མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མང་ཚོགས་ལ་ཉན་པ། འདྲེ་མིག་གསུམ།

བོད་ཀྱི་དུས་བབ།
༢༠༡༠/༠༣/༠༤
Share on FacebookShare on TwitterShare on EmailShare on Whatsapp

འདྲེ་མིག་གསུམ།

ད་བར་འབྱུང་འགྱུར་གྱི་བཀའ་བློན་ཁྲི་བའི་འོས་འདེམ་སྐོར་ལ་གླེང་སློང་མང་པོ་བྱས་བྱུང༌། གླེང་སློང་ཆེན་པོ་དེས་བཀའ་ཁྲིའི་སྐོར་གྱི་གནས་ཚུལ་མང་པོ་སྔར་ལས་གསལ་འདོན་ཏན་ཏན་བྱས་ཡོད་རྒྱུ་རེད། ངས་ད་བར་དུ་བོད་ཀྱི་དུས་བབ་ཀྱི་བཀའ་ཁྲིའི་སྐོར་གྱི་རྩོམ་ཡིག་བཟང་ངན་མང་པོ་བཀླགས་ཤིང༌། བཀའ་བློན་ཁྲི་བ་ཟེར་བའི་དྲ་ཚིགས་དང༌། བཀའ་བློན་ཁྲི་བ་ཟེར་བའི་ཚགས་ཤོག འོད་དཀར་དྲ་ཚིགས་སོགས་སུ་འཛུལ་བ་དང༌། བཀའ་ཁྲི་དང་འབྲེལ་བའི་བགྲོ་གླེང་སོགས་སུ་དོ་སྣང་ཆེན་པོས་ཞུགས་ནས་བཀའ་ཁྲིའི་སྐོར་གྱི་གནས་ཚུལ་མང་པོ་རྒྱུས་ལོན་བྱས་པ་ཡིན། དེ་དང་མཉམ་དུ་ལོ་རྗེས་མའི་བཀའ་ཁྲིའི་འོས་ཤོག་གི་ཆ་ཤས་ལེན་མཁན་གྱི་བརྒྱ་ཆ་དགུ་བཅུ་མ་ལོན་ནའང༌། བདུན་བཅུ་བརྒྱད་བཅུ་ཞིག་ལོན་ཐུབ་པའི་རེ་བ་བརྒྱབས་པ་ཡིན།

ཟླ་བ་གཅིག་ལྷག་གི་སྔོན་ནས་ངས་བཀའ་ཁྲི་དང་འབྲེལ་བའི་དྲ་ཚིགས་དང་ཚགས་ཤོག བགྲོ་གླེང་དང་རྩོམ་ཡིག་དེ་དག་བཞག་ནས་གཞི་ནས་མང་ཚོགས་ལ་ཉན་པ་ཡིན།  མང་ཚོགས་དེ་ཡང་ཚགས་ཤོག་མི་ཀློག་མཁན་དང་དྲ་ཚིགས་ལ་འབྲེལ་འདྲིས་གཏན་ནས་མེད་པ་མ་ཟད། བགྲོ་གླེང་ཚོགས་འདུ་དེ་འདྲ་ལའང་ཞུགས་མྱོང་མེད་པའི་མང་ཚོགས་ཀྱི་གྲལ་རིམ་དེ་འདྲ་ལ་ཉན་པ་ཡིན། ངས་ཐག་ཉེ་ས་ན་ཉན་པའི་མང་ཚོགས་ཀྱི་གྲས་ན་དགེ་འདུན་པ་དང་རང་ལོ་བཅོ་བརྒྱད་བརྒལ་བའི་སློབ་གྲྭའི་སློབ་མ། ཚོགས་སྡེ་གང་རུང་ན་ལས་ཀ་བྱེད་བཞིན་པའི་གཞོན་སྐྱེས་ཕོ་མོ། ད་དུང་སྐོར་མཐའ་ན་ཉི་མ་ཕུད་བཞིན་པའི་ལོ་ལོན་ཡང་ཡོད། ཁོ་ཚོ་མང་ཆེ་བ་ཞིག་ལ་ལོ་རྗེས་མའྭི་བཀའ་ཁྲི་སུ་འདེམ་མིན་གྱི་གྲ་སྒྲིག་རྩ་བ་ནས་མེད་པ་མ་ཟད། བཀའ་ཁྲིའི་འོས་ཤོག་གི་ཆ་ཤས་ལེན་པའི་འདོད་པའང་མི་འདུག  ཁོ་ཚོའི་ཁྲོད་ཀྱི་ཁ་བདེ་བོ་ཁ་ཤས་ཀྱིས་ངས་ཆབ་སྲིད་ཀྱི་སྐོར་ཤེས་ཀི་མེད། བཀའྭ་ཁྲིའི་འོས་ཤོག་དེ་ཁོ་ཚོ་དང་འབྲེལ་བ་མེད་པའི་རྣམ་འགྱུར་མངོན་གསལ་གྱིས་སྟོན་གི་འདུག འདོད་ཚུལ་དང་རྣམ་འགྱུར་འདི་གཉིས་ཀྱིས་ང་ལ་ཕམ་ཉེས་ཤིག་སྤྲད་སོང༌།  ཡང་བསྐྱར་ང་ཚོ་བཀའ་ཁྲིའི་འོས་ཤོག་གི་གྲངས་འབོར་ཐད་ཕམ་ཉེས་འབྱུང་བར་སེམས་ཁྲལ་བྱུང་སོང༌།

 སེམས་ཁྲལ་དེས་རྐྱེན་བྱས་ནས་ངས་བསྐྱར་དུ་བསམ་བློ་བཏང་བ་ཡིན།  བཀའ་ཁྲི་དང་འབྲེལ་བའི་རྩོམ་ཡིག་དེ་དག་དང༌། དྲ་ཚིགས། ཚགས་ཤོག  བགྲོ་གླེང་གང་ཡིན་ཡང་མང་ཚོགས་ལ་མ་ཐུག་པའི་བར་ཐག་ཧ་ཅང་རིང་བའི་ཚོར་སྣང་བྱུང༌། ད་ནི་ང་ཚོས་བཀའ་ཁྲི་དང་འབྲེལ་བའི་གནད་དོན་དེ་མཐའ་གཅིག་ཏུ་མང་ཚོགས་ལ་ཐུག་པར་འབད་བརྩོན་བྱེད་དགོས། ནམ་རྒྱུན་ང་ཚོའི་ལས་འགུལ་དང་གནད་དོན་མང་པོ་ཞིག་མང་ཚོགས་ལ་ར་མ་འཕྲོད་པའི་ཕམ་ཉེས་འབྱུང་གི་ཡོད་པ་བཞིན། ལོ་རྗེས་མར་དེ་ལྟར་ཕམ་ཉེས་ྭའབྱུང་བའི་ཉེན་ཁ་ཏན་ཏན་ཡོད་པར་མཐོང་ནས་རང་ངོས་ནས་ལས་འགུལ་ཞིག་སྤེལ་བའི་མགོ་བཙུགས་པ་ཡིན། ལས་འགུལ་དེ་ནི་རང་གི་ངོ་ཤེས་དང༌། ངོ་ཤེས་ཀྱི་ངོ་ཤེས་བརྒྱུད་ནས་ལོ་རྗེས་མའི་བཀའ་ཁྲིའི་འོས་བསྡུ་ཆེན་མོའི་ཤ་ཆས་ངེས་པར་ལེན་དགོས་པའི་གལ་ཆེའི་གནད་དོན་ངོ་སྤྲོད་བྱས་དང་བྱེད་རྒྱུ་དེ་ཡིན། ངའི་བསམ་པར། ད་ནི་ང་ཚོ་མི་རེ་ངོ་རེ་ནས་མང་ཚོགས་ལ་ཐད་ཀར་བཀའ་ཁྲིའི་འོས་བསྡུ་དེའི་གལ་ཆེའི་རང་བཞིན་ངོ་འཕྲོད་པར་བྱས་ནས་འོས་བསྡུའི་ཆ་ཤས་མཐའ་གཅིག་ཏུ་ལེན་པར་རྩོད་ལེན་བྱེད་དགོས་པ་དང༌། ང་ཚོ་ལོ་རྗེས་མའི་འོས་བསྡུ་ཆེན་མོ་ལས་ངེས་པར་རྒྱལ་བའི་རྩོད་ལེན་ཡང་བྱེད་དགོས་པར་འདོད།

ང་ཚོ་མི་རེ་ངོ་རེ་ནས་འགན་ཞིག་བླངས་པ་ཡིན་ན། བཀའ་ཁྲིའི་འོས་བསྡུ་ལས་རྒྱལ་ཁ་ཏན་ཏན་འཐོབ་པའི་རེ་བ་འདུག ཟླ་བ་གཅིག་ཅུང་ཙམ་མ་འགོར་བའི་ཉིན་ཞགས་ཀྱི་ནང་ལ་ངས་རྩོད་ལེན་ལས་བཀའ་ཁྲིའི་འོས་བསྡུའི་ཆ་ཤས་ལེན་མཁན་གྱི་མི་མང་པོ་རྙེད་སོང༌། མང་ཚོགས་ལ་གནས་ཚུལ་ཞིག་ངོ་འཕྲོད་སོང་ན་འགྱུར་བ་དེ་ཙམ་མི་འདུག་ན།  ཁྱེད་ཅག་གིས་ཀྱང་ངོ་ཤེས་དང་ངོ་ཤེས་བརྒྱུད་ནས་བཀའ་ཁྲིའི་འོས་བསྡུ་ཆེན་མོའི་གལ་ཆེའི་གནད་དོན་ར་སྤྲོད་བྱེད་པར་བསྐུལ་མ་བྱེད་ཀི་ཡོད། བསམ་ཚུལ་འདི་ནི་བཀའ་ཁྲིའི་འོས་བསྡུའི་ཐད་ཤེས་རྟོགས་ཡོད་པའི་དཔྱོད་ལྡན་རྣམ་ལ་ཐད་ཀར་ཕུལ་བ་ཡིན།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༣ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

