མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྨ་ཆུ་རྫོང་དུ་ཡར་ལངས་བྱས་པ།

བོད་ཀྱི་དུས་བབ།
༢༠༡༠/༠༣/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་དྲོ་མདོ་སྨད་རྨ་ཆུ་རྫོང་སློབ་འབྲིང་གི་སློབ་མ་ཚོས་སྣེ་ཁྲིད་དེ་མི་མང་མཉམ་རུབ་ཀྱིས་རྨ་ཆུ་རྫོང་ཐོག་ཏུ་ཞི་བའི་སྐད་འབོད་བྱས་ཡོད་འདུག

རྒྱ་གར་ལྷོ་ཕྱོགས་སྒོ་མང་གྲྭ་ཚང་བྱ་བྲལ་ཁང་ཚན་གྱི་མིང་བརྗོད་འདོད་མེད་པའི་དགེ་འདུན་པ་ཞིག་གིས་འདི་གར་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཁ་སང་གཟའ་ཉི་མའི་ཉིན་གྱི་ཕྱི་དྲོའི་དུས་ཚོད་ ༤ ཡས་མས་སུ་མདོ་སྨད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློ་མ་ ༡༥ ལྷག་གི་སྣེ་ཁྲིད་འོག་རྨ་ཆུ་རྫོང་ཐོག་ཏུ་ཡོད་པའི་མི་མང་བརྒྱ་ཕྲག་མང་པོ་མཉམ་འཛོམས་ཐོག་༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག  ང་ཚོ་ལ་རང་བཙན་དགོས། རྒྱ་མི་བོད་ནས་མཐར་སྐྲོད་བྱོས་ཞེས་འབོད་ཚིག་སྒྲོག་བཞིན་རྨ་ཆུ་རྫོང་ལ་བསྐོར་བ་བརྒྱབས་ཏེ་སྐད་འབོད་བྱས་འདུག རྗེས་སུ་དམག་མི་འབོར་ཆེན་སླེབས་ཏེ་འཛིན་བཟུང་བྱ་འཆར་བྱེད་སྐབས་མི་མང་ཡོངས་རྫོགས་རང་སར་བྲོས་མཐར་འཛིན་བཟུང་གི་གནས་ཚུལ་ཅི་ཡང་བྱུང་མེད་ནའང་། ཁ་སང་ཕྱི་དྲོ་ནས་བཟུང་དམག་མི་འབོར་ཆེན་སླེབས་འདུག་ཅེས་བརྗོད་བྱུང་ལ། ཡང་འབྲེལ་ཡོད་མི་སྣས་མུ་མཐུད་བརྗོད་དོན། ཐེངས་འདིའི་ངོ་རྒོལ་སྐད་འབོད་འདི་ནི་རྨ་ཆུ་རྫོང་སློབ་འབྲིང་གི་སློབ་མ་ཚོས་སྣེ་ཁྲིད་པ་ཞིག་ཡིན་འདུག་ལ།  དེ་ཡང་གཙོ་བོ་འདི་ལོ་གསུམ་བཅུའི་དུས་དྲན་ཐེངས་ ༥༡ པའི་ཡར་སྔོན་ནས་བཟུང་རྒྱ་གཞུང་གི་འབྲེལ་ཡོད་མི་སྣས་རྨ་ཆུ་རྫོང་སློབ་འབྲིང་ལ་དམ་དྲག་བྱས་ཏེ་སློབ་མ་གཅིག་ཀྱང་ཕྱིར་མ་བཏང་སྟབས། ཁ་སང་སློབ་མ་ཁག་ཅིག་ཕྱིར་ཤོར་རྗེས་སྣེ་ཁྲིད་ཡོད་འདུག  ད་ལྟའི་ཆར་རྒྱ་ནག་གིས་རྨ་ཆུ་རྫོང་ཁོངས་ཀྱི་བརྒྱུད་ལམ་ཡོངས་བཀག་འགོག་བྱས་ཏེ་དྲ་ལམ་དང་ཁ་པར་ཡོངས་བཀག་འགོག་བྱས་འདུག་ཅེས་བརྗོད་བྱུང། 

འདི་ལོའི་ཕྱི་ཟླ་ ༡  པོའི་ཚེས་ ༡༡ ཉིན་རྨ་ཆུ་རྫོང་བོད་སློབ་འབྲིང་གིས་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་རང་བཞིན་གྱི་ཚོགས་འདུ་བསྐོང་འཆར་བྱས་པར། རྒྱ་གཞུང་གིས་ཚོགས་འདུར་བཀག་འགོག་བྱས་ཡོད་པར་མ་ཟད། རྨ་ཆུ་རྫོང་སློབ་འབྲིང་དང་བོད་རིགས་སློབ་ཆུང་གཉིས་སྒོ་བརྒྱབ་དགོས་བྱུང་བ་དང་། དུས་དེ་ནས་བཟུང་རྒྱ་ནག་གིས་དམ་དྲག་དང་ལྟ་རྟོག་འོག་གནས་ཡོད་འདུག

གནས་ཚུལ་ཡོང་ཁུངས་གཞན་ཞིག་གིས་དེ་རིང་བོད་ནང་ཁ་པར་བརྒྱུད་ཤེས་པ་ལྟར་ན། རྨ་ཆུ་རྫོང་མི་རིགས་སློབ་འབྲིང་ནི་དེ་རིང་ཡང་དྲག་ཆས་ཉེན་རྟོག་པ་དང་དམག་མིས་བསྐོར་ཡོད་འདུག་ལ། རྫོང་ཐོག་ཏུའང་དམག་མི་དང་ཉེན་རྟོག་པས་དམ་དྲག་ཆེན་པོ་བྱེད་ཀྱིན་ཡོད་འདུག ཁ་སང་གི་ཡར་ལངས་དེ་ནི་ཉིན་གུང་དུས་ཚོད་ ༡༢ སྟེང་བྱུང་ཡོད་པ་དང་། སློབ་མ་ ༡༥ དེས་མགོ་ལ་མགོ་རིས་དཀར་པོ་དཀྲིས་ཤིང་། རྫོང་མི་དམངས་སྲིད་གཞུང་གི་མདུན་ནས་རྒྱ་ཡིག་དང་བོད་ཡིག་གི་ནང་དུ། མི་རིགས་འདྲ་མཉམ་དགོས། བོད་རང་བཙན་ཡིན། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག་ཅེས་འབོད་ཚིག་བྲིས་ཡོད་པ་དང་། སྐད་འབོད་ཀྱི་སྐབས་སུ་གཙོ་བོ་བོད་རང་བཙན་ཡིན་ཅེས་བསྒྲགས་ཡོད་འདུག སྐད་འབོད་ཀྱི་དུས་ཡུན་ནི་དུས་ཚོད་གཅིག་གི་རིང་ཡིན་པ་དང་། སྐབས་དེར་མེ་མདའ་འཛིན་མཁན་དྲག་ཆས་ཉེན་རྟོག་པ་དང་དམག་མིས་ཁོང་ཚོ་བསྐོར་བསྡད་པ་མ་གཏོགས། འཛིན་བཟུང་ཉེས་རྡུང་སོགས་བཏང་མེད་ལ། དེ་ནི་ཕལ་ཆེར་གོང་རིམ་གྱི་བཀའ་མ་སླེབ་བར་དུ་ལག་འགུལ་མི་ཆོག་པའི་རྐྱེན་གྱིས་མིན་ནམ་སྙམ་ཅེས་བོད་ནང་གི་འབྲེལ་ཡོད་མི་སྣས་བཤད་ཡོད་འདུག ད་དུང་གསལ་བཤད་ཞུ་རྒྱུ་ཞིག་ལ། ཐེངས་འདིར་སློབ་མ་ ༡༥ དེ་མ་གཏོགས། མི་དམངས་མཉམ་ཞུགས་བྱས་མེད་ལ། སྐད་འབོད་མགོ་བཙུགས་མ་ཐག་ཉེ་འཁོར་གྱི་བོད་དང་རྒྱ་མིའི་ཟ་ཁང་དང་ཚོང་ཁང་རྣམས་སྒོ་བརྒྱབ་ཡོད་འདུག་ལ། སློབ་མ་ཚོས་ཚོང་ཁང་དང་ཟ་ཁང་དེ་དག་གི་སྒོ་ཁར་ཁ་བཏགས་རེ་བཏགས་འདུག་ཟེར། མཐའ་མ་དེར་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་རྣམས་ཀྱིས་ཞུ་བ་བྱས་པ་ལྟར། སློབ་ཕྲུག་ཚོས་སྐད་འབོད་མཚམས་འཇོག་བྱས་ཡོད་ཚུལ་འདུག ཡིན་ཡང་། ད་ལྟའི་ཆར་སློབ་གྲྭ་ཡོངས་སུ་བསྐོར་ཡོད་ནའང་། སློབ་མ་ཚོར་འཛིན་བཟུང་དང་ཉེས་རྡུང་གི་གནས་ཚུལ་ཅི་བྱུང་ཤེས་ཡོད་མི་འདུག

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

ཆུ་ཚོད་ ༥ སྔོན་ལ།
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

ཆུ་ཚོད་ ༨ སྔོན་ལ།
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

ཆུ་ཚོད་ ༡༢ སྔོན་ལ།
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤
gulf-insider
Mobile App

རྒྱ་ནག་འཛམ་གླིང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་རེད་འདུག

༢༠༢༦/༠༥/༠༤
Mobile App

བོད་སློབ་གྲྭ་ཁག་ཏུ་ལུས་ཐོག་ཉེས་ཆད་གཏོང་རྒྱུ་ངེས་པར་དུ་མཚམས་འཇོག་གནང་དགོས།

༢༠༢༦/༠༥/༠༤

མཆན། 13

  1. འབྲོང་རྭ་ཆག says:
    ལོ་ 16 སྔོན།

    བློ་སྟོབས་ཆེ་བའི་སློབ་ཕྲུག་ཚོ་ང་ཚོའི་ནམ་ཡང་གུས་འདུད་དང་ཡིད་སྨོན་ཞུའོ།
    གཞིས་ལུས་རྒྱ་ཆེ་མི་དམངས་རྒྱལ་གྱུར་ཅིག བོད་གཞིས་བྱེས་མྱུར་དུ་ལྷན་འཛོམས་ཡོང་བར་ཤོག
    ང་ཚོ་ལ་རྒྱལ་ཁབ་མེད་ན་ཇི་འདྲའི་་་་་་་་་་་་་་

    Reply
  2. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    དངོས་གནས་ཡ་མཚན་རེད་་་་་ད་ཡང་རྒྱ་ནག་ལ་ལས་ཀ་བྱུང་སོང་བ་རེད་་་་་འབུ་འབུ་བསལ་བསལ་བྱས་ནས་འཛིན་རྒྱུ་རེད་ཡ

    Reply
  3. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    འདི་ལྟ་བུའི་ཡར་ལང་དང་ངོ་རྒོལ་སོགས་གང་ཞིག་བྱུང་བ་ཡིན་ན། གནས་ཚུལ་ངོ་སྤྲོད་དང་མཉམ་དུ་འདྲ་པར་ཁ་ཤས་བཞག་རྒྱུ་ཧ་ཅིང་གལ་ཆེ་སྙམ། དེ་ནི་དེང་སང་འཛམ་གླིང་སྤྱིའི་འགྲོ་སྟངས་ཞིག་ཡིན། གནས་ཚུལ་དང་མཉམ་དུ་འདྲ་པར་མེད་ན་དེ་འདྲའི་མཐོང་ཆེན་མེད། གསར་འགོད་པ་ཚོ་འདྲ་པར་ཁ་ཤས་ཐོག་ལ་བཞག་རོགས་ཞུ།

    Reply
  4. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ང་ཚོ་བོད་པའི་ལས་དབང་ལ་སྙིང་རྗེས་གཟིགས་དང་།་་་དཀོན་མཆོག་མཁྱེན།་་་་ལྷ་ཆོས་སྐྱོང་སྲུང་མ་ཡོད་དམ།

    Reply
  5. རྒྱ་རགས། says:
    ལོ་ 16 སྔོན།

    ཐུགས་རྗེ་ཆེ། གངས་ཅན་ཨ་མའི་ནུ་ཞོས་གསོས་པའི་བུ་རྒོད་ཟེར་ན་དེ་འདྲ་ཞིག་ཡིན་ལོས་དགོས། ཨ་མའི་བུ། ཨ་མའི་བུ་རྒོད་ཚོ།

    Reply
  6. གཡུ་སྒྲ། says:
    ལོ་ 16 སྔོན།

    རིགས་ཞེན་དང་ལ་རྒྱ་འདུག་བསམས་ནས་དགའ་ཚོར་བྱུང་། ད་ཁོང་ཚོས་མནར་གཅོད་མྱོང་གི་རེད་བསམས་ནས་སྐྱོ་བ་སྐྱེས། དེ་རིང་གི་མིག་ཆུ་འདི་ཚོར་བ་གང་འདྲ་ཞིག་ལས་བྱུང་བ་དངོས་གནས་བཤད་དཀའ་གི།

    Reply
  7. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    མི་རིགས་ཀྱི་་་ཞེས་བཅོས

    Reply
  8. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ཕ་ཡུལ་རྨ་ཆུའི་ངོ་སོ་ཡར་ལ་བསྟོད། རྨ་ཆུ་བ་་་་་་་་ཐུགས་རྗེ་ཆེ་་་་་་་མི་མཐུན་ནས་མདུན་སྤྱོད་བྱོས་དང་ཁྱོད་ཀྱི་སེམས་ཁུངས་སུ་རིག་གྱི་ལ་རྒྱ་ཡོད་ཕྱིར་་་་་་་ཁྱེད་ཀྱིས་མགོན་སྐྱབས་ལ་རིན་བྲལ་གྱི་༧་སྐྱབས་མགོན་ཡོད།
    རྒྱ་གཞུང་འདིའི་བྱེད་སྟངས་ངོ་མའི་དགོད་སྤྲོ་བོ་ཞིག་རེད
    མེ་གསོད་ཆེད་དུ་སྣུམ་བླུགས་གི་འདུག བློ་མ་ཕམ་རྒྱལ་ཞེན་པ་ཚོ་་་་་ནམ་ཞིག་ལྷན་འཛོམས་ཀྱི་དུས་བཟང་ཤར་ངེས་ཡིན།།
    གྲོགས་བློ་བཟང་ནས་བཤད་འདོད་པས་སྐད་ཆ་དུམ་བུ་ཞིག

    Reply
  9. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    བཙན་འོག་ནས་ནམ་ཡང་ཞི་བདེ་ཡོང་གི་མ་རེད། རྒྱ་གཞུང་གིས་ཅི་ཙམ་གྱིས་དྲག་གནོན་བྱས་ན་དེ་ཙམ་གྱིས་བོད་མིས་ངོ་རྒོལ་བྱེད་ཁོ་ཐག་རེད། གཞིས་ལུས་རྒྱ་ཆེ་མི་དམངས་རྒྱལ་གྱུར་ཅིག བོད་གཞིས་བྱེས་མྱུར་དུ་ལྷན་འཛོམས་ཡོང་བར་ཤོག

    Reply
  10. བྱང་ཆུབ། says:
    ལོ་ 16 སྔོན།

    ཁ་སང་སུམ་ཅུ་དུས་དྲན་ཡས་མས་སུ་བོད་ཀྱི་ས་ཁུལ་ཁག་དང་། དེ་བཞིན་རྒྱ་ནག་ཁྲོན་ཏུ་སོགས་སུ་བོད་རིགས་ཡིན་ནས་བཟུང་དྲི་བ་དང་ཞིབ་གཤེར་དངོས་སུ་བྱས་འདུག

    Reply
  11. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    གནས་སྐབས་རིང་བྲོས་མཐར་བ་ཡག་པོ་རེད།ཡིན་ནའང་རྒྱ་སྤྲང་དེ་ཚོས་མཐར་བ་གཏང་ཨེ་ཡོང་།ལ་རྒྱ་ཆེ་བའི་སློབ་ཕྲུག་དེ་ཚོ་ལ་གུས་ཞབས་དང་བཀའ་དྲིན་ཆེའོ་ཞུ་རྒྱུ་ལས་ྱེད་ཐབས་མི་འདུག།

    Reply
  12. སྙིང་རྩིད་ཅན། says:
    ལོ་ 16 སྔོན།

    ཁ་བའི་འོག་གི་མེ་ལྕེ་དང་ས་ནག་འོག་གི་ཆུ་མིག་བཞིན་མར་མནན་ན་ཡར་འབུར་ཡོང་ག

    Reply
  13. འཇམ་མགོན། says:
    ལོ་ 16 སྔོན།

    དངོས་གནས་ཐབས་ལམ་ཅན་རིག་རྒོད་ཅན། འདུན་པ་ཅན། བློ་ཁོག་ཅན་རེད། ནམ་ཡང་གུས་དུད་ཡིད་སྨོན་ཤོར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese