མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་ཚེའི་བྱས་རྗེས་ཀྱི་གཟེངས་རྟགས།

བོད་ཀྱི་དུས་བབ།
༢༠༡༠/༠༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་རྒྱལ་ཡོངས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ང་བདུན་གྱིས་མི་ཚེའི་བྱས་རྗེས་ཀྱི་གཟེངས་རྟགས་ཤིག་བོད་མིའི་རང་དབང་འཐབ་རྩོད་པ་དང་རྩོམ་པ་པོ་དང་བསྟན་འཛིན་བརྩོན་འགྲུས་ལགས་ལ་སྤྲད་ཡོད་འདུག

རྒྱ་གར་རྒྱལ་ཡོངས་ནང་ལོ་རེར་ཐེངས་རེ་སྐོང་ཚོགས་གནང་བཞིན་པ་ལྟར། འདི་ལོའི་མི་སེར་སྤྱི་ཚོགས་ཀྱི་ཚོགས་འདུ་ Civil Society Summit ཞེས་པ་དེ་རྒྱ་གར་རང་བཙན་ཐོབ་སྟེ་ལོ་འཁོར་ ༦༡ འཁོར་བའི་དུས་དྲན་དང་སྟབས་བསྟུན་ཏེ། རྒྱ་གར་རྒྱལ་ཡོངས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་ ༥༧ མཉམ་རུབ་ཀྱིས་ཉིན་གསུམ་རིང་རྒྱ་གར་གྱི་གྲོང་ཁྱེར་བྷང་ལོར་རུ་སྐོང་འཚོགས་གནང་ཡོད་པ་རེད།  ཚོགས་འདུའི་སྟེང་གཞུང་འབྲེལ་མིན་པའི་ཚོགས་པ་ ༥༧ གྱིས་སྤྱི་ཚོགས་ནང་དང་བླངས་ཀྱི་ཞབས་ཞུ་བསྒྲུབ་མཁན་མི་སྣ་དེ་དག་ལ་འཕྲད་པའི་དཀའ་ངལ་དང་དེ་ལ་གདོང་ལེན་བྱེད་ཕྱོགས། ཁྲིམས་ལུགས་ཐོག་ཇི་ལྟར་ལག་ལེན་བྱེད་བཞིན་པའི་གནས་སྟངས། ཉེན་རྟོག་པའི་འཛིན་བཟུང་གི་གནས་སྟངས་གང་འདྲ་ཡིན་མིན། དེ་བཞིན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བར་གྱི་འབྲེལ་བ་གང་འདྲ་བྱས་ཏེ་ཉར་དགོས་མིན། མི་མང་ལ་གནས་ཚུལ་འགྲེལ་བཤད་ཇི་ལྟར་རྒྱག་དགོས་ཚུལ། ལྷག་པར་དུ་མི་མང་ཉམ་ཐག་གྱི་རིགས་ལ་ཞབས་ཞུ་བསྒྲུབ་བཞིན་པའི་ཚོགས་པའི་ལས་རིམ་སོགས་ཀྱི་ཐད་སྐོང་འཚོགས་གནང་བ་ཞིག་ཡིན་འདུག་ལ། དེའི་སྟེང་ད་ལྟའི་བར་མི་སྒེར་གྱི་ཐོག་ནས་སྤྱི་ཚོགས་ཞབས་ཞུ་པ་དང་རང་དབང་འཐབ་རྩོད་པ། འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་སོགས་མི་སྣ་བརྒྱད་ལ་ lifetime achievement award ཞེས་པའི་མི་ཚེའི་བྱས་རྗེས་གཟེངས་རྟགས་ཕུལ་ཡོད་པ་དང་། བོད་མིའི་རང་དབང་འཐབ་རྩོད་པ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་སུ་དམིགས་བསལ་མི་ཚེ་བྱས་རྗེས་ཀྱི་གཟེངས་རྟགས་ཕུལ་ཡོད་པ་རེད། 

ཐེངས་འདིའི་མི་ཚེའི་བྱས་རྗེས་གཟེངས་རྟགས་ཐོབ་མཁན་བསྟན་འཛིན་བརྩོན་འགྲུས་ལགས་སུ་འདི་གའི་གསར་གསར་འགོད་པས་ཁ་པར་བརྒྱུད་བཅར་འདྲི་བྱས་པར། ཁོང་གིས། ཐེངས་འདིར་རྒྱ་གར་རྒྱལ་ཡོངས་ཀྱི་གཞོན་སྐྱེས་ཁྲོད་མི་སྒེར་གྱི་ཐོག་ནས་སྤྱི་ཚོགས་ཞབས་ཞུ་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་ཕྱག་ལས་གནང་མཁན་གྱི་མི་སྣ་བརྒྱད་ལ་བྱ་དགའ་སྤྲད་སོང་ལ། ང་རང་ལ་ཡང་བོད་པའི་ཞི་བའི་འཐབ་རྩོད་ཁྲོད་མཉམ་ཞུགས་བྱས་ཏེ་མི་ལོ་ ༡༦ ལྷག་འགོར་ཡོད་པ་དེར་ངོས་འཛིན་གྱི་ཚུལ་དུ་དམིགས་བསལ་གྱི་མི་ཚེའི་བྱས་རྗེས་ཀྱི་གཟེངས་རྟགས་ཏེ་གནང་བྱུང། ང་ལ་མཚོན་ན་བོད་པ་ཞིག་ཡིན་པའི་ཆ་ནས་རང་དབང་འཐབ་རྩོད་བྱ་རྒྱུ་དེ་ང་རང་སྒེར་གྱི་ལས་འགན་ཨང་དང་པོ་ཆགས་ཡོད་པ་དང་། རྒྱ་གར་ལ་མཚོན་ན་སྔོན་མ་ནས་རང་དབང་འཐབ་རྩོད་ཀྱི་ལས་འགུལ་མང་པོ་སྤེལ་ཡོད་སྟབས། རང་དབང་འཐབ་རྩོད་ཀྱི་བྱ་བ་འདི་གལ་ཆེན་པོ་ཞིག་ཏུ་བརྩི་གིན་ཡོད་པ་རེད། ཐེངས་འདིར་ང་རང་བོད་པ་ཞིག་ཡིན་ཡང་རྒྱ་གར་སྤྱི་ཚོགས་ཀྱིས་ང་ལ་ངོས་འཛིན་འདི་འདྲ་ཞིག་གནང་བར་ཧ་ཅང་དགའ་སྤྲོ་སྐྱེས་ཡོད་ཅེས་བརྗོད་བྱུང།  

ཐེངས་འདིའི་མི་ཚེའི་བྱས་རྗེས་ཀྱི་གཟེངས་རྟགས་དེ་ནི། རྒྱ་གར་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ Sangama  དང་ openspace ཞེས་པའི་ཚོགས་པ་གཙོས་པའི་ཚོགས་པ་ཁག་ ༥༧ གྱིས་རྒྱ་གར་ལ་རང་བཙན་ཐོབ་ཡོད་ཀྱང་། ད་ལྟའི་ཆར་ཡང་རྒྱ་གར་སྤྱི་ཚོགས་ཁྲོད་ཀྱི་མི་མང་དཀྱུས་མར་རང་དབང་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་རང་དབང་མེད་པ་དེ་དག་ལ་འཐབ་རྩོད་བྱེད་མཁན་གྱི་མི་སྒེར་ལ་རྒྱབ་སྐྱོར་གྱི་ཚུལ་དུ་སྤྲད་པའི་གཟེངས་རྟགས་ཤིག་ཡིན་པ་དང་། སོན་ཆད་རྒྱ་གར་དབྱིན་ཇིའི་འོག་ཏུ་ཡོད་པའི་སྐབས་སུ་འཐབ་རྩོད་བྱེད་མཁན་དེ་དག་རང་བཙན་འཐབ་རྩོད་པ་ཡིན་པ་དང་། ད་ལྟའི་རྒྱ་གར་གཞུང་ལ་འཐབ་རྩོད་བྱེད་མཁན་དེ་དག་རང་དབང་འཐབ་རྩོད་པ་ཡིན་པའི་ངོས་འཛིན་ཐོག་སྤྲད་པ་ཞིག་ཡིན་འདུག  ཐེངས་འདིར་བོད་མི་རང་དབང་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལས་གཞན། མཱ་ནེ་པུར་ནང་གི་དམག་མིས་མི་སེར་ལ་ཁྲིམས་འགལ་གྱི་དཀའ་ངལ་སྤྲོད་བཞིན་པའི་ཐད་ཟས་བཅད་ངོ་རྒོལ་བྱས་ཏེ་ལོ་ ༦ འགྲོ་བཞིན་པའི་ལྕམ་ཨེ་རོམ་ཞར་མེ་ནཱ་དང་། རྒྱ་གར་གྱི་མངའ་སྡེ་ཆཱ་ཏི་སུ་གྷར་ཞེས་པའི་ནང་གི་ཤིང་ནགས་དཀྱིལ་དུ་བསྡད་པའི་མི་མང་པོ་ཞིག་ལ་གཞུང་ཕྱོགས་ནས་གནས་དབྱུང་བཏང་བའི་དཀའ་ངལ་སྤྲོད་བཞིན་པའི་ཐད་ངོ་རྒོལ་བྱེད་མཁན་ Himanshu ཧེ་མན་ཞོའུ་ཀོའུ་མན་བཅས་མི་ཚེ་ལ་རང་དབང་འཐབ་རྩོད་ཀྱི་ལས་ལ་འབད་ཀྱིན་པའི་མི་སྣ་བརྒྱད་ལ་གཟེངས་རྟགས་སྤྲད་ཡོད་པ་རེད།
 

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

ཁྱེད་བཞུད་ཤུལ་ན།

ཆུ་ཚོད་ ༡༡ སྔོན་ལ།
དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

༢༠༢༦/༠༧/༠༣
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

༢༠༢༦/༠༧/༠༣
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡

མཆན། 16

  1. ཚྭ་སྒང་ཕོ་ཉ། says:
    ལོ་ 16 སྔོན།

    བསྟན་འཛིན་བརྩོན་འགྲུས་ལ་གུས་པས་སྙིང་དབུས་ནས་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  2. གཅན་ཚ་དཔལ་ལྡན། says:
    ལོ་ 16 སྔོན།

    བསྟན་འཛིན་བརྩོན་འགྲུས་ལ་བཀྲ་ཤིས་བདེ་ལེགས་ཡོད། མི་ཚེའི་བྱས་འབྲས་གཟེངས་རྟགས་དེ་ཁོང་ལ་ཐོབ་པར་དགའ་བོ་བྱུང་། ངས་བསམ་པར་གཞིས་ཆགས་པའི་ནང་ད་དུང་ཡང་ཕྱི་ལ་བཏོན་མ་ཐུབ་པའི་ཤེས་ཡོན་ཅན་མང་པོ་ཞིག་ཡོད་ཀྱི་རེད་བསམ་གྱི་འདུག

    Reply
  3. གནམ་ལྕགས། says:
    ལོ་ 16 སྔོན།

    དང་བོར་བསྟན་འཛིན་བརྩོན་འགྲུས་ལགས་ལ་རྟེན་འབྲེལ་ཞུ། དེ་ནས་བསམ་ཚུལ་ཐུང་ངུ་ཞིག་ཞུ་འདོད་བྱུང་།

    རེབས་འདིའི་གསར་འགོད་པ་ལགས། ལེགས་བྱང་ལེགས་བྱང་ཞེས་པ་འདི་དོན་གྱིས་ཅི་ཞིག་ལ་གོ་དགོས། རང་རེའི་ཐ་སྙད་རིག་པའི་བང་མཛོད་དུ་ལེགས་བྱང་ཞེས་པ་མེད་པར་སྣང་། འདི་ནི་གངས་ཅན་སྐྱིད་གཤོངས་ཀྱི་སྐུ་ངོ་ཁ་ཤས་ཀྱིས་ནམ་རྒྱུན་བཤད་ཁུལ་བྱེད་ཀྱིན་ཡོད་མ་གཏོགས། དངོས་སུ་རང་རེའི་བསྟན་བཅོས་ཀྱི་ཐ་སྙད་ཅིག་མིན་པ་ནི་གསལ་བོ་ཡིན། འདིའི་རིགས་འགོད་སྐབས་རྣམ་དཔྱོད་ལྡན་པ་ཞིག་གི་ངང་ནས་གཏན་ལ་དབབ་རྒྱུ་ཤིན་ཏུ་གལ་ཆེ་བར་མཐོང་།

    Reply
  4. ཨ་ཁུ་སྟོན་པ། says:
    ལོ་ 16 སྔོན།

    བསྟན་འཛིན་བརྩོན་འགྲུས་ལགས་སུ་དགའ་སུ་ཡོད།། རང་བཙན་གྱི་བལྟ་དེ་འགྱུར་བ་མེད་པ་མུ་ཐུད་དེ་གནས་པར་ཤོག།།

    Reply
  5. ཁ་བ་ནག་པོ། says:
    ལོ་ 16 སྔོན།

    རིག་གཞུང་ལ་ལེགས་བྱང་ཞེས་བྲིས་ན་གོ་རྒྱུ་ཅང་མི་འདུག བོད་རང་ལ་ཡོད་པའི་རིག་གཞུང་ཞེས་པའི་མིང་ཚིག་འདི་རང་འཇགས་བེད་སྤྱོད་བཏང་ན་ལེགས། སྐད་འདི་སུས་གོ་ན་ཟམ་གདོང་བླ་མར་བཤད་རོགས།

    Reply
  6. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    lifetime achievement awardཞེས་པ་འདི་བོད་ཡིག་ཏུ་བསྒྱུར་སྟངས་འགྲིགས་མི་འདུག achievementཞེས་པ་འདི་ལེགས་འགྲུབ་དང་ལེགས་བྱས་ལེགས་བསྒྲུབས་སོགས་གང་རུང་ཞིག་ཏུ་བསྒྱུར་ན་ལེགས་པ་ལས་ལེགས་པར་བྱང་བའི་དོན་ཅིག་མེད་པ་འདྲ། ཟམ་གདོང་རིན་པོ་ཆེས་ལེགས་བྱང་ཟེར་དགོས་གསུངས་པ་དེ་cultureརེད་ལགས།

    Reply
  7. འཇམ་དབྱངས says:
    ལོ་ 16 སྔོན།

    བསྟན་འཛིན་བརྩོན་འགྲུས་ལགས་སུ་རྟེན་འབྲེལ་ཞུ།
    དོན་ཀྱི་ཡག་པོ་རེད་བཙན་བྱོལ་བོད་མིའི་གཞོན་སྐྱེས་ཚོའི་མིག་དཔེ་ལྟ་འོས་པའི་བྱས་རྗེས་རེད་།་མུ་མཐུད་དུ་ཕྱག་ལས་གནང་རོགས་ཞུ། ཁ་དྲོ་བཀྲ་ཤིས་།

    Reply
  8. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    བསྟན་འཛིན་བརྩོན་འགྲུས་ལས་ལྷག་པའི་བོད་དོན་ལ་སེམས་ཤུགས་ཅན་ཞིག་ད་བར་དུ་མཐོང་མ་མྱོང་། ང་ཚོ་ལ་ཡང་ཅིག་སྤྲད་རྒྱུ་ཡོད་ན་ཁོང་ལ་སྤྲོད་དགོས་ངེས་རེད།