མཆན། 3

  1. kunsal says:
    ལོ་ 16 སྔོན།

    དེ དེ བཞིན ནོ།

    Reply
  2. མིག་དམར་ཚེ་རིང་ says:
    ལོ་ 16 སྔོན།

    ཁྱེད་ཀྱིས་གསུངས་པ་དེ་དངོས་བདེན་ཡིན་མིན་མི་ཤེས། འོན་ཀྱང་བཙན་བྱོལ་བོད་མི་རང་ལོ་18ཡན་བོད་མིའི་རྒྱལ་དོན་མ་དངུལ་མ་ཕུལ་མཁན་གྱིས་བརྒྱ་ཆ་གང་ཙམ་ཞིག་ཟིན་ཡོད་སྟབས་དེ་རྣམས་ཀྱིས་འཆར་ལོའི་བཀའ་ཁྲིའི་འོས་བསྡུའི་ཆ་ཤས་ལེན་ཐབས་བྲལ་ཡོད་། མ་ཟད་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་མི་རྣམས་རང་ཉིད་ཀྱི་འཚོ་བའི་ཐད་དེ་ཙམ་དཀའ་ངལ་མེད་རྐྱེན་རྒྱལ་གཅེས་ཅན་ཁག་ཅིག་ལས་མང་ཆེ་བ་ཞིག་གིས་བཙན་འབྱོལ་གཞུང་ལ་རེ་དགོས་མེད་བསམ་ཏེ་རང་ཉིད་ཡོང་ཁུངས་དང་བཙན་བྱོལ་གཞུང་གི་བཀའ་དྲིན་མ་བསམ་པར་རྒྱལ་དོན་མ་དངུལ་མ་ཕུལ་མཁན་མང་པོ་ཡོད་པས་དེ་རྣམས་ཀྱི་འོས་བསྡུའི་ཆ་ཤས་ལེན་ཐབས་མེད་། དེར་རྟེན་ཚོགས་པ་སྒྲིགས་འཛུག་ཁག་ནས་ཐོག་མར་དཀའ་ངལ་དེ་ནས་འགྲོལ་ཐབས་བྱ་དགོས།

    Reply
  3. རྭ་ལོ། says:
    ལོ་ 16 སྔོན།

    ང་ལ་ཐབས་ཤེས་ཡག་པོ་ཞིག་ཡོད། ཁོ་ཚོར་འདི་ལྟར་བཤད་དགོས་པ་རེད།

    གལ་སྲིད་ལོ་རྗེས་མའི་བཀའ་ཁྲི་དེ་སྤེན་པ་ཚེ་རིང་ལ་ཐོབ་པ་ཡིན་ན་ཧིན་སྒོར་བྱེ་བ་གཉིས་ང་ཚོར་ཐོབ་གི་རེད།

    གལ་སྲིད་བཀའ་ཁྲི་དེ་བློ་བཟང་སེང་གེ་ལ་ཐོབ་པ་ཡིན་ན་ང་ཚོར་ཨ་སྒོར་ས་ཡ་ ༡༠༠ ཐོབ་གི་རེད།

    གལ་སྲིད་བཀའ་ཁྲི་དེ་བཀྲས་མཐོང་བསྟན་འཛིན་ལ་ཐོབ་པ་ཡིན་ན་ང་ཚོར་ཡུ་སྒོར་ས་ཡ་ ༨༠ ཐོབ་གི་རེད་ཅེས་སྒོར་མོའི་ཁ་གྲངས་དང་འབྲེལ་ནས་བཤད་པ་ཡིན་ན་ཁོ་ཚོས་འོས་འཕེན་གྱི་ནང་ལ་ཆ་ཤས་ལེན་གི་རེད། ཁོང་ཚོས་ཆབ་སྲིད་ཀྱང་ཤེས་གི་རེད། དཔལ་འབྱོར་ཡང་ཤེས་གི་རེད། རིག་གཞུང་ཡང་ཤེས་གི་རེད།

    རྒྱ་བལ་འབྲུག་གསུམ་གྱི་བོད་མི་ཆེ་ཆུང་རྒན་གཞོན་ཚང་མས་བཀའ་ཁྲིའི་འོས་བསྡུའི་སྐོར་འུར་རུ་རུ་གླེང་གི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese