མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ན་ནིང་བོར་བརླགས་སོང་བའི་རྭ་རྒྱའི་གྲྭ་པ་གཉིས་གློད་གྲོལ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༠༥
Share on FacebookShare on TwitterShare on EmailShare on Whatsapp
ལོ་སྔོན་མར་མགོ་ལོག་རྭ་རྒྱ་ཁུལ་དུ་ཞི་བའི་ངོ་རྒོལ་སྐབས་འཛིན་བཟུང་བྱས་པའི་གྲྭ་འོད་ཟེར་བཟང་བོ་དང་ངག་དབང་བཟང་བོ་གཉིས་ཉེ་ཆར་དར་ལག་རྫོང་ནས་གློད་གྲོལ་བཏང་ཡོད་འདུག
ཕྱི་ཚེས་༥ཉིན་འདི་གའི་གསར་འགོད་པར་འབྲེལ་ཡོད་མི་སྣ་ཞིག་གིས་ཁུངས་ལྡན་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ལོ་སྔོན་མར་མགོ་ལོག་རྭ་རྒྱ་ཁུལ་དུ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་སྐབས་འཛིན་བཟུང་བྱས་ཏེ། ད་བར་གར་སོང་ཆ་མེད་དུ་གྱུར་བའི་རྭ་རྒྱ་དགོན་དུས་འཁོར་གྲྭ་ཚང་གི་གྲྭ་འོད་ཟེར་བཟང་བོ་དང་ངག་དབང་བཟང་བོ་གཉིས་ཕྱི་ཚེས་ ༣ ཉིན་མགོ་ལོག་དར་ལག་རྫོང་ནས་གློད་གྲོལ་བཏང་ཡོད་འདུག་ལ། ཁོང་གཉིས་གློད་གྲོལ་བཏང་བའི་ཉིན་དེར་མགོ་ལོག་ཁུལ་དང་རྭ་རྒྱ་དགོན་གྲོང་གི་ཉེ་འདབས་སུ་ཡོད་པའི་བོད་མི་སྟོང་ཕྲག་འགས་རླངས་འཁོར་དང་འཕྲུལ་རྟ་ཞོན་ནས་སོང་སྟེ། དགའ་བསུའི་སྣེ་ལེན་བྱས་ཡོད་པར་མ་ཟད། ནམ་རྒྱུན་དར་ལག་རྫོང་ནས་རྭ་རྒྱ་དགོན་པར་འགྲོ་རྒྱུར་མགོ་ལོག་ཁུལ་གྱི་སྲང་མགོ་བརྒྱུད་དེ་འགྲོ་སྐྱོད་བྱེད་སའི་ལམ་བུ་ཡོད་ཀྱང་།ཉིན་དེར་མི་མང་གིས་ཁོང་གཉིས་ལ་དགའ་བསུ་སྣེ་ལེན་དང་དར་ལག་རྫོང་དང་མགོ་ལོག་ཁུལ་ཡོངས་རྫོགས་སུ་སྐོར་སྐྱོད་བྱས་ཏེ། མཐར་རྭ་རྒྱ་མགོན་དུ་བསྐྱལ་ཡོད་འདུག་ལ། ལམ་བར་དུ་མི་མང་གིས་ཁོང་གཉིས་ལ་ཁ་བཏགས་འཐེན་པ་དང་ལྷ་རྒྱལ་འཐེན་པ། རླུང་རྟ་གཏོར་བ་སོགས་དགའ་སྤྲོའི་རྣམ་པ་ཤུགས་ཆེར་བསྟན་ཡོད་འདུག
མི་མང་གིས་ཁོང་རྣམ་གཉིས་ལ་དགའ་བསུའི་སྣེ་ལེན་བྱེད་དོན་ནི་ཁོང་གཉིས་གློད་གྲོལ་མ་བཏང་བའི་བདུན་ཕྲག་གཅིག་ཙམ་གྱི་གོང་ནས་ས་གནས་སྲིད་གཞུང་གིས་བརྡ་ཁྱབ་བཏང་སྟེ། ཕྱི་ཚེས་༣ཉིན་ཁོང་གཉིས་གློད་གྲོལ་གཏོང་རྒྱུ་ཡིན་སྐོར་བསྒྲགས་པར་བརྟེན་ནས་བྱུང་འདུག་ཀྱང་། ཉིན་དེར་མི་མང་གིས་དགའ་བསུའི་སྣེ་ལེན་བྱས་པར་བཀག་འགོག་གང་ཡང་བྱས་ཡོད་མི་འདུག
འབྲེལ་ཡོད་མི་སྣ་དེས་ད་དུང་། བདུན་ཕྲག་གཅིག་ཙམ་གྱི་གོང་དུ་ས་གནས་སྲིད་གཞུང་གིས་ཁོང་གཉིས་དར་ལག་རྫོང་དུ་བཀག་ཉར་བྱས་ཡོད་པ་དང་། ཕྱི་ཚེས་ ༣ ཉིན་གློད་གྲོལ་གཏོང་རྒྱུ་ཡིན་སྐོར་བསྒྲགས་པར་བརྟེན། ད་བཟོད་ཁོང་གི་ནང་མི་གཉེན་ཚན་དང་། དགོན་གྲོང་གི་འབྲེལ་ཡོད་མི་སྣ་ཚོས་ཁོང་གཉིས་དར་ལག་རྫོང་དུ་བཀག་ཉར་བྱས་ཡོད་པ་ཤེས་རྟོགས་བྱུང་བ་ཙམ་ལས། ལོ་སྔོན་མར་འཛིན་བཟུང་བྱས་ནས་ད་བར་གང་དུ་བཀག་ཉར་བྱས་ཡོད་མེད་ཤེས་རྟོགས་བྱུང་མེད་སྐོར་གསུངས་ཡོད།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༤ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༢༡ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༢༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢༢ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༢༣ སྔོན་ལ།

མཆན། 12

  1. དུས་ཀྱི་དགོས་མཁོ། says:
    ལོ་ 15 སྔོན།

    ༄། ། སློབ་པའི་ཡོན་ཚད་yahoo chat room དང་།
    youtube རྣམས་ལས་མཐོང་བས་ཡིད་རེད་སྐྱོ།།
    mobile mp3 བུ་མོ་གསུམ།།
    ལ་རྒྱ་ལས་ཀྱང་རིན་ཐང་ཆེ་བར་སྒོམ།།
    འདི་ནི་བཙན་བྱོལ་ཁྲོད་ཀྱི་ན་གཞོན་ཡིན།།

    གངས་རིའི་ལྗོངས་ན་དམར་པོ་ཁྲག་གི་རྒྱུན།།
    སྤུན་ཟླའི་ཆེད་དུ་འཕང་མེད་ཆུ་བཞིན་ལྷོད།།
    བཙན་བྱོལ་བ་རྣམས་ཕྱི་རྒྱལ་གཡོག་པོར་བྲེལ།།
    ལ་རྒྱ་དེ་ནི་དུས་དྲན་སྲུང་བརྩི་ཙམ།།
    འདི་ནི་བཙན་བྱོལ་བོད་མིའི་ངང་ཚུལ་ཞིག།

    Reply
  2. མགོ་རུལ། says:
    ལོ་ 15 སྔོན།

    དེ་དུས་ཕྱི་རྒྱལ་ཁེ་ལས་སྡེ་ཚན་དག་གིས་གངས་ཅན་ས་ཡི་ཐིག་ལེའི་འཛད་མེད་གཏེར་ཁ་སྔོགས་པའི་ཕྱིར། །
    བོད་གཞུང་ཚོང་དོན་ལས་ཁུངས་མཉམ་དུ་ཆིངས་ཡིག་གྲངས་མང་འཇོག་པར་སྔ་ཕྱི་རྩོད་པའི་འཁོར་ལོ་བསྐོར། །

    Reply
  3. མགོ་རུལ། says:
    ལོ་ 15 སྔོན།

    རྒྱ་གར་བལ་ཡུལ་འབྲུག་པ་སོགས་ཀྱིས་སྔོན་ཆད་དམར་པོའི་གཞུང་གི་གདུག་རྩུབ་བཀའ་རྒྱར་རབ་སྐྲག་ནས། །
    བོད་པ་སྐྱབས་བཅོལ་བ་ཚོར་མཐོང་ཆུང་དྲག་གནོན་བཙོན་འཇུག་བྱས་པར་དགོངས་དག་ཐུགས་བདེན་ཉིན་བཞིན་ཞུ། །

    Reply
  4. མགོ་རུལ། says:
    ལོ་ 15 སྔོན།

    བོད་རྒྱའི་ས་མཚམས་མཚོན་པའི་རྟགས་སུ་མཆོད་རྟེན་ཁྲི་འབུམ་གསར་བཞེངས་མཛད་པའི་ངོ་མཚར་ཡོ་ལང་གིས། །
    ཕྱི་གླིང་གསར་འགྱུར་མི་སྣ་ཁྲི་སྟོང་བརྙན་འཕྲིན་པར་ཆས་བཟུང་སྟེ་གླིང་ལྔ་མཚོ་ཆེན་བཞི་ནས་བསླེབས། །

    Reply
  5. མགོ་རུལ། says:
    ལོ་ 15 སྔོན།

    རྒྱ་རིགས་སུ་ཞིག་བོད་ལ་ཡོང་དུས་ཟི་ལིང་ཁྲིན་ཏུ་པེ་ཅིན་སོགས་ཀྱི་བོད་པའི་གཞུང་ཚབ་པའི། །
    ཆོག་མཆན་ཞུས་ན་མ་གཏོགས་གངས་ཅན་ས་ཡི་ཐིག་ལེར་གོམ་པ་གཅིག་ཀྱང་འདོར་བའི་དབང་ཆ་མེད། །

    Reply
  6. མགོ་རུལ། says:
    ལོ་ 15 སྔོན།

    ཕོ་ཏ་ལ་ཡི་རྩེ་མོའི་གངས་སེང་དར་ཆའི་གཟི་འོད་སྣུམ་པོས་ཆོལ་ཁ་གསུམ་པོ་ཁྱབ་པའི་དུས། །
    སྦྲགས་ཁང་ཚོང་ཁང་མགྲོན་ཁང་ལས་ཁུངས་ལས་ཀའི་ལྟེ་གནས་མ་ལུས་གསེར་གྱི་ཀ་ཁ་སུམ་ཅུས་ཁྱབ།

    Reply
  7. མགོ་རུལ། says:
    ལོ་ 15 སྔོན།

    གོང་ས་མཆོག་གི་ཞབས་པད་མེ་ཏོག་རི་བོ་རྩེ་ལྔ་ལ་སོགས་རྒྱ་ཡི་ཞིང་སར་བཞད་པའི་དུས། །
    འཇམ་པའི་དབྱངས་དང་ས་སྙིང་ལ་སོགས་རྒྱ་ལྷ་དག་ཀྱང་སྤྱན་རས་གཟིགས་ཀྱི་རྩམ་པའི་ཐུགས་སྤྲོར་ཕེབས། །

    Reply
  8. མགོ་རུལ། says:
    ལོ་ 15 སྔོན།

    ལྕགས་ཀྱི་འཇོར་དང་ཐོ་བ་སྟ་གྲི་དཔའ་དམ་བཟུང་བའི་སྙིང་སྟོབས་ཅན་གྱི་གངས་ཅན་བུ་རྒོད་ཚོས། །
    ལྕགས་རི་རིང་བོ་རྨངས་ནས་བཤིགས་པའི་རྡུལ་འཚུབ་ཨེ་ཤི་ཡ་ཡི་གླིང་ཆེན་ཧྲིལ་བོའི་ནམ་མཁར་འཐིབས། །

    Reply
  9. མགོ་རུལ། says:
    ལོ་ 15 སྔོན།

    གངས་སེང་དར་ཆ་གངས་རིའི་རྩེ་ནས་རྒྱལ་ཁའི་རླུང་གིས་གཡོ་བའི་ཟིལ་ཤུགས་མཐོང་བའི་ཧུའུ་ཅིན་ཐོས། །
    སྐྱག་གཅིན་འདོར་དུས་ལུས་པོ་འདར་ནས་རྒྱ་ལྭ་དེ་ཡང་མི་གཙང་དྲི་མས་ཡོངས་སུ་བསྒོས་པར་ལྟོས། །

    Reply
  10. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    ༄༅།། རྭ་རྒྱ་དགོན་གྱི་གྲྭ་འོད་ཟེར་བཟང་བོ་དང་ངག་དབང་བཟང་བོ་གཉིས་ཉེ་ཆར་གློད་གྲོལ་བཏང་བ་བཀྲིས་བདེ་ལེགས་ཞུ།
    གཞེས་བཞུགས་བོད་མི་ཚོའི་སྙིང་སྟོབས་དང་གཅིག་བསྒྲིལ་ལ་བསྔགས་བརྗོད་དང་མིག་དཔེ་ལེན་རྒྱུ་གལ་ཆེན་པོ་རེད
    དེ་མིན་ཟུར་ཟ་དང་ཕྱོགས་འཐེན་བྱས་ཏེ་ཉི་མ་འཁྱོལ་ཐབ་འདིའི་ངི་གནོང་དགོས་པ་ཞིག་མ་རེད་དམ

    Reply
  11. མགོ་རུལ། says:
    ལོ་ 15 སྔོན།

    ཁ་བའི་བུ་རྒོད་གང་ཞིག་དམར་པོའི་བཙོན་ནས་ཐར་དུས་རེ་རེར་གངས་ཅན་པ་ཚོའི་ངར་སྐད་ཀྱིས། །
    གནམ་བདེའི་སྒོ་མོ་ཡོམ་ཡོམ་བསྒུལ་ཏེ་མའོ་ཡི་འདྲ་པར་དེ་ཡང་ཐང་ལ་ལྷུང་ནས་སིལ་བུར་འཐོར། །

    Reply
  12. མགོ་རུལ། says:
    ལོ་ 15 སྔོན།

    དཔའ་བོའི་དཔུང་བ་ཁྲག་གིས་བརྫིས་དུས་རྨ་རྒྱལ་ལྷུན་པོའི་དབུ་ལ་མྱ་ངན་ཁ་བའི་འདབ་མ་དཀར་པོ་བབས། །
    དཔའ་མོའི་ལང་ཚོའི་འདབ་ལག་འཐོར་དུས་རྨ་ཀླུང་སྔོན་མོའི་གདོང་ལ་སྐྱོ་བའི་མཆི་མའི་རླབས་རིས་རྒོད། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese