ཡང་བརྗོད་འདུག ཉེ་ཆར་སོག་རྫོང་མི་དམངས་ཁྲིམས་ཁང་གིས་ཁོང་ལ་ཆབ་སྲིད་དང་འབྲེལ་བའི་གཞས་བཏང་བའི་ཉེས་མིང་འོག་ལོ་ ༡ དང་ཟླ་ ༧ རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
གནས་ཚུལ་འབྲེལ་བརྗོད་པའི་མུ་མཐུད་བརྗོད་དོན། ཁོང་ལ་ཁྲིམས་བཅད་ཀྱི་ཚེ་གྲངས་གསལ་བོ་མི་ཤེས་ཀྱང་།  བཀྲ་ཤིས་དོན་འགྲུབ་ལགས་ལ་ཁྲིམས་ཐག་མ་བཅད་པའི་ཡར་སྔོན་དུ་ཕ་རྒན་ལ་ཐུག་འཕྲད་ཀྱི་གོ་སྐབས་ཤིག་སྤྲད་ཡོད་ཚུལ་འདུག་ལ། ཁྲིམས་ཐག་བཅད་པའི་ཉིན་མོར་ཁོང་གི་ནང་མི་གཉེན་འབྲེལ་སོགས་མི་ ༤༠ ལྷག་ཡོང་ཡོད་ཀྱང་། ཡང་བསྐྱར་ཕ་རྒན་ལས་གཞན་སུ་གཅིག་ཀྱང་ཁྲིམས་རྭར་ཡོང་བཅུག་མེད་པ་དང་། ཁྲིམས་རྩོད་པ་སོགས་རྒྱབ་རྟེན་ཅི་ཡང་མེད་པའི་ཐོག་ཁོང་ལ་ཁྲིམས་ཆད་བྱས་ཡོད་ཚུལ་བརྗོད་བྱུང་།
ད་ལྟའི་ཆར་ཁོང་རྨ་ལྷོ་སོག་རྫོང་གི་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་དང་། མི་སྣ་ཐུག་འཕྲད་ཀྱི་གོ་སྐབས་མེད་ནའང་ནམ་རྒྱུན་གྱི་གཟའ་ཕུར་བུ་ཉིན་ཟས་རིགས་སོགས་མཁོ་སྤྲོད་བྱེད་ཆོག་གི་ཡོད་པའི་གནས་ཚུལ་ཡང་འགྲེལ་བརྗོད་གནང་བྱུང།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 5

  1. ཀླུ། says:
    ལོ་ 17 སྔོན།

    ཨ་ཇོ་རྒྱང་ནས་མ་ཕེབས་དྲན་གདུང་གཅིག
    མི་རིགས་མཐུན་སྒྲིལ་དམན་པ་སྐྱོ་སྡུག་གཉིས།
    བོད་ལ་རང་དབང་མེད་པའི་བཙན་འཛུལ་གསུམ
    འདི་གསུམ་རྨ་ཁ་མེད་པའི་གཅར་རྡུང་རེད།

    ཕ་ནོར་ཕྱི་ལ་ཤོར་བའི་འགྱོད་པ་གཅིག
    རང་བྱུང་གཏེར་ཁ་མ་དབང་སྡུག་བསྔལ་གཉིས།
    རྩ་རྒྱུ་སྒོ་རྒྱུ་བཅད་པའི་ཐབས་ལམ་གསུམ།
    འདི་གསུམ་རྨ་ཁ་མེད་པའི་གཅར་རྡུང་རེད།

    ཕ་མའི་བྱམས་བརྩེ་མ་དབང་སྡུག་བསྔལ་གཅིག
    ཕུ་ནུའི་ནང་གཏམ་མ་གོ་སྐྱོ་སྡུག་གཉིས།
    རུ་སྡེ་འཕྱ་མྱོད་བྱེད་པའི་སེམས་སྡུག་གསུམ།
    འདི་གསུམ་རྨ་ཁ་མེད་པའི་གཅར་རྡུང་རེད།

    Reply
  2. ཨ་རིག་དགེ་མཐོང་། says:
    ལོ་ 17 སྔོན།

    བོད་ནང་ནས་གླུ་འདི་ལྟ་བུ་མ་དགོས་མི་རིགས་ཀྱི་ཆེད་དུ་ཀུ་གཅིག་བཏབ་ན་ཡང་གཟི་བརྗེད་རེད། ཁོང་གི་གླུ་ཚིག་དག་དོ་རྡོར་གདན་ནས་རྒྱ་གར་འོད་སྡེར་བཙོང་མཁན་དག་གི་རྣ་་ལམ་དུ་འཇགས་ཡོད་ཁོ་ཐག་ཡིན།

    Reply
  3. ཨ་མྱེ་རྫ་རྒྱ་ says:
    ལོ་ 17 སྔོན།

    ད་ལྟོས་དང་གནས་ཚུལ་དེ་གོ་མ་ཐག་ཏུ་ང་ཚོ་ཚང་མའི་སྙིང་ལ་ལྕགས་འཛེར་ཟུག་པ་ལྟ་བུ་ཞིག་མ་རེད་དམ། བོད་མི་ཞིག་གིས་གཞས་ཞིག་བཏང་ན་ལོ་ངོ་ཁ་ཤས་ལ་མུ་ནག་བཙན་ཁང་དུ་བཅུག་པ་མ་ཟད་བོད་མི་ཉེས་མེད་ལ་ཉེས་བཙུར་བྱས་འདུག
    ད་ག་རེ་བྱས་ན་ལགས་ཚང་མའི་ཐུགས་བསམ་གནང་རོགས།

    Reply
  4. aonca says:
    ལོ་ 17 སྔོན།

    གླུ་བ་ཁོང་སྙིང་རེ་རྗེ།
    དེ་དང་དེ་མཚུངས་ཀྱི་བོད་མི་ཉེས་མེད་ཚོ་ངོ་མ་སྙིང་རེ་རྗེ་ཡི་ནེ།
    ལེགས་ཉེས་གང་བྱས་རུང་རྒྱ་ནག་གིས་དག་དག་བཟོ་གི་རེད།
    ངོ་མ་བོད་མི་ཚོ་སྙིང་རེ་རྗེ།

    Reply
  5. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    གླུ་སྐད་སྙན་མོས་བོད་དོན་བླངས་སོང་།།
    རྒྱ་དམར་གཞུང་གི་སྙིང་ལ་ཕོག་སོང་།།
    གླུ་བ་གསར་བུ་རྒྱ་ཡིས་བཟུང་སོང་།།
    ལོ་གཅིག་ཕྱེད་ཀྱིས་བཙོན་བཅུག་བྱས་སོང་།།

    སྒང་བ་བོད་མིས་ཁྱོད་རང་ཤེས་སོང་།།
    འཛམ་གླིང་ཡུལ་གྲུ་གང་སར་བསྒྲགས་སོང་།།
    ཕ་རིང་བུ་ལ་བྱས་རྗེས་བཞག་སོང་།།
    ཨ་མར་སྐྱེས་པའི་དོ་གོ་ཆོད་སོང་།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese