ཡོང་རྒྱུའི་ཉིན་ཟླའི་ནང་ང་ཚོས་རྒྱ་ནག་གཞུང་གིས་གླེང་སློང་བྱས་པའི་གནད་དོན་སྤྱི་དང༌། ལྷག་པར་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་གྲོས་རིམ་ཁག དེ་བཞིན་ “བྱེད་མི་རུང་བ་བཞི” བཅས་ལ་སློབ་སྦྱོང་བྱ་རྒྱུ་ཡིན། ཚོགས་གྲོས་སྐབས་ནན་ཞུ་བྱས་པ་ལྟར། རྒྱ་ནག་གི་དབུ་ཁྲིད་རྣམས་ཀྱིས་ཀྱང་ང་ཚོས་གླེང་སློང་བྱས་པའི་གནད་དོན་ཁག་གི་ཐོག་བསམ་ཞིབ་ནན་ཏན་གནང་བའི་རེ་བ་ལྷག་བསམ་རྣམ་དག་གིས་བྱེད་ཀྱིན་ཡོད། ཅེས་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་གསུངས་ཡོད།
བོད་རྒྱ་འབྲེལ་མོལ་ཐེངས་དགུ་བའི་སྐོར་གྱི་གནས་ཚུལ་ཁག་ཕྱི་ཚེས་ ༢ ཉིན་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་བསྐྱངས་ཡོད་ལ། གསལ་བསྒྲགས་དེའི་ནང་ཐེངས་འདིའི་གྲོས་མོལ་གྱི་ལས་རིམ་སྐོར་བཀོད་དོན། ང་ཚོས་པེ་ཅིང་དུ་ཕྱི་ཟླ་ ༡ ཚེས་ ༣༠ ཉིན་རྒྱ་ནག་རྒྱལ་ཡོངས་ཆབ་སྲིད་གྲོས་མོལ་ཚོཌ་འདུའི་གཙོ་འཛིན་གཞོན་པ་དང༌། དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་བློན་ཆེན་ཏུའུ་ཆིན་ལིན་མཉམ་ཟུར་ཚོགས་དང༌། ཕྱི་ཚེས་ ༣༡ ཉིན་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་རྒྱུན་ལས་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཆོན་དང་དང་བློན་ཆེན་གཞོན་པ་སྲི་ཐར་ལྷན་གྲོས་བསྡུར་བྱས། སྐབས་དེ་དག་ཏུ་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མིའི་ཚོགས་འདུའི་མགོ་འཛིན་གཞོན་པ་ཉི་མ་ཚེ་རིང་ཡང་མཉམ་ཞུགས་བྱས་ཡོད། ང་ཚོ་ཐོག་མར་ཧུའི་ནན་ཞིང་ཆེན་གྱི་རྒྱལ་ས་ཁྲང་ཧྲར་ཕྱི་ཟླ་ ༡ ཚེས་ ༢༦ ཉིན་འབྱོར་བ་དང༌། དེར་ང་ཚོའི་ལས་དོན་ཞུ་སྒོ་ཁག་མགོ་འཛུགས་མ་བྱས་གོང་དེ་སྔ་ཕྱི་ལོ་ ༢༠༠༨ ཟླ་ ༡༡ པར་འབྲེལ་མོལ་ཐེངས་བརྒྱད་པ་བསྐྱངས་སྐབས། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཕུལ་བ་དང་འབྲེལ་ཆགས་ཚིག་ཐོ་ཞིག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁང་ལ་འབུལ་ལམ་ཞུས་ཤིང༌། ཚིག་ཐོ་དེའི་ནང་དུ་དོན་ཚན་བདུན་འཁོད་ཡོད་པ་དེ་དག་གིས་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་རྒྱ་ནག་གི་མགོ་ཁྲིད་ཚན་ཁག་ནས་བཏོན་པའི་གཞི་རིམ་གྱི་གནད་དོན་ཁག་གི་ཐོག་གསལ་བཤད་དང་སྦྲགས། ད་ཡོད་འབྲེལ་མོལ་གྱི་ལས་རིམ་འདི་དག་འབྱུང་འགྱུར་ལམ་ཕྱོགས་གང་འདྲ་ཞིག་ཏུ་བསྐྱོད་དགོས་པ་བརྡ་སྟོན་བྱེད་པའི་སྒྲུབ་ཕྱོགས་ཀྱི་བསམ་འཆར་འགའ་ཤས་བཏོན་ཡོད། ཅེས་བཀོད་འདུག
ཐེངས་འདིར་རྒྱ་གཞུང་ལ་སྤྲད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་ཆར་དང་འབྲེལ་བའི་ཚིག་ཐོ་དེའི་ནང་དོན་ཁག་གསལ་བཤད་བྱས་དོན། ཚིག་ཐོ་དོན་ཚན་བདུན་པོ་དེ་དག་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁུལ་བདག་དབང་དང་ས་ཁུལ་གོང་བུ་གཅིག་གྱུར་ལ་བརྩི་སྲུང་བྱ་རྒྱུ་དང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བརྩི་སྲུང་བྱ་རྒྱུ། “རྒྱུན་འཁྱོངས་བྱེད་དགོས་པ་གསུམ་” ལ་བརྩི་སྲུང་ཞུ་རྒྱུ། རྒྱ་ནག་དབུས་གཞུང་གི་སྲིད་འཛིན་དབང་ཆ་དང༌། དེའི་རིམ་པ་བཅས་ལ་བརྩི་སྲུང་བྱ་རྒྱུ། རང་སྐྱོང་སྐོར་གྱི་བསམ་འཆར་ནང་གསལ་བའི་དབང་ཆ་དབྱེ་བགོ་དང་འབྲེལ་བའི་དམིགས་བཀར་དོན་གནད་གང་གི་ཐོག་རྒྱ་ནག་གཞུང་ལ་སེམས་འཚབ་ཡོད་ཁག གནད་དོན་སྙིང་པོ་ངོས་འཛིན་ཐུབ་པ་བྱ་རྒྱུ། དེ་བཞིན་གཉིས་སྨན་གྱི་ཐག་གཅོད་ཅིག་ཡོང་བར་ྋགོང་ས་མཆོག་ནས་མཐུན་འགྱུར་གནང་འདུན་ཡོད་སྐོར་སོགས་ཚུད་ཡོད། གོང་གསལ་ཚིག་ཐོའི་ནང་ྋགོང་ས་མཆོག་དང༌། བཙན་བྱོལ་གཞུང་གི་མགོ་ཁྲིད་མི་སྣ་གཞན་དག་ལ་སྒེར་གྱི་དགོས་འདུན་ཞུ་འཆར་གང་ཡང་མེད་པ་གསལ་སྟོན་བྱས་ཡོད། ྋགོང་ས་མཆོག་གི་ཐུགས་འཚབ་གནང་གཞི་གཙོ་བོ་བོད་རྒྱ་ཆེའི་མི་མང་གི་ཐོབ་ཐང་དང་བདེ་དོན་ཡིན། དེར་བརྟེན་ཐག་གཅོད་བྱ་དགོས་པའི་གཞི་རིམ་གྱི་གནད་དོན་ནི་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་དོན་དམ་གྱི་རང་སྐྱོང་ལག་ལེན་དོན་འཁྱོལ་བྱ་དགོས་པ་དེ་ཡིན་ཞིང༌། དེས་བོད་མི་ཚོར་སོ་སོའི་རྣམ་དཔྱོད་དང༌། དགོས་མཁོར་བསྟུན་ཏེ་རང་གིས་རང་ལ་འཛིན་སྐྱོང་བྱེད་ཐུབ་པ་ཞིག་ཡོང་རྒྱུ་རེད། ཅེས་བསྟན་འདུག
གསལ་བསྒྲགས་ནང་མུ་མཐུད་བཀོད་དོན། ྋགོང་ས་མཆོག་གིས་བོད་མི་མང་གི་ངོ་ཚབ་གནང་སྟེ་བཀའ་མོལ་གནང་གིན་ཡོད། ཁོང་དང་བོད་རྒྱ་ཆེའི་མི་མང་བར་ལོ་རྒྱུས་ཀྱི་འབྲེལ་བ་གཏིང་ཟབ་ཡོད་པ་དེ་དག་ཡོངས་སུ་ཡིད་ཆེས་ལ་གཞི་རྟེན་བྱས་ཡོད་པ་ཡིན། ྋགོང་ས་མཆོག་གིས་བོད་མི་མང་གི་ཁྲིམས་མཐུན་ངོ་ཚབ་མཚོན་ཐུབ་ཀྱིན་ཡོད་པ་དེ་ནི་རྩོད་དུ་མེད་པའི་གནས་ཚུལ་ཞིག་ཡིན་ལ། བོད་མི་རྣམས་ཀྱིས་ཀྱང་ཁོང་ཉིད་བོད་རྒྱ་ཆེའི་མི་མང་གི་སྐུ་ཚབ་བམ། མགྲིན་ཚབ་པ་དངོས་དེ་ཡིན་པའི་ལྟ་ཚུལ་འཛིན་གྱིན་ཡོད། དེར་བརྟེན་བོད་ཀྱི་གནད་དོན་ཐག་གཅོད་ཐུབ་པར་ྋགོང་ས་མཆོག་དང་འབྲེལ་མོལ་ཞུ་བའི་ཐབས་ཤེས་འདི་ཁོ་ནར་མ་བརྟེན་མཐུ་མེད་ཡིན་པའི་དངོས་དོན་འདི་ངོས་འཛིན་ཐུབ་པ་དགོས་རྒྱུ་གལ་ཆེན་པོ་ཡིན། ཅེས་དང་།
ད་རེས་ང་ཚོས་དོན་ཚན་འདི་ནན་བཤད་བྱས་པ་སྟེ། ྋགོང་ས་མཆོག་གིས་བོད་ཀྱི་རྩ་དོན་ཐོག་ཐུགས་ཁུར་བསྐྱེད་བཞེས་གནང་བ་ནི་གང་ཉིད་ྋསྐུ་སྒེར་གྱི་ཐོབ་ཐང་དང༌། ཆབ་སྲིད་ཀྱི་གོ་གནས་རྩོད་ཆེད་དམ། ཡང་ན་བཙན་བྱོལ་བོད་གཞུང་གི་ཁེ་ཕན་རྩོད་རྒྱུའི་ཐབས་ཤེས་བྱས་པ་ཞིག་མིན་པ་དེ་ཡིན། དེ་བཞིན་རྒྱ་ནག་གཞུང་གི་ཕྱོགས་ནས་ྋགོང་ས་མཆོག་ལ་ཁ་བྲལ་བ་ཞེས་མཚན་འདོགས་ཞུ་རྒྱུས་མཚོན་གཞི་མེད་ཁུངས་བྲལ་གྱི་སྐྱོན་བརྗོད་ཞུ་རྒྱུ་མཚམས་འཇོག་བྱ་དགོས་པ་དང༌། བོད་ཀྱི་དཀའ་རྙོག་ཐད་ རང་སྐྱོང་སྐོར་གྱི་བསམ་འཆར་གཞིར་བཟུང་གཉིས་མོས་ཀྱི་འགྲིག་ཐབས་ཤིག་འཚོལ་སླད་ཁོང་དང་མཉམ་ལས་གནང་དགོས་པའི་རེ་སྐུལ་ཞུས་པ་ཡིན། འདིས་བརྟན་ལྷིང་དང༌། ཆིག་བསྒྲིལ། འཆམ་མཐུན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱ་རྒྱུ་བཅས་འགན་སྲུང་བྱ་ཐུབ་ཀྱིན་ཡོད། ཅེས་བཀོད་འདུག
རྒྱ་གཞུང་གི་བྱེད་སྟངས་ཁག་ཅིག་ལ་མོས་མཐུན་དང་བསྔགས་བརྗོད་ཡོད་སྐོར་བཀོད་དོན། རྒྱ་ནག་གཞུང་གི་ཕྱོགས་ནས་ཁོང་ཚོའི་ལངས་ཕྱོགས་གསལ་སྟོན་ཆེད། “བྱེད་མི་རུང་བ་བཞི” ཞེས་པ་ཞིག་བཏོན་པར་མ་ཟད། བོད་དང་འབྲེལ་ཡོད་ཉེ་ལམ་གྱི་འགྱུར་འགྲོས་སྤྱི་དང༌། ལྷག་པར་གལ་ཆེའི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་སྐོར་ཞིབ་ཕྲའི་འགྲེལ་བཤད་གནང་སྐབས་བཞུགས་མོལ་ཚོགས་འདུའི་ཐོག་ནས་བོད་རང་སྐྱོང་ལྗོངས་ཟེར་བ་དང༌། བོད་རིགས་ས་ཁུལ་གཞན་དག་ཏུ་ཡོད་པའི་བོད་མིའི་འཚོ་ཐབས་སྤྱི་དང༌། ལྷག་པར་ཤེས་ཡོན་དང༌། སྨན་བཅོས་འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོབ་སོགས་མང་ཚོགས་ཀྱི་ཞབས་ཞུའི་ལས་རིགས་ཁག་ཡར་རྒྱས་གཏོང་རྒྱུའི་ཐག་གཅོད་བྱུང་སྐོར་བརྗོད་བྱུང༌། ང་ཚོས་བཞུགས་མོལ་ཚོགས་འདུའི་སྐོར་ཐོག་མའི་གནས་ཚུལ་ཐོས་པར་གཞིགས་ཏེ་བོད་མི་སྤྱི་དང༌། ལྷག་པར་གྲོང་གསེབ་ཁུལ་གྱི་བོད་མིའི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་གནད་དོན་ལ་བཀའ་བསྡུར་བྱུང་ཡོད་པ་དེར་དགའ་བསུ་ཞུས་པ་ཡིན། དོན་དངོས་ཐོག་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་བོད་རང་སྐྱོངས་ལྗོངས་དང༌། བོད་རིགས་ས་ཁུལ་གཞན་དག་བཅས་བོད་ཀྱི་ས་ཁུལ་ཡོངས་སུ་རྫོགས་པའི་ནང་འཛུགས་སྐྲུན་ཡར་རྒྱས་གཏོང་རྒྱུའི་གནད་དོན་སྐོར་བསམ་ཞིབ་གྲོས་བསྡུར་བྱས་ཡོད་པར་དགའ་བསུ་ཞུ་རྒྱུ་དང༌། བོད་ཀྱི་ས་ཁུལ་ཡོངས་རྫོགས་ངེས་པར་དུ་འཛིན་སྐྱོང་གོང་བུ་གཅིག་གི་འོག་བཅུག་སྟེ། དེ་དག་ཐོག་གཅིག་གྱུར་གྱི་སྲིད་བྱུས་ཤིག་ལག་བསྟར་བྱ་དགོས་པ་དེར་ང་ཚོས་ཡིད་ཆེས་བརྟན་པོ་བྱེད་ཀྱིན་ཡོད། གལ་སྲིད་ཆབ་སྲིད་ཀྱི་འབོད་ཚིག་ཁག་དོར་ཚེ། བཞུགས་མོལ་ཚོགས་འདུའི་ཐོག་བཀའ་བསྡུར་བྱུང་བའི་གནད་དོན་གལ་ཆེན་མང་པོ་ཞིག་ང་ཚོས་རང་སྐྱོང་གི་བསམ་འཆར་ནང་གསལ་སྟོན་བྱས་པའི་གཞི་རྩའི་བོད་མི་མང་གི་དགོས་མཁོ་ཁག་དང་གཅིག་མཚུངས་ཡིན་འདུག ཅེས་བཀོད་འདུག
གསལ་བསྒྲགས་ནང་མུ་མཐུད་དེ་ད་ལྟའི་འགལ་བ་ཆེ་ཤོས་དང་། འབྱུང་འགྱུར་ཕྱོགས་གཉིས་ཀྱིས་འབད་བརྩོན་འོག་དེ་དག་སེལ་ཐབས་བྱེད་ཕྱོགས་བསྟན་དོན། ཕྱོགས་གཉིས་བར་གྱི་འགལ་ཟླ་ཆེ་གྲས་ཤིག་ནི་ད་ལྟའི་བོད་ནང་གི་གནས་སྟངས་ཐད་ལྟ་ཚུལ་མི་མཐུན་པ་ཡོང་གི་ཡོད་པ་དེ་རེད། དེར་བརྟེན་དངོས་ཡོད་ཀྱི་གནས་སྟངས་ཐད་ཐུན་མོང་གི་ཤེས་རྟོགས་ཤིག་ཡོང་ཆེད་ང་ཚོས་དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ཐོག་ནས་ཐུན་མོང་གི་འབད་བརྩོན་བྱས་པ་བརྒྱུད་ས་གནས་ས་ཐོག་གི་གནས་སྟངས་ལ་བལྟ་ཞིབ་བྱེད་དགོས་པའི་བསམ་ཚུལ་བཏོན་པ་ཡིན། འདིས་ཕྱོགས་ཕན་ཚུན་གཉིས་ཀར་རང་རང་གི་རྩོད་གཞི་ལས་བརྒལ་ཏེ་འགྲོ་ཐུབ་པའི་ཕན་གྲོགས་བྱ་རྒྱུ་ཡིན། ཡོང་རྒྱུའི་ཉིན་ཟླའི་ནང་ང་ཚོས་རྒྱ་ནག་གཞུང་གིས་གླེང་སློང་བྱས་པའི་གནད་དོན་སྤྱི་དང༌། ལྷག་པར་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་གྲོས་རིམ་ཁག དེ་བཞིན་ “བྱེད་མི་རུང་བ་བཞི” བཅས་ལ་སློབ་སྦྱོང་བྱ་རྒྱུ་ཡིན། ཚོགས་གྲོས་སྐབས་ནན་ཞུ་བྱས་པ་ལྟར། རྒྱ་ནག་གི་དབུ་ཁྲིད་རྣམས་ཀྱིས་ཀྱང་ང་ཚོས་གླེང་སློང་བྱས་པའི་གནད་དོན་ཁག་གི་ཐོག་བསམ་ཞིབ་ནན་ཏན་གནང་བའི་རེ་བ་ལྷག་བསམ་རྣམ་དག་གིས་བྱེད་ཀྱིན་ཡོད། ཅེས་དང་།
ྋགོང་ས་མཆོག་གིས་སྔ་ཕྱི་བར་གསུམ་དུ་མ་འོངས་པའི་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་གནས་རྒྱུའི་བཞེངས་ཕྱོགས་གསལ་སྟོན་གནང་ཡོད་པར་བརྟེན། རྒྱ་ནག་གི་དབུ་ཁྲིད་རྣམས་ལ་ཆབ་སྲིད་ཀྱི་ཆོད་སེམས་ཡོད་ཚེ། གནད་དོན་འདི་དག་ཐོག་ཐུན་མོང་གི་གཞི་རྟེན་ཞིག་འཚོལ་མི་ཐུབ་པའི་རྒྱུ་མཚན་གང་ཡང་མེད་པར་ང་ཚོས་མཐོང་གི་ཡོད། འདིར་བསྐྱར་ནན་བརྗོད་རྒྱུ་ཞིག་ལ། ྋགོང་ས་མཆོག་གིས་བོད་མི་རིགས་ཚོར་བློ་སྤོབས་དང་ཆེ་མཐོང་བཅས་སླར་གསོ་ཐུབ་པ་དང༌། དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་ཆིག་སྒྲིལ་འགན་སྲུང་བྱེད་ཐུབ་པའི་ཆེད་དུ་རྒྱ་ནག་དབུས་གཞུང་དང་མཉམ་དུ་མུ་མཐུད་ཕྱག་ལས་གནང་རྒྱུའི་ཐུགས་འདུན་རྒྱུན་བཅངས་གནང་གིན་ཡོད། ཅེས་བཀོད་འདུག་ལ། མཇུག་མཐར། ཐེངས་འདིའི་ང་ཚོའི་མགྲོན་བདག་ཧུའེ་ནན་འཐབ་ཕྱོགས་གཅིག་གྱུར་ལས་ཁང་དང༌། པེ་ཅིང་འཐབ་ཕྱོགས་གཅིག་གྱུར་ལས་ཁང༌། དེ་བཞིན་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁང་བཅས་ཀྱིས་ང་ཚོར་སྐབས་བསྟུན་སྣེ་ལེན་མཐུན་འགྱུར་དམ་ཟབ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས། ཅེས་སོགས་བཀོད་འདུག
ཕྱོགས་ཞེན་དང་ཞོར་རྒྱུགས་ཁོ་ནས་མི་ཚེ་འདའ་བའི་གླེན་རྒན་འགའ་རེས་དུས་ནམ་ཡིན་ལ་སྐུ་ཚབ་ཚོར་ཁ་གཏོང་གིན་བསྡད་ཡོད། དོན་ངོ་མར་མི་འདི་ཚོའི་བློ་རྩེ་རྒྱ་ནག་ལ་ཕྱོགས་མ་མྱོང་བ་རེད་ལ་རྒྱ་ནག་གི་ཆབ་སྲིད་འགྲོ་སྟངས་དང་གཡོ་སྒྱུ་འགྱིང་གསུམ་ལ་རྒྱུས་མངའ་ཅི་ཡང་མེད་པ་ཚོ་རེད། མི་འདི་ཚོས་སྐུ་ཚབ་ཚོའི་སེམས་ཤུགས་གཅོག་ཨེ་ཐུབ་ལྟ་གིན་བསྡད་ཡོད། གལ་ཏེ། མི་འདི་ཚོ་རྒྱ་ནག་ལ་གཏོང་རྒྱུ་ན་མི་འདི་ཚོས་ཅི་ཞིག་ལབ་ཐུབ་ཀྱི་རེད།
སྐུ་ཚབ་ཚོ་
ཚུགས་ཀ་མེད་ཀྱང་སྡོག་པ་བྱས་ནས་ས་ཡ་དྲུག་གི་སྐུ་ཚབ་དག།
བོད་ལྭ་གོན་ནས་བོད་ཚུགས་བཏོད་དེ་བོད་ཀྱི་རྒྱལ་ས་གཉིས་བ་ནས།།
༧ཡིད་བཞིན་ནོར་བུར་མགོས་ཕྱག་འཚལ་སྟེ་དམ་བཅའ་ཁས་ལེན་བྱས་བ་དང་།།
ཟ་དང་འཐུང་དང་ཡིན་དང་མིན་སོགས་རྒྱ་སྐད་ཁ་ཤས་སློབ་ཞོར་ལ།།
བོད་ལྭ་ཕུད་ནས་རྒྱ་ལྭ་གོན་ཏེ་མཁའ་ལམ་བརྒྱུད་ནས་ཕེབས་སོང་ཟེར།།
གཞིས་བྱིས་གཉིས་ཀྱི་རེ་བ་ཤི་ཡང་རྣ་བས་ཡང་ཡང་ཉན་པ་ན།།
ཤ་རྩ་དཀར་ལ་ཤ་ཚུགས་ལེགས་པའི་རྒྱ་མོ་འགའ་ཡི་བསུ་བ་བཅས།།
རྒྱ་མཁར་སྨུག་པོའི་ནང་ལ་འཛུལ་རྗེས་ཟ་འཐུང་སྡེར་མའི་ཁྲོག་སྒྲ་ལས།།
བོད་མིའི་བདེ་སྡུག་བཤད་པའི་སྐད་ཆ་སུ་དང་གང་གིས་མ་གོ་ཟེར།།
༧ཡིན་བཞིན་ནོར་བུའི་གསལ་བཤད་བདུན་པོ་ཕར་ལ་འཕྲོད་པའི་བརྡ་ཙམ་དང་།།
མི་རུང་ཁ་ཤོར་བཞི་ཡི་ཐོག་ལ་ཐུགས་རྗེ་ཆེ་ཞུ་ཕུལ་བ་དང་།།
ལག་པ་གཉིས་ཀས་ཕོ་བ་སྐྱོར་ནས་ཟ་འཐུང་བླུགས་པའི་སྒྱེ་མོ་བཞིན།།
པེ་ཅིང་མཁར་ན་ཡོད་པ་འདྲ་པས་བདེ་མོ་སྐྱིད་པོ་ཡིན་པར་སྨོན།།
ཆབ་སྲིད་འཐབ་ཕྱོསག་གཅིག་གྱུར་པུའུ་ཡིས་ཁྱོད་ཚོར་སྐད་ལོག་ཨེ་བྱས་ཐལ།།
པུའུ་ཀྲང་གཞོན་པས་དཔའ་སྐད་འཐེན་སྐབས་ཆོས་སྐྱོང་སྲུང་མ་ཨེ་དྲན་ཐལ།།
སྐུ་ཚབ་རྣམས་ལ་སྐྲག་སྣང་སྐྱེས་ནས་རྒྱུད་པ་གཉིས་ཀ་ཨེ་འདར་ཐལ།།
བདག་དབང་བཤད་སྐབས་མགོ་བོ་རྨོངས་ནས་༧ཡིད་བཞིན་ནོར་བུ་ཨེ་དྲན་ཐལ།།
སྲིད་ཇུས་བཤད་སྐབས་མགོ་ཡོམ་འཁོར་ནས་རྔུལ་ཆུ་མང་བོ་ཨེ་བཞུར་ཐལ།།
རྒྱལ་ཁབ་ཞིག་གི་སྐུ་ཚབ་ཡིན་པས་རྒྱ་ཆེན་རྒྱས་བ་ཨེ་ཐུབ་ཐལ།།
ཡ་ཡ་ལེགས་སོ་ཐུགས་རྗེ་ཆེ་ལས་གཞན་པའི་ཚིག་འགའ་ཨེ་ཤོད་ཐལ།།
༧གོང་ས་མཆོག་ལ་མཚན་སྨོད་བྱེད་སྐབས་སྐྱུ་མོ་གཉེར་ནས་ཨེ་དཀའ་ཐལ།།
རྒྱ་མོ་ཚོ་ལ་རྒྱ་རྒྱོ་བརྒྱབས་ནས་གུང་གསེང་སྐྱིད་པོ་ཨེ་བྱུང་ཐལ།།
མོ་ཐེ་འཐུང་སྐབས་མི་རིགས་ཤིག་གི་བཀའ་དྲིན་ཡིན་པ་ཨེ་ཚོར་ཐལ།།
ཁྱོད་ཚོར་རྟག་ཏུ་རྙོག་དྲ་མི་འདུག་རྒྱུན་དུ་ཕེབས་ཞེས་ཨེ་བཤད་ཐལ།།
མྱི་བཟང་རེད་ཅེས་མྱི་ཆེན་དག་གིས་བསྟོད་པའི་མཐེ་བོང་ཨེ་བསྒྲངས་ཐལ།།
སྒེར་བདག་ཁ་པར་ཨང་གྲངས་སྤྲོད་དང་སྒེར་དོན་བསྒྲུབ་ཞེས་ཨེ་བཤད་ཐལ།།
ང་ཚོ་ཚང་མ་བཟང་ས་ཡིན་པས་ནང་གཏམ་བཤད་ཅེས་ཨེ་བསྐོར་ཐལ།།
ཅི་གསུངས་བཀའ་ལ་ལེགས་སོ་ཙམ་ལས་རང་གི་འདོད་འདུན་ཨེ་ཤོད་ཐལ།།
བོད་པའི་སྐུ་ཚབ་ཡིན་པའི་རྟགས་ལ་བོད་དོན་ཚིག་འགའ་ཨེ་ཁྲོལ་ཐལ།།
ས་མཚམས་ལོ་རྒྱུས་གྲོས་མོལ་བྱེད་སྐབས་ས་རྒྱུས་མེད་པས་ཨེ་མྱངས་ཐལ།།
དྲང་མོར་བཤད་ན་འཕྲིན་སྐྱེལ་ཙམ་ལས་བོད་པའི་སྐུ་ཚབ་ཨེ་ཉན་ཐལ།།
རྡ་རམ་ས་ལའི་ཉེ་སར་འབྱོར་དུས་ཅི་བཤད་བསམ་ནས་ཨེ་སྐྲག་ཐལ།།
བཀའ་བློན་ཁྲི་བའི་བཀའ་བཀྱོན་དྲན་ནས་སྐྱག་རྫུན་བཤད་པྭ་ཨེ་འདོད་ཐལ།།
༧ཡིད་བཞིན་ནོར་བུ་ཡིད་ལ་ཤར་ནས་དགོངས་དག་ཞུ་པྭ་ཨེ་དྲན་ཐལ།།
སྐྱབས་བཅོལ་བ་ཚོ་སེམས་ལ་ཡོང་ནས་རྒྱ་ཆེན་བཤད་པྭ་ཨེ་འདོད་ཐལ།།
གསར་འབྱོར་བ་ཚོས་དྲི་བ་འདྲི་ན་དབྱིན་སྐད་རྒྱག་པྭ་ཨེ་དྲན་ཐལ།།
ཁ་ཤས་གསང་ནས་ཁ་ཤས་བཤད་སྐབས་རང་གིས་འཇོན་སོང་ཨེ་འདོད་ཐལ།།
པེ་ཅིང་ཁོ་ཡ་ཁོག་ནས་ཞུས་ཏེ་མོ་ཐེའི་བཟི་ཁ་དྭངས་བ་ན།།
དྲི་བ་འདི་ཚོར་ལན་ཞིག་གནོངས་ཞེས་གུས་མི་ཤེས་བའི་གུས་ལྡན་པ།།
ས་ཡ་དྲུག་གི་དམའ་ཤོས་དེ་ཡིས་ས་ཁུང་ཞིག་གི་ཡ་ཕུགས་ནས།།
ལག་པའི་ཐལ་མོ་ཐོད་ལ་སྦྱར་ཏེ་པུས་མོ་ས་ལ་བཙུགས་ནས་ཞུས།
རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་དང་ཏཱ་ལའི་བླ་མ་མི་སྒེར་གྱི་འཐུས་མིའི་དབར་འབྲེལ་ཐུག་གྲོས་མོལ་བྱས་པའི་སྐོར་གསར་འགྱུར་ཡོངས་བསྒྲགས་ཀྱི་ཚོགས་འདུ་འཚོགས་པ་ཟེར་བའི་སྐོར་ཞིབ་ཕྲ།
http://tb.chinatibetnews.com/news/guonei/2010-02/05/content_401164.htm
http://epaper.chinatibetnews.com/tibet/html/2010-02/05/node_42.htm
སྐུ་ཚབས་རྒྱ་རི་དང་བོད་ལྗོངས་ཁུལ་གཙོ་ཉི་མ་ཚེ་རིང་གཉིས་འཇད་ཕྲད་གནང་།
http://khorlam.wordpress.com/
རྒྱ་རི་ཕྱི་ལོ ༢༠༠༢ལོ་ནས་ཕྱི་ལོ ༢༠༡༠ལོར་སྐུ་ཚབ་གནང་བའི་འབྲས་བུ་བོད་དོན་ཏཱ་ལའི་ཅན་ནས་ཏཱ་ལའི་སྒེར་དོན་ཅན་ལ་བསྐུལ་འདེད་གནང་ཡོད་པས། བྱས་རྗེས་ཟེར་ན་འདི་འདྲ་དགོས། སྐུ་ཚབ་ཟེར་ན་འདི་འདྲ་དགོས། བོད་དོན་ཚར་རག་བར་དུ་སྐུ་ཚབ་གནང་བར་ཤོག བོད་པ་འཇིག་རག་བར་དུ་སྐུ་ཚབ་གནང་བར་ཤོག
ཡག་པོ་རེད
ཨ་ལགས་ཟམ་གདོང་ཚང་གི་མཁར་རྒྱུག་ཟིན་ནས་ཕེབས་སྟངས་ལ་བལྟས་ན་སློབ་སྦྱོང་བྱེད་ལོངས་ཤིག་ཏ་ཅང་ཨེ་ཡོད་ན།
བྱེད་མི་ཆོག་པ་བཞི་ལ་སློབ་སྦྱོང་དང་ཉམས་ཞིབ་ཞིབ་ཚགས་ཀྱིས་དངོས་གནས་དེ་དག་བྱེད་མི་ཆོག་པ་ཡིན་དང།་ཡང་ན་བྱེད་ཆོག་པ་ཡིན་གསལ་རྟོགས་དགོས་པ་ཡིན་སྙམ།
རྒྱ་ནག་དམར་པོའི་གཞུང་གིས་གང་བཤད་པ་རྣམས་ང་ཚོའི་སློབ་སྦྱོང་བྱེད་དགོས་པ་དང༌། ང་ཚོས་བཤད་པ་ལ་རྒྱ་ནག་གཞུང་གིས་སློབ་སྦྱོང་བྱེད་མ་དགོས་པ་གང་ཡིན་ནམ།།།
རྒྱ་རི་བློ་གྲོས་རྒྱ་མཚོ་དང་ངག་ཕོད་གཉིས་བྱ་བ་སྒྲུབ་ལུག་ཞེ་དྲག་འདྲ་གི་ཡ།
ཡང་ཉི་མ་གཅིག་ལ་གྲོས་མཐུན་དོན་ཚན་༡༧་མིན་ཡང་༡༠་རྩམ་ལ་ས་རྟག་རྒྱག་མི་ཡོང་ན་བསམ་ནས་སེམས་ནང་ལ་རྔམ་སྤྲག་སྐྱེ་གི་
ཞོར་དུ་རྒྱ་མི་ལ་སྤྲེད་ལེད་ཧ་ཧ་་ད་བྱས་ན་སྐུ་ཚབ་དེ་ཚོ་སྔོན་མ་དང་གཅིག་པ་་་་་་་་
ད་སྟ་ཆུ་སྒང་གསར་པ་གི་མི་དེ་ཚོ་ཁོ་ཚོའི་མི་རེད་མ་ཏོག་ཡང་ཚང་མ་རྩ་མེད་ལ་་་་་་་་་་་་
ཁོང་གི་ཡབ་འདས་པོ་དེས་བྱས་པ་སྟར་
ཐ་མ་དེ་ལ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ང་ཚོ་བོད་དུ་ལོག་གི་རེད་དམ།
ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་རྒྱ་ནག་གིས་འབོད་ཀི་རེད་དམ།
ཡང་ན་ཡོང་འཇུག་གི་རེད་དམ།
སོང་ན་ཁེ་ཕན་ཡོད་དམ།
མ་སོང་ན་ཁེ་ཕན་ཡོད་དམ།
འགྲོ་རན་འདུག་གམ།
རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་འགོ་གཙོ་ཏུའུ་ཆིན་ལིན་གྱིས་བཏོན་པའི་བྱེད་མི་རུང་བ་བཞི་ཡི་འགྲེལ་བརྗོད་དང་བཅས་པ་འདིར་གསལ་པོ་འདུག
http://tibet.cpc.people.com.cn/74157/10913446.html
བྱེད་མི་རུང་བ་བཞི་ལ་སློབ་སྦྱོང་བྱེད་ཟེར་དུས་རྩ་བའི་རྩ་དོན་བཞི་རྒྱུན་འཁྱོངས་བྱེད་ཟེར་དེ་དྲན་གྱིན་འདུག། བཤད་སྟངས་ཤིག་ལས་གནས་སྟངས་གཅིག་པ་ཡིན་འགྲོ།
སྐུ་ཚབ་འདི་ཚོ་དངོས་ནས་བོད་མི་དམངས་ཀྱི་སྐྱིད་སྡུག་བརྗོད་དུ་སོང་བ་ཡིན་ནམ། ཡང་ན། རང་རང་གི་སྤྲོ་གསེང་གི་ཆེད་དུ་སོང་ཡིན་ནམ་སྙམ་ནས་མཚམས་རེར་དྲན་གྱི་འདུག
རྒྱའི་དཔོན་རིགས་མཉམ་དུ་པར་རྒྱག་དུས་སྐུ་ཚབ་གཉིས་ཀྱི་བོད་གོས་གྱོན་ཡོད་ན་ང་ཅོ་རི་སེམས་པ་སྐྱིད་སྟངས་འདྲ་ས་མ་རེད་ད།
རྒྱ་ནག་གི་དཔོན་རིགས་མཉམ་དུ་རྒྱག་པའི་པར་འདིར་ལྟས་ན་ང་རང་ཚོའི་སྐུ་ཚབ་གཉིས་ཀྱིས་སྐུ་ཆས་སྤྲད་སྟངས་དངོས་གནས་རྒྱ་མི་འདྲ་པོ་འདུག་ད།
རྡ་ས་སླེབས་དུས་བོད་ཆས་སྤྲད་ནས་བོད་མི་འདྲ་པོ་འདུག
ངས་ལྟས་ན་སྐུ་ཚབ་འདི་གཉིས་རྒྱ་ཡུལ་རྒྱ་གོས་དང་བོད་ཡུལ་ལ་བོད་གོས་གྱོན་སྟངས་མཁས་པ་འདུག
བྱེད་མི་རུང་བ་བཞི་ལ་སློབ་སྦྱོང་བྱེད་དགོས་ཟེར་འདུག་ཡིན་ཡང་དེ་གང་འདྲར་ཞིག་ལ་ངོས་འཛིན་བྱེད་དགོས་མིན་ཁ་གསལ་ཤེས་རྟོགས་མ་བྱུང་། དེ་ལུགས་དྲྭ་གྲོགས་རྣམས་ཀྱིས་ཞིབ་ཕྲ་ཞིག་ཤེས་རྟོགས་བྱུང་ན་ཕྲན་ལམ་སྟོན་ཡོད་པར་མཁྱེན།
བྱེད་མི་རུང་བ་བཞི་གསལ་ཁ་མི་འདུག་ཡིན་ན་འང་ང་ཚོས་བསམ་གཞིགས་བྱེད་དགོས། ཨ་མདོའི་ས་ཆ་དང་ཁམས་ཀྱི་ས་ཆ་ཕྱེད་ཁ་ལོག་སུ་བཀར་ནས་ཆེས་མཐོ་བའི་རང་སྲིད་རང་སྐྱོང་ཞིག་ལ་འབད་བརྩོན་བྱེད་རྩིས་རེད་ཟེར་ནས་ ཏོག་གཞི་ཞིག་སླེབས་ཡོད་པ་འདྲ་ ། དེ་ནི་འདི་འདྲ་ཞིག་གཏན་ནས་མ་རེད་བསམ་ཆབ་སྲིད་ཀྱིས་དགོས་མཁོ་ཀྱི་སྐད་ཆའི་འགྲོས་རེད་
འཇིགས་བྲལ་བསྟན་འཛིན་ཁྱེད་རང་གི་བྱེད་སྟངས་དེ་འགྲིག་པ་རེད།
སྐད་ཆ་འདི་འདྲ་ཞིག་དམིགས་བསལ་སྐུ་ཚབ་རྒྱ་རི་མཆོག་གི་ཞལ་ནས་ནམ་ཡང་ཐོན་མི་སྲིད་པ་ཞིག་རེད། ཚོགས་ཐོག་ཏུ་བཞེས་རག་མཆོད་ཡོད་ན་ནི་མི་ཤེས།
ཁུངས་ལུང་མེད་པའི་འཆལ་གཏམ་གང་བྱུང་དུ་སྤེལ་མཁན་འདི་ཚོས་ཕྱིན་ཆད་བག་ཡོད་དང་དྲན་ཤེས་བསྟེན་ན་ལེགས་པ་མེད་འགྲོ།
བྱེད་མི་ཆོག་པ་བཞིའི་སྐོར་སློབ་སྦྱོང་བྱ་རྒྱུ་ཡིན་ཟེར་ན་ག་རེ་ལབ་ཀྱི་ཡོད་པ་རེད། སློབ་སྦྱོང་འདི་ཚོ་ཕར་སྤྲོད་དགོས་པ་རྐྱང་རྐྱང་རེད་མི་འདུག་གམ། རྩེད་མོ་ཡིན།
གང་ལྟར་ནང་ལོགས་ནང་ལོགས་ཤིག་ནས་འགུལ་འཁྱོམ་ཞིག་རྒྱག་གི་ཡོད་པའི་བཟོ་ཞིག་མཐོང་གི་འདུག གཅིག་བྱས་ན་ངའི་འཁྲུལ་སྣང་ཡིན་འགྲོ།
དགེ་བཤེས་སྨོན་ལམ་མཐའ་ཕྱིན་ལགས་བྱེད་མི་རུང་བཞི་ངོོ་སྤྲོད་གནང་བ་ཐུགས་རྗེ་ཆེ་ཞུ།
1.རྒྱལ་ཁབ་ཀྱི་ཁེ་ཕན་ལ་བཙན་གནོན་བྱེད་མི་ཆོག་ཞེས་རྒྱ་ནག་གིས་གསུངས་དགོས་ཀྱིན་མི་འདུག་བཙན་བྱོལ་
གཞུང་དང་བཙན་བྱོལ་མང་གིས་རྒྱ་ནག་གི་ཁེ་ཕན་ལ་བཙན་གནོན་བྱེད་མི་ཐུབ།
རྒྱ་ནག་ཀྱི་ཁེ་ཕན་ལ་བཙན་གནོན་བྱེད་མི་ཆོག་ཟེར་བ་འདི་ནི་རྒྱ་ནག་གིས་བོད་མི་རིགས་ཀྱི་ཁེ་ཕན་མུ་མཐུད་ནས་འཕྲོག་གིན་ཡིན་ཞེས་པའི་དོན་བསྟན་གྱིན་འདུག
2.རྩ་ཁྲིམས་ཀྱི་ཚད་གཞི་རྡོག་རོལ་དུ་བཏང་མི་ཆོག་ཞེས་གསུངས་པ་འདི་དཀའ་ལས་པོ་ཁག་པོ་འདུག་སྙམ།
ཅི་ཕྱིར་ཞེ་ན། ༧གོང་ས་མཆོག་གིས་འགོ་ཁྲིད་པའི་བཙན་བྱོལ་གཞུང་མང་གཉིས་ཀྱིས་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་འོག་ཏུ་མཉམ་གནས་བྱེད་ཀྱིན་ཡིན་ཞེས་ཁ་ནས་ག་ཚོད་བཤད་ཀྱིན་ཡོད་ཀྱང་དོན་དངོས་ཐོག་བཙན་བྱོལ་གཞུང་མང་གཉིས་ཀྱིས་མི་འདོད་པ་དང་བློ་ངོར་མི་གཙང་བ་ནི་དམར་ཕྱོགས་ཟེར་བའི་ཚིག་འདི་དམར་པོ་ཁྲག་གི་བཟོས་པས་ཚིག་ཞིག་དང་མི་མང་དུང་ཕྱུར་མང་པོ་མཉའ་གནོན་དང་བཅའ་རྡུང་བྱས་སའི་ཚོགས་པ་ཞིག་དང་སྒྲུགས་འཛུགས་ཤིག་ཡིན་པ་ངོས་ལེན་བྱས་དང་བྱེད་བཞིན་པ་རེད།
རྒྱ་ནག་གི་དཔོན་རིགས་ཚོས་ངོས་ནས་མང་གཙོ་ཟེར་བ་འདི་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་མི་དགོས་པ་ཞིག་དང་མང་གཙོ་ཟེར་བ་འདི་སླེབས་ན་སྤྱི་མཐུན་རྒྱལ་ཁབ་ཀྱི་ནུས་པ་ཉམ་འགྲོ་བ་ཞིག་དང་ད་ལྟ་དམར་ཕྱོགས་དཔོན་རིགས་ཚོས་རང་གི་གོ་གནས་ཟིན་མི་ཐུབ་པས་དཀའ་ངལ་ཡོང་དོགས་ཡོད་རེད་སྙམ།
སྤྱི་སྟངས་ནས་རྒྱ་ནག་དམར་ཕྱོགས་རྒྱལ་ཁབ་ཀྱི་རྩ་ཁྲིམས་འདི་ཡར་མར་ག་པ་འཐེན་ན་འཐེན་ཡོད་པ་ཞིག་དང་འགྲེལ་བཤད་ག་པ་རྒྱག་རྒྱག་ཡོད་པ་ཞིག་ཡིན་པ་ནི། རྒྱ་ནག་དམར་ཕྱོགས་ཀྱི་རྩ་ཁྲིམས་འོག་ཏུ་རྒྱལ་ཁབ་ཀྱིས་ཇག་པ་རྒྱག་ཆོག་ཡོད་ལ་མི་ཉེས་མེད་རྨ་གསོད་ཆོག་གིན་ཡོད་པ་འདི་རེད།
མདོ་བསྡུས་ནས་བཤད་ན་༧གོང་ས་མཆོག་གིས་འགོ་ཁྲིད་པའི་བཙན་བྱོལ་མི་མང་གོང་ཁྲ་ཏང་ཡ་ནང་དུ་འཛུལ་ནས་གོང་ཁྲ་ཏང་ལ་བརྩེ་སེམས་དང་ཡིད་ཆེས་བྱེད་མ་ཐུབ་ན་རྒྱ་ནག་གི་རྩ་ཁྲིམས་ཀྱི་འོག་ཏུ་མཉམ་གནས་བྱེད་ཀྱིན་ཡིན་ཟེར་བ་འདིར་རྒྱ་ནག་གི་དཔོན་རིགས་ཚོས་དུས་ནམ་ཡང་ཡིད་ཆེས་བྱེད་ཀྱིན་མ་རེད།
ད་ང་རང་ཚོ་བཙན་བྱོལ་བོད་མི་རྣམས་རྒྱ་ནག་གོང་ཁྲ་ཏང་གི་ཏང་ཡ་ནང་དུ་འཛུལ་ཞུགས་བྱེད་ཀྱིན་ཡིན་ཟེར་ན་ལོ་མང་རིང་དུག་ལྟར་རྩིས་པའི་དམར་ཕྱོགས་རྩ་ཁྲིམས་ལ་བརྩི་སྲུང་བྱེད་མི་ཐུབ་ལ་འགྲོ་བ་མི་ཡི་མང་གཙོ་ལུགས་
སྲོལ་དང་རང་དབང་འགྲོ་བ་མིའི་ཐོབ་ཐང་ཟེར་བའི་ཁ་ནས་མ་ཎི་ལས་མང་བ་འདོན་མྱོང་ཡོད་པའི་སྐད་ཆ་འདི་ཚོ་སྟོང་པ་ཆགས་པ་རེད།
བཙན་བྱོལ་བོད་གཞུང་དང་སྐུ་ཚབ་རྣམ་པ་ཚོས་རྒྱ་ནག་མཉམ་གྲོས་མོ་ཐེན་མོ་པོ་བྱས་ཡོད་ད་ལྟ་བར་དུ་རྒྱ་ནག་གི་དཔོན་རིགས་ཚོས་འདི་གསུངས་ཀྱིན་འདུག་ཞེས་བཙན་བྱོལ་མི་མང་ལ་ཁ་གསལ་པོ་གསལ་བསྒྲགས་བྱེད་དགོས་ཀྱིན་འདུག
སྐུ་ཚབ་རྣམ་པ་ཚོ་བོད་མི་སྤྱི་ཡི་སྐུ་ཚབ་ཡིན་ན་བོད་རྒྱ་ཆེ་མི་མང་ལ་རྒྱ་ནག་གིས་བཤད་པས་སྐད་ཆ་དེ་ཚོ་གསལ་བསྒྲགས་བྱེད་དགོས་ཡོད།
སྐུ་ཚབ་རྣམ་པ་ཚོ་༧གོང་ས་མཆོག་ཁོ་ནའི་སྐུ་ཚབ་ཡིན་ན་བོད་མི་མང་ལ་གསལ་བསྒྲགས་བྱེད་དགོས་པ་དེ་ཙམ་མི་འདུག་སྙམ།
སྐུ་ཚོབ་ཚོ་ཕྱིར་ཕེབས་ནས་གསར་འགོད་གསལ་བསྒྲགས་བསྐྱངས་གནང་སོང་།
ད་ཐེངས་རྒྱ་ནག་ཏུ་ཕེབས་ནས་ཏང་གི་ཡིག་ཆ་ཁག་ལ་སློབ་སྦྱོང་ཡག་པོ་གནང་ཡོད་ས་རེད། ད་ཡིན་ན་ངྷ་རམ་ས་ལས་ནང་སྦྱོང་འབྲི་མགོ་འཛུགས་རྒྱུ་ཡིན་པ་འདྲ། འབྲེལ་མོང་ཐེངས་རྗེས་མའི་སྐབས་ངྷ་སའི་ནང་སྦྱོང་ཁག་ལ་ཏང་གི་འགྲིག་རྟགས་རྐྱང་ཐོབ་པའི་རེ་སྨོན་ཡོད།
འདས་པའི་མི་ལོ་ལྔ་བཅུའི་རིང་བོད་ལ་གོད་ཆག་དང་། ཡར་རྒྱས་ཀྱི་རྣམ་པ་གང་བྱུང་ཡང་བོད་མི་མང་གིས་ནམ་ཡང་བློས་གཏོང་བྱས་མེད་པ་ནི་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡིན་ལ། གནད་དོན་འདིས་བོད་འདི་བདེ་སྡུག་གང་འདྲ་ཞིག་ཏུ་ལྷུང་ཡང་བོད་ཀྱི་དབུ་ཁྲིད་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡིན་པ་བོད་རྒྱ་ཆེའི་མི་མང་གིས་གསལ་པོ་བཟོས་པ་ཞིག་ཡིན། དེར་བརྟེན་སྐུ་ཚབ་ནི་བོད་ཀྱི་དབུ་ཁྲིད་ཀྱི་སྐུ་ཚབ་རེད། རྒྱུ་མཚན་འདི་ངོས་ལེན་མེད་ན་རྒྱ་ནག་གི་བརྗོད་པ་བཞིན་མི་སྒེར་གྱི་སྐུ་ཚབ་རེད།
བྱེད་མི་རུང་བ་བཞིའམ་བྱེད་མི་ཆོག་པ་བཞི་འདི་ཚོ་ཡིན་པ་འདྲ། བོད་ལྗོངས་ཆ་འཕྲིན་ལས་བཤུས།
རྒྱལ་ཁབ་ཀྱི་ཁེ་ཕན་ལ་བཙན་གནོན་བྱེད་མི་ཆོག རྩ་ཁྲིམས་ཀྱི་ཚད་གཞི་རྡོག་རོལ་དུ་བཏང་མི་ཆོག མི་རིགས་ཀྱི་ལ་རྒྱར་ངན་སྨྲས་བྱེད་མི་ཆོག མི་དམངས་ཀྱི་ཐུན་མོང་གི་སེམས་འདུན་དང་རྒྱབ་འགལ་བྱེད་མི་ཆོག
ད་དུང་ཡང་གཉིས་འདུག་མཐའ་མ་འདིའི་ཡན་ལག་ཡིན་པ་འདྲ། ཞིབ་ཕྲ་ཤེས་མ་སོང་།
དམངས་སེམས་ལ་མགོ་སྐོར་བཏང་མི་ཆོག ༦དམངས་བློ་དང་རྒྱབ་འགལ་བྱེད་མི་ཆོག
དེ་རེད། བྱེད་མི་རུང་བ་བཞི་པོ་ཤེས་རྒྱུ་ཧ་ཅང་གལ་ཆེ་བ་རེད། མགོ་བརྗོད་བྱེད་མི་རུང་བ་བཞི་བཀོད་འདུག དེས་ན་རྩོམ་སྒྲིག་པ་ལགས། བཞི་དེ་གང་དང་གང་རེད།
དྲ་གྲོགས་ཚོས་བྱེད་མི་རུང་བ་བཞི་ལ་སློབ་སྦྱོང་བྱེད་དགོས་གསུངས་པའི་བྱེད་མི་རུང་བ་བཞི་ངོས་འཛིན་ཐུབ་སོང་ངམ།
རྩོམ་སྒྲིག་པ་ལགས་བྱེད་མི་རུང་བ་བཞི་ལ་གསལ་བཤད་ཤིག་གནང་རོགས།
རྒྱ་ནག་གིས་བྱེད་མི་རུང་བ་བཞིའི་བླང་བྱ་བཏོན་པ་བཞིན་ཁུངས་ལུང་མེད་ན་གཡང་སྐྱབས་རྒྱལ་གྱི་སྐད་ཆ་འདི་ལྟ་བུ་བོད་མིས་ཤོད་མི་རུང་བ་མང་པོ་ཡོད་པའི་ནང་ནས་གཅིགཡིན།
མང་པོ་ཞིག་དགོངས་པ་འགལ་མདོག་ཁ་པོ་རེད། ཡིན་ནའང་སྐད་ཆ་འདི་འདྲ་བདེན་མིན་ཁུངས་འདེད་བྱེད་རྒྱུ་ཧ་ཅང་གལ་ཆེ་བ་རེད། དེ་མིན་གསར་འགྱུར་འདི་བཞིན། ང་ཚོས་བྱེད་མི་རུང་བ་ལྔ་པ་དེར་ངོས་འཛིན་བྱས་ན་གང་འདྲ་འདུག
དྲ་གྲོགས་གནས་ཚང་ལགས་ཀྱིས་འདྲེན་བཀོད་བྱས་པ་དང་། གཡང་སྐྱབས་རྒྱལ་གྱིས་ཁ་བརྡ་དྲ་ཚིགས་སུ་གཤམ་གྱི་བཀའ་མོལ་དེ་བཤད་པ་ལས་འཕྲོས་པའི་བསམ་ཚུལ་འགའ།
དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེས་གསུང་བཤད་གནང་སྟེ། “༡༩༤༩ ཡར་སྔོན་དུ་ཨ་མདོ་ཡོངས་དང་ཁམས་ཀྱི་ཕྱེད་དེ་རྒྱ་ཁོངས་རེད་”ཅེས་བཤད་ནས་དབུ་མའི་ལམ་གྱི་སྲིད་བྱུས་འདིས་ངོ་མ་བཤད་ན་”ཁྲིམས་མཐུན་དུ་མེད་པའི་བོད་ཀྱི་ས་ཁུལ་དགོས་པའི་”དགོས་འདུན་བཏོན་ཡོད་པ་དང་། “དབུ་མའི་ལམ་”ལ་ཆག་ཡངས་གང་ཡང་གཏོང་ཐབས་མེད་པ་ལ་བརྟེན་ནས་བོད་རྒྱའི་འབྲེལ་མོལ་དང་ཞི་མོལ་ལ་ལམ་ལྷོང་མ་བྱུང་ལུགས་བཤད་སོང་ཟེར། གུང་ཁྲན་གྱིས་འབྲེལ་མོལ་ལམ་ལྷོང་མ་བྱུང་བའི་ཁག་འགེལ་དེ་བོད་གཞུང་ལ་བཀལ་བའི་ཐོག་ ང་ཚོའི་སྐུ་ཚབ་ཀྱིས་ཀྱང་ལམ་ལྷོང་མ་བྱུང་བའི་ཁག་འགེལ་དེ་ང་ཚོར་བཀལ་བ་འདི་འདྲ་ནི་ཡིན་མི་སྲིད་པ་ཞིག་རེད་བསམས་ནས་སྙིང་རླུང་སྟོད་ལ་འཚངས། ཅེས་དྲངས་འདུག
གཡང་སྐྱབས་རྒྱལ་གྱིས་བཤད་པར་ཁུངས་ལུང་ཡོད་ན་དངོས་འབྲེལ་བཟོད་སྒོམ་བྱེད་ཐབས་བྲལ་བ་ཞིག་རེད། ང་ཚོས་ངེས་པར་ཐེར་འདོན་བྱེད་དགོས་པ་རེད། ང་ཚོ་དྲ་གྲོགས་ཚོ་ཡིན་ནའང་གནས་ཚུལ་འདི་དེ་མུར་འཇོག་མི་རུང་བའི་བསམ་ཚུལ་འདོན་དགོས་པ་རེད། ཡིན་ནའང་དང་པོ་གཡང་སྐྱབས་རྒྱལ་ལགས་ཀྱིས་གནས་ཚུལ་འདི་ཁུངས་སྐྱེལ་བྱེད་དགོས་པ་རེད། དེ་མིན་སྐད་ཆ་འདི་འདྲ་བཤད་སོང་ཟེར་བ་དང་། ལབ་ཀྱི་འདུག་ཟེར་བ། ཡིན་ས་རེད་ཟེར་བ་སོགས་ནི་ཕུ་ནུ་ནང་དཀྲུགས་ཀྱི་བཀའ་མོལ་རེད། ཁུངས་ལུང་ཡོད་རྒྱུ་རེད་བསམ་གྱི་འདུག ཁུངས་ལུང་འགོད་རྒྱུ་མེད་ན་བཀའ་མོལ་འདི་རྒྱ་མིའི་སོ་པའི་བྱེད་ལས་ཤིག་ལ་ངོས་འཛིན་མི་བྱེད་ཐབས་མེད་རེད། ང་ཚོས་སྐད་ཆའི་ཁུངས་ལུང་ལ་ཆ་འཇོག་བྱེད་ཀྱི་རེད་མ་གཏོགས་ཟེར་སྐད་དང་། ཐོས་སྐད་སོགས་ལ་ཆ་འཇོག་བྱེད་ཐབས་ཡོད་མ་རེད།
གཡང་སྐྱབས་རྒྱལ་ལགས། བཀའ་མོལ་འདི་ལ་ཁུངས་སྐྱེལ་བྱེད་རོགས།