    Reply
  9. karma dorje says:
    ལོ་ 16 སྔོན།

    མི་ཚེའི་ནང་ལ་ལག་སོན་གཟེངས་རྟགས་ཐོབ་པར་དགའ་བསུ་ཡོད། །

    Reply
  10. ཁ་བ་ནག་པོ། says:
    ལོ་ 16 སྔོན།

    གཅིག་བྱས་ན་ལེགས་བྱང་འདི་ཡང་ལེགས་སྦྱར་ལས་ཚུར་བསྒྱུར་པ་ཞིག་ཡིན་ལས་ཆེ།

    Reply
  11. ཁ་བ་ནག་པོ། says:
    ལོ་ 16 སྔོན།

    ལེགས་བྱང་ལས་ལག་རྗེས་དང་བྱས་རྗེས་ཟེར་བ་འདི་དག་ལ་གོ་རྒྱུ་ཆེན་པོ་ཞིག་མི་འདུག་གམ།

    Reply
  12. ཁ་བ་ནག་པོ། says:
    ལོ་ 16 སྔོན།

    ལེགས་བྱང་ཟེར་བ་འདིའི་དོན་ངོ་མ་ཅི་ཞིག་རེད། ལུས་རྩལ་པ་ཚོར་ལེགས་པོ་འདུག་ཟེར་བའི་བྱང་བུ་ཆུང་ཆུང་སྐེ་ལ་འདོགས་རྒྱུ་ཡོད་པ་དེ་འདྲ་ཞིག་རེད་དམ། གོ་ཚོད་ལ་ཐ་སྙད་གསར་བ་འདི་ཝ་ར་ན་སིའི་ལམ་ཁ་ཞིག་ནས་ནས་ཟམ་གདོང་ཚང་གིས་རྙེད་པ་རེད་ཟེར། ལེགས་བྱང་ཟེར་ན་ཁྱེད་ཀྱིས་གོ་བ་ཅི་ཞིག་ལེན་བཞིན་ཡོད། ལེགས་པོ་འདུག་དང་བྱང་ཆ་འདུག །ངས་ནི་འགྲེལ་བཤད་འདི་ཙམ་རྙེད། །

    Reply
  13. ཨུ་ཚུགས་ཅན། says:
    ལོ་ 16 སྔོན།

    བསྟན་འཛིན་བརྩོན་འགྲུས་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ།
    འདི་ནི་དགའ་འོས་པའི་གཏམ་བཟང་ཞིག་རེད།

    Reply
  14. བྱམས་རྒྱལ། says:
    ལོ་ 16 སྔོན།

    བོད་མི་རང་དབང་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་སུ་བཀྲ་ཤིས་བདེ་ལེགས་ཡོད་
    ཁ་ཡོད་ལག་ཡོད་ཀྱི་དཀའ་ལས་རྒྱག་མཁན་ཁྱེད་འདྲ་བ་ནི་དམིགས་བསལ་རྒྱ་གར་ནང་སྐྱེས་འཚར་བྱུང་བའི་བོད་རིགས་གཞོན་ནུ་རྣམས་ཀྱི་མིག་དཔེ་ལྟ་ས་ཞིག་རེད་བསམ་གྱི་ཡོད་།
    ཐུགས་རྗེ་ཆེ་ཞུ།

    Reply
  15. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    འཚམས་འདྲི་ཡོད།

    Reply
  16. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    བོད་མི་བསྟན་འཛིན་བརྩོན་འགྲུས་ལགས་ལ་རྒྱ་གར་ནང་གི་མི་ཚེའི་ལེགས་བྱང་གི་དམིགས་བསལ་གཟེངས་རྟགས་ཞེས་པ་དེ་ཐོབ་པར་རྟེན་འབྲེལ་ཞུ།
    མུ་མཐུད་ནས་ཤུགས་སྐྱོན་རོགས་ཤེས་ཀྱང་སྐུལ་ལོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese