བལ་ཡུལ་ཉེན་རྟོག་པས་ལོ་སར་ཚེས་གཉིས་ཉིན་བོད་མི་བཅུ་བཞི་ལྷག་ཁྲོམ་གཞུང་ནས་འཛིན་བཟུང་དང་ཉེས་ཆད་བཅད་འདུག
དུས་བབ་ཟིན་བྲིས་པ་ཀླུ་ལགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་སར་ཚེས་ ༢ ཉིན་གྱི་དགོང་མོར་བལ་ཡུལ་གྱི་ཉེན་རྟོག་པས་བལ་ཡུལ་ནང་གནས་སྡོད་བྱེད་མཁན་བོད་མི་ ༡༤ བལ་ཡུལ་རྒྱལ་སའི་ཁྲོམ་གཞུང་ནས་གློ་བུར་དུ་འཛིན་བཟུང་བྱས་ཡོད་པ་དང་། རྗེས་སུ་བོད་མི་དེ་ཚོ་ཆུ་ཚོད་ ༡༢ ལྷག་གི་རིང་ཉེན་རྟོག་ཁང་དུ་བཀག་ཉར་བྱས་ཏེ། འདྲི་གཅོད་སྣ་ཚོགས་བྱས་མཐར་བལ་ཡུལ་དུ་གནས་སྡོད་ཆོག་པའི་ལག་འཁྱེར་མེད་པ་སོགས་ཀྱིས་ཉེས་འཛུགས་བྱས་ཏེ། ཕྱི་མི་ཞིབ་གཤེར་ལས་ཁུངས་ལ་རྩིས་སྤྲོད་རྒྱུ་དང་ཡང་ན་ཐད་ཀར་བཙོན་འཇུག་བྱ་རྒྱུ་སོགས་གྱི་འཇིགས་སྐུལ་བྱས་འདུག། རྗེས་སུ་རིམ་པས་བལ་ཡུལ་ནང་གི་གཞུང་འབྲེལ་མ་ཡིན་པའི་བལ་ཡུལ་གྱི་འགྲོ་བ་མའི་ཐོབ་ཐང་ཚོགས་པས་རོགས་རམ་འོག་བལ་སྒོར་ཁྲི་གཅིག་གི་ཉེས་ཆད་བཏང་ནས་གློད་གྲོལ་བཏང་ཡོད་འདུག
save Tibetan
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་། བལ་ཡུལ་འགྲོ་བ་མིའི་ཐོབ་ཐང་དང་། བཙན་བྱོལ་བོད་གཞུང་གི་འགྲོ་བ་མིའི་ཐོབ་ཐང་ཐོབ་རྩོད་པ་ཚོ་ལ་འགན་ཡོད་རེད་སྙམ།
དྲ་གྲོག་དགུ་ཚིག་བསྐྱ་མོ་ལགས་ནས་གསུང་པ་བཞིན། ང་ཚོ་སྡུག་བསྔལ་མྱོང་བཞིན་པ་ནི་སོ་སོའི་རྒྱལ་ཁབ་བསྲུངས་སྐྱོབ་མ་ཐུབ་པའི་སྐྱོན་རེད། འོན་ཀྱང་ད་ལྟའི་ཆར་ང་ཚོས་འདས་པའི་སྐྱོན་གླེང་བ་ལས་མ་འོང་པའི་མཆར་གཞི་གླེང་རྒྱུ་གལ་ཆེ་བར་སེམས། དེས་ན་ང་ཚོ་རྡོག་རྩ་གཅིག་བསྒྲིལ་གྱི་སྒོ་ནས་རང་དབང་བརྩོན་ལེན་བྱེད་དགོས།
དེང་དུས་རྒྱལ་ཁབ་སོ་སོའི་ས་དང་ནམ་མཁའ་སོགས་ལ་ས་མཚམས་དང་མཁའ་མཚམས་བཅད་ཟིན་པའི་སྐབས་སུ། རྒྱལ་ཁབ་གཞན་ཞིག་ལ་འགྲོ་འདོད་ན་ཚུལ་བཞིན་འགྲོ་དགོས་མ་གཏོགས་བཙན་འཛུལ་བྱས་ལུགས་དང་མི་མཐུན་པའི་ཁྲིམས་ཆད་ཕོག་ངེས།
ང་ཚོ་བོད་མི་རྣམས་ལ་འདི་ལྟ་བུའི་ཡིད་སྐྱོ་བའི་གནས་ཚུལ་འབྱུངས་དང་འབྱུང་བཞིན་པ་ནི། རང་ཉིད་ཀྱིས་རྒྱལ་ཁབ་བསྲུངས་སྐྱོབ་མ་ཐུབ་པའི་སྐྱོན་ཡིན་པ་སྨོས་ཅི།