བཙན་བྱོལ་བོད་གཞུང་གིས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་རྒྱ་གར་ནང་ཉེན་ཡོལ་དུ་ཡོང་དགོས་བྱུང་སྟེ་ལོ་འཁོར་ ༡༠༠ ལོན་པའི་དུས་དྲན་གྱི་མཛད་སྒོ་ཞིག་བཞུགས་སྒར་དུ་འཚོགས་འཆར་ཡོད་འདུག
བོད་རྒྱལ་ལོ་ ༢༡༣༧ ལོའི་རབ་གནས་ལྕགས་སྟག་ལོའི་ཕྱི་ཟླ་ ༢ པའི་ཚེས་ ༢༥ ཉིན་བཙན་བྱོལ་བོད་གཞུང་དམངས་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དབུས་པའི་རྒྱ་ཆེའི་མི་མང་གིས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་ཕྱི་ལོ་ ༡༩༡༠ ལོར་རྒྱ་གར་ནང་ཉེན་ཡོལ་དུ་ཕེབས་དགོས་བྱུང་སྟེ། འདི་ལོ་ལོ་འཁོར་ ༡༠༠ འཁོར་བའི་དུས་དྲན་མཛད་སྒོ་ཞིག་འཚོགས་འཆར་ཡོད་སྟབས། འདི་གའི་གསར་ཁང་གིས་དངོས་སུ་བོད་གཞུང་བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་སུ་ཞིབ་ཕྲའི་གནས་ཚུལ་བཀའ་འདྲི་ཞུས་པ་ཡིན།
ཁོང་གིས། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ ༡༩༡༠ ལོར་རྒྱ་གར་ནང་ཉེན་ཡོལ་དུ་ཕེབས་ཏེ་འདི་ལོ་ཏག་ཏག་ལོ་འཁོར་བརྒྱ་འཁོར་ཡོད་སྟབས། བཙན་བྱོལ་བོད་གཞུང་གིས་ཁོང་ཉིད་ལ་རྗེས་དྲན་གྱི་ཚུལ་དུ་མཛད་སྒོ་ཞིག་འཚོགས་འཆར་ཡོད་པ་རེད། དེ་ནི་ཁོང་ཉིད་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ཁྲོད་བོད་གངས་ཅན་གྱི་ཆོས་སྲིད་ཀྱི་མཛད་པ་དང་བོད་མི་རིགས་ཀྱི་བདེ་དོན་གྱི་ཕྱག་ལས་འཁུར་ཏུ་བཞེས་མཁན་ཞིག་ཡིན་པ་དང་། ལྷག་པར་དུས་རབས་ ༡༩ པ་དང་དུས་རབས་ ༢༠ པའི་ནང་ཨུ་རུ་སུ་དང་དབྱིན་ཇིའི་རྒྱལ་ཁབ་ཀྱིས་ཨེ་ཤ་ཡའི་ནང་འཐབ་འཁྲུག་གི་དུས་སྐབས་ཤིག་འཁེལ་དང་ལོ་རྒྱུས་ཀྱི་འགག་རྩ་ཞིག་ལ་ཐུག་ཡོད་པའི་སྐབས་སུ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་མི་རིགས་དང་བོད་རྒྱལ་ཁབ་ལ་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་ཡོད་པ་དང་། གནས་སྟངས་དེས་ཁོང་ཉིད་རྒྱ་གར་ནང་ཉེན་ཡོལ་ཏུ་ཕེབས་དགོས་བྱུང་ཡང་། ཕྱིར་བོད་ནང་ཕེབས་རྗེས་བོད་རང་བཙན་གཙང་མ་ཡིན་པའི་གསལ་བསྒྲགས་སྤེལ་བ་མ་ཟད། བོད་མི་རིགས་གསར་བརྗེ་དང་དེང་རབས་ཅན་གྱི་ཕྱོགས་སུ་བསྒྱུར་བའི་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་ཡོད་པ་རེད། དེ་ལྟ་བུའི་གནས་ཚུལ་མང་པོ་ཞིག་ལ་བལྟས་རྗེས་བོད་གཞུང་བཀའ་ཤག་གི་ངོས་ནས་དམིགས་བསལ་གྱི་མཛད་སྒོ་ཞིག་འཚོགས་འཆར་ཡོད་པ་རེད། ཅེས་གསུངས་བྱུང་།
ཡང་ཁོང་གིས་ཐེངས་འདིའི་མཛད་རིམ་གྱི་ཐད་ནས་བརྗོད་དོན། ཕྱི་ཟླ་ ༢ པོའི་ཚེས་ ༢༥ ཉིན་དེ་ལོ་རྒྱུས་ནང་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ལྷ་ས་ནས་རྒྱ་གར་ནང་ཉེན་ཡོལ་དུ་ཕེབས་པའི་ཉིན་མོ་ཡིན་སྟབས། ང་ཚོས་དུས་སྐབས་འདི་དང་འཁེལ་བར་བྱས་ཏེ་མཛད་སྒོ་འཚོགས་ཀྱིན་ཡོད་ལ། ཉིན་དེའི་སྔ་དྲོ་བོད་གཞུང་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་དང་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གྱེར་རྗེས་བོད་གཞུང་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་སྦྱོང་སོགས་མཛད་སྒོ་སྟབས་བདེ་ཞིག་གནང་འཆར་དང་། ཕྱི་དྲོ་བོད་གཞུང་དགའ་ལྡན་ཕོ་བྲང་མང་གཙོ་གཞུང་གི་ལས་བྱེད་རྣམ་པ་ཚོས་འདས་པའི་ལོ་རྒྱུས་མཚོན་པའི་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པའི་མཛད་འཕྲིན་ཤེས་རྟོགས་བྱ་ཆེད། བཀའ་བློན་ཁྲི་པ་མཆོག་གིས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་མཛད་འཕྲིན་གྱི་ཐོག་གསུང་བཤད་དང་། སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྐབས་ཀྱི་བོད་དང་རྒྱ་ནག་བར་གྱི་འབྲེལ་བའི་སྐོར་ལ་གསུང་བཤད། དཔེ་མཛོད་ཁང་གི་ལོ་རྒྱུས་སྨྲ་བ་ནཱ་ག་སངས་རྒྱས་བསྟན་དར་ལགས་ཀྱིས། རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་རྒྱ་གར་ནང་ཉེན་ཡོལ་དུ་ཕེབས་པའི་སྐབས་ཀྱི་གནས་ཚུལ་དང་འབྲེལ་བའི་གསུང་བཤད་དང་བགྲོ་གླེང་ཞིག་གངས་སྐྱིད་སྤྱི་ཐབ་ཐོག་ཁང་དུ་གོ་སྒྲིག་གནང་ཡོད། ཡོངས་ཁྱབ་ཀྱི་ས་གནས་ཁག་ཏུ་འདི་འདྲའི་དུས་དྲན་མེད་ནའང་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་རྒྱ་གར་ནང་ཉེན་ཡོལ་དུ་འབྱོར་བའི་སྐབས་བཞུགས་ཡུན་རིང་བའི་ས་གནས་རྡོ་རྗེ་གླིང་དང་བཀའ་བློན་སྦུག་སོགས་སུ་དུས་དྲན་སྲུང་གཙིའི་བང་རིམ་ཞིག་ཞིག་བསྒྲིགས་ཡོད། ཅེས་གསུངས་བྱུང།
དངོས་ཉིདལས་གཞི་འདིའི་རིགས་ཡག་པོ་འདུག
རིག་པ་འདོན་པ།
tashi delik
གུས་པས་ lobsang མིང་ཅན་ལགས། འདྲེན་བཀོད་བྱས་པ་བཞིན་ཁྱོད་ལ་ཁུངས་སྐྱེལ་ཡོད་དམ།
བཤད་ཤེས་པ་ཙམ་གྱིས་འཐུས་པ་མ་རེད། དེ་བོད་མི་མང་ལ་ཁུངས་སྐྱེལ་དགོས་པ་རེད། ཁུངས་སྐྱེལ་རྒྱུ་མེད་ན་ཁ་ན་རོགས་རེད།
ཁུངས་སྐྱེལ་ཟེར་བ་དེ་མི་གཅིག་གིས་རེད་ལབ་ནས་བྲིས་འདུག་ཟེར་བས་ཕན་གྱི་མ་རེད། གཙོ་བོ་ཁྱོད་རང་གིས་དེ་དཔང་རྟགས་སྟོན་ཐུབ་དགོས་རེད། ཅེས་དྲ་ཐོག་ཏུ་བཤད་པར།
བློ་བཟང་མིང་ཅན་གྱི་ལན་འདེབས་དོན། འཇིགས་བྲལ་བསྟན་འཛིན་ལགས། ང་ལ་དཔང་རྟགས་གང་ཡང་མེད། ཡིན་ན་ཡང་གཞན་གྱིས་བྲིས་བཞག་པ་དེ་ངས་འདོན་ཆོག་གི་རེད་དྲན་གྱི་འདུག མ་ཟད་ཡིག་འཁྱར་དེ་ང་ཚོས་ཞིབ་འཇུག་བྱེད་ཆོག་སྙམ་ལགས།
དེར་བརྟེན་གཤམ་གྱི་སྐད་ཆ་དེ་སླར་ཡང་ཚར་གཅིག་བཤད་འདོད་བྱུང་།
སྐབས་རེ་བསམ་ཚུལ་ཏོག་ཙམ་བཤད་པ་མ་གཏོགས་འདི་ནས་དྲ་གྲོགས་ཚོའི་སྤྱོད་ཚུལ་ལ་བལྟས་ནས་བསྡད་པ་ཡིན། སེམས་པ་སྐྱོ་ཡག་རེད།
༡ ཁ་སང་དུས་བབ་ཀྱི་གསར་འགྱུར་༼ཟུར་ལྔའི་དམར་ཤོག་༽ཟེར་བ་གཅིག་འདུག དེ་ཀློག་སྐབས་རྒྱ་ནག་གིས་རྒྱུགས་ཁྱི་ཚོས་བཙན་བྱོལ་ནང་ལས་ཀ་དེ་རང་བྱེད་ཀྱི་ཡོད་ས་རེད་བསམས་པ་བྱུང་།
༢ སྨྱུག་མིང་བཀོལ་དགོས་དོན་ཅང་མི་འདུག བཙན་བྱོལ་རང་དབང་ལུང་པ་རེད། སུ་གང་གིས་རྡུང་གི་མ་རེད། གསོད་ཀྱི་མ་རེད། ཞེད་དགོས་པ་དང་བཤད་དགོས་པ་གཉིས་ཀ་ཡོང་རྒྱུ་ཡོད་མ་རེད།
༣ ད་དུང་སྨྱུག་མིང་གི་འོག་ན་ཡོད་པ་འདི་ཚོས་གདོང་ཐུག་ན་ལྕེ་ནར་ནར་བྱེད་ཀྱི་རེད། མགོ་འཕྲུག་འཕྲུག་བྱེད་ཀྱི་རེད། འདི་འདྲའི་ཕྱི་ནང་མི་མཚུངས་པའི་མི་ཤ་སྟག་རེད།
༤ སྨྱུག་མིང་བེད་སྤྱོད་བྱེད་པ་འདིས་དོན་དངོས་སུ་བཙན་བྱོལ་རང་དབང་ལུང་པའི་ནང་མང་གཙོ་འཕེལ་རྒྱས་ཡོང་བར་འགོག་རྐྱེན་བཟོ་གི་འདུག
༥ སྨྱུག་མིང་གི་འོག་ནས་འགན་ཁུར་མེད་པའི་སྐད་ཆ་ཐོན་ཚད་བཤད་ནས་སྡོད་ཀྱི་ཡོད་སྟབས་༼བོད་ཀྱི་དུས་བབ་ཟིན་བྲིས་སུ་ཡོད་པའི་མཆན་ཡོངས་རྫོགས་ལ་རིན་ཐང་མེད་པ་བཟོ་གི་འདུག༽
༦ ཟུར་ལྔའི་དམར་ཤོག་ཟེར་བའི་གསར་འགྱུར་ནང་བཤད་པ་བཞིན་གསར་འགྱུར་གྱི་བརྗོད་དོན་ལ་བགྲོ་གླེང་མི་འགྲོ་ཆེད་སྐད་ཆ་འདྲ་མིན་བཤད་ནས་བརྗོད་གཞི་བརླག་བཅུག་གི་འདུག
༧ ད་ནས་བཟུང་འདི་རིགས་ལ་སྟངས་འཛིན་མེད་ན་འདི་དུས་བབ་ཚང་གིས་ཆེད་བཟོས་གནང་བ་ཞིག་ལ་ངོས་འཛིན་མི་བྱེད་ཐབས་མེད་རེད། འདི་ལྟར་བརྗོད་པ་དེ་གནོན་ཤུགས་སྤྲོད་པ་མིན་ཡང་འགན་མ་ཁུར་ན་ཡག་པོ་རྩ་བ་ནས་མི་འདུག
རྩ་བའི་མཛད་འཆར་འདི་ཧ་ཅང་ཡག་པོ་དང་དགོས་ངེས་ཤིག་རེད། འོན་ཀྱང་ལས་རིམ་འདི་ནང་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ས་གཅིག་དང་། ཅུང་ཙམ་ངོ་རྒོལ་ཡོད་ས་གཉིས་འདུག དེ་ནི་བགྲོ་གླེང་གི་ལས་རིམ་འདི་ཡིན། ང་ལ་ཆེས་ཤིན་ཏུ་ཆ་རྒྱུས་ཡོད་ས་ཞིག་ལ་སྐུ་ཞབས་ན་གཱ་སངས་རྒྱས་བསྟན་དར་གྱིས་ལོ་རྒྱུས་བཤད་མི་ཤེས་བར་མ་ཟད་སྤྱིར་བཏང་ནས་ལོ་རྒྱུས་ལ་དེ་ཙམ་སློབ་སྦྱོང་ཡོད་མཁན་ཞིག་ཀྱང་མིན། ཁོང་གཏམ་བཤད་བགྲོ་གླེང་བྱེད་མིར་བཀོས་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། དེ་ནས་འབའ་བ་སྐལ་བཟང་རྒྱལ་མཚན་ཡིན། ཁོང་གཞི་རྩའི་སློབ་སྦྱོང་དང་ལྷག་པར་རྒྱ་ནག་དང་བོད་བར་གྱི་གནས་ཅུང་ཡག་པོ་ཤེས་མཁན་ཞིག་ཡིན། འོན་ཀྱང་ཁོང་ལ་ཞན་ཆ་ཞིག་ཡོད་པ་ནི་ཁོང་གིས་ངག་དེ་ཙམ་མི་འཁྲོལ་བའམ་གསལ་བོར་བཤད་ན་ངག་སྒོ་ཡངས་མོ་ཞིག་མེད། དེའི་ཕྱིར་ཤེས་མྱོང་གིས་འདང་ནའང་ངག་རྩལ་གྱི་དཀའ་ངལ་ཡོད་ཁོ་ཡང་བདམ་པ་ཅུང་ནོར་མེད་འགྲོ་སྙམ། གལ་སྲིད་མི་འགྲོ་གཞན་མ་རྙེད་པའི་དཀའ་ངལ་ཡིན་ན་དེ་ལ་ངོ་རྒོལ་ཅུང་ཙམ་ལས་མེད། ཟམ་གདོང་བླ་མ་ནི་བློ་གཟི་བོར་གནས་ནས་བལྟས་ན་ལོ་རྒྱུས་སྨྲ་བའི་མཁས་དབང་རང་ཡིན། དེ་བཞིན་ངག་སྒོ་ཡང་ཧ་ཅང་ཡངས་པོ་འཁྲོལ་བོ་ཡོད། དེའི་ཕྱིར་དེ་ལ་ངོ་ཕར་ཟད་དགའ་བསུ་མཐའ་གཅིག་ཏུ་ཡོད། དེ་ཙམ་ལས་ཅང་མ་དྲན